དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་ལྗོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན། ཕུལ་བྱུང་ཏང་དོན་ལས་དོན་པ་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཏང་གི་ཚོགས་ཆེན་བཅུ་བདུན་པ་འཚོགས་ཚུན་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་གུང་ཁྲན་ཏང་ཡོན། ཏང་དོན་ལས་དོན་པ་བཅས་ཀྱིས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་ནན་ཏན་བྱེད་པ་དང་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛུབ་ཁྲིད་བསམ་བློ་གཡོ་འགུལ་མི་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་མཐུན་སྦྱོར་ཡོང་རྒྱུར་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ། གཞི་རིམ་རྩ་འཛུགས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་འགན་འཁྲི་ཏན་ཏིག་བསྒྲུབས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པའི་རླབས་ཆེན་གྱི་འཐབ་ལམ་ཁྲོད་དམ་པ་དོན་གཉེར་དང་གསར་འབྱེད་གསར་གཏོད་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་པས་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན། ཕུལ་བྱུང་ཏང་དོན་ལས་དོན་པ་བཅས་འབོར་ཆེན་ཞིག་ཐོན་ཡོད། སྔོན་ཐོན་ལ་གཟེངས་བསྟོད་བྱེད་པ་དང་། དཔེ་མཚོན་འཛུགས་པ། སྤྱོད་བཟང་དར་སྤེལ་གཏོང་བ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་གུང་ཁྲན་ཏང་ཡོན། ཏང་དོན་ལས་དོན་པ་བཅས་ཀྱིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་ལག་ལེན་དངོས་ནང་སྔོན་གཏོད་ལེགས་བརྩོན་དང་བྱས་རྗེས་འཇོག་རྒྱུར་ལྕག་སྐུལ་བྱ་ཆེད་ལྗོངས་ཏང་ཨུད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བཪྙེས་ནས་ལོ་90འཁོར་བར་རྟེན་འབྲེལ་ཞུ་བའི་དུས་སུ་ད་ཕན་ལོ་ཤས་རིང་ལས་དོན་ལ་ཕུལ་བྱུང་གྲུབ་འབྲས་ཐོབ་པའི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་ཏང་ཨུད་སོགས་གཞི་རིམ་ཏང་རྩ་འཛུགས་102དང་། ཨ་ནུའུ་སོགས་གུང་ཁྲན་ཏང་ཡོན་52 ཧྲེང་ཙུང་ཀྲེ་སོགས་ཏང་དོན་ལས་དོན་པ་51ལ་གཟེངས་བསྟོད་བྱ་རྒྱུ་དང “ལྗོངས་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས ”དང “ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན ”“ལྗོངས་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པ ”བཅས་ཀྱི་གཟི་བརྗིད་མཚན་སྙན་སོ་སོར་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།

        ད་རེས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་དང་ཕུལ་བྱུང་གུང་ཁྲན་ཏང་ཡོན། ཕུལ་བྱུང་ཏང་དོན་ལས་དོན་པས་རང་ཉིད་ཀྱི་དཔེ་བཟང་བྱ་སྤྱོད་ཐོག་ནས་ཏང་གི་སྔོན་ཐོན་རང་བཞིན་མངོན་པ་དང་གུང་ཁྲན་ཏང་མིའི་བླ་ན་མེད་པའི་གཤིས་རྒྱུད་མངོན་ཡོད་པར་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད། ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་གུང་ཁྲན་ཏང་ཡོན་དང་ཏང་དོན་ལས་དོན་པས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་བློ་མཐུན་ལ་སློབ་སྦྱོང་བྱས་ཏེ་ཁོང་ཚོས་ཕུགས་བསམ་དད་སེམས་མཐའ་འཁྱོངས་དང་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དཔེ་བཟང་སྒོ་ནས་ལག་ལེན་བསྟར་བར་སློབ་སྦྱོང་བྱས་ཏེ་མཐའ་འཁྱོངས་ཀྱིས་ཏང་གི་སྲིད་སྐྱོང་ནུས་པའི་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཐོག་འགོ་ཁྲིད་ཀྱི་སྲོག་ཤིང་གི་ནུས་པ་དང་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁོང་ཚོས་ཏང་གི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་དང་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་མི་དམངས་དང་སེམས་པ་གཅིག་ཏུ་སྦྲེལ་ནས “བོད་སྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སློབ་སྦྱོང་བྱས་ཏེ་དཀའ་ངལ་འཕྲད་བཞིན་དུ་མདུན་དུ་བསྐྱོད་པ་དང་ལེགས་སྐྱེས་འབུལ་བ་དང་བློ་གཅིག་སེམས་གཅིག་གིས་མི་དམངས་མང་ཚོགས་ཚོར་ཁེ་ཕན་བསྒྲུབས་ནས་སྔོན་ཐོན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཁོང་ཚོས་ཏང་གི་བྱ་གཞག་གཙོ་བོར་འཇོག་རྒྱུ་མཐའ་འཁྱོངས་དང་ཐོག་མཐའ་བར་གསུམ་དུ་ཏང་དང་བློ་སེམས་གཅིག་མཐུན་ཡོང་བར་བྱེད་པ། ལས་གཅེས་ལས་བཀུར་དང་། ངལ་འཁང་གཉིས་བཟོད། གསར་གཏོད་གསར་འབྱེད་བཅས་བྱས་ཐོག་བློ་གཅིག་སེམས་གཅིག་གིས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་ཐབས་བརྒྱ་ཇུས་སྟོང་གིས་རྩེ་གྲ་གཏོད་དེ་བྱ་སྤྱོད་ངོ་མའི་ཐོག་ནས་སྔོན་ཐོན་རང་བཞིན་ལག་ལེན་དང་། སྔོན་ཐོན་རང་བཞིན་རྒྱུན་འཁྱོངས། སྔོན་ཐོན་རང་བཞིན་འཕེལ་རྒྱས་བཅས་བྱས་པར་སློབ་སྦྱོང་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།

        མིག་སྔར་རང་ལྗོངས་འདི་ཉིད་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད། ལྗོངས་ཏང་ཨུད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་ཕུལ་བྱུང་བློ་མཐུན་ཚོས་མཚན་སྙན་ལ་གཅེས་སྤྲས་དང་། ང་རྒྱལ་འཚབ་འཚུབ་སྤོང་བ། ཡང་འབད་བསྐྱར་འབད་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་བྱ་གཞག་གསར་པ་གཏོད་པ་དང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་། རྒྱ་ཆེའི་གུང་ཁྲན་ཏང་ཡོན། ཏང་དོན་ལས་དོན་པ་བཅས་ཀྱིས་སྔོན་ཐོན་མིག་དཔེར་བྱས་ཏེ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་གོང་འཕེལ་དང་། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཡུན་རིང་བདེ་འཁོད་བཅས་བརྗོད་བྱ་གཙོ་བོར་འཛིན་པ་དང “ཐོན་ལས་དང་པོ་ཆུ་ཚད་དུ་སླེབས་པ་བྱེད་པ་དང་། ཐོན་ལས་གཉིས་པའི་གཙོ་གནད་དམ་འཛིན་བྱེད་པ། ཐོན་ལས་གསུམ་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ ”བཅས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་ཏན་ཏན་ཏིག་ཏིག་ངང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། ཏན་ཏན་ཏིག་ཏིག་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། ཏན་ཏན་ཏིག་ཏིག་ངང་སྤྱི་ཚོགས་མཐུན་སྦྱོར་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། ཏན་ཏན་ཏིག་ཏིག་ངང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་གི་དམིགས་ཚད་ལས་འགན་ཁག་མངོན་འགྱུར་དང་མཐུན་སྒྲིལ་དང་། དམངས་གཙོ། འབྱོར་ཕྱུག ཤེས་དཔལ། མཐུན་སྦྱོར་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུའི་རེ་བ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།