དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རྟགས་མའི་སྐོར་གྱི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ 60 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རྟགས་མ་དེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ 60 འཁོར་བའི་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གིས་ཞིབ་བཤེར་གཏན་འབེབས་བྱས་ཤིང་། ད་ཆ་དབང་ཆ་སྤྲད་པ་བཞིན་སྤྱི་བསྒྲགས་སྤེལ་བ་གཤམ་གསལ།

        གཅིག རྟགས་མའི་རི་མོ་དང་དེའི་གསལ་བཤད།

        གསལ་བཤད། རྟགས་མའི་བཟོ་དབྱིབས་སྒོར་མོའི་ཐོག་ནས་མཐུན་སྦྱོར་དང་འཆམ་མཐུན་མངོན་གྱི་ཡོད་ཅིང་། རྟགས་མའི་རི་མོ་དེ་བརྗིད་ཉམས་ལྡན་པའི “སྐར་ལྔ ”དང་། བཀྲ་ཤིས་མཚོན་བྱེད་ཀྱི “ཁ་བཏགས ” བདེ་སྐྱིད་མཚོན་པའི “སྤྲིན་བཟང ” ས་ཁོངས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི “ཕོ་བྲང་པོ་ཏ་ལ ”བཅས་ཀྱིས་གྲུབ་ཆ་གཙོ་བོ་བྱས་ནས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་དེ་མཐུན་སྒྲིལ་དང་། བདེ་སྐྱིད། མཐུན་སྦྱོར། མཛེས་སྡུག་བཅས་ལྡན་པའི་ནང་དོན་མངོན་ཡོད། རྟགས་མའི་རི་མོའི་སྟེང་དུ་གསེར་འོད་ཆེམ་ཆེམ་འཕྲོ་བའི “སྐར་ལྔ ”དེ་བོད་ཀྱི་སྔོ་བསངས་ནམ་མཁའི་སྟེང་དུ་འོད་མདངས་འཕྲོ་བ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་དུ་གཞི་ནས་ཞི་བས་བཅིངས་འགྲོལ་ཐོབ་པ་དང་བོད་མི་དམངས་ལ་གཞི་ནས་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་རང་ཐག་རང་གཅོད་བྱེད་ཐུབ་ལུགས་མངོན་ཡོད། རི་མོའི་དབུས་སུ་ལྡིང་བཞིན་པའི “ཁ་བཏགས ”དེ་སྒྱུ་རྩལ་ལ་བརྟེན་ནས་ལོ “60 ”མཚོན་པ་བྱས་པ་དེ་ཐོག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60 འཁོར་བའི་བརྗོད་བྱ་གཙོ་བོ་གསལ་སྟོན་བྱས་པ་དང་། ལྡིང་བཞིན་པའི “ཁ་བཏགས ”དེ་ཐོག་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ལྡན་ལ་ཕུན་སུམ་ཚོགས་པའི་འཚོ་བ་ཇི་མ་ཇི་བཞིན་མངོན་པ་བྱས་ཡོད་། “དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ ”དེ་ཐོག་ནས་ཡར་ངོའི་ཟླ་ལྟར་གོང་དུ་འཕེལ་བའི་གངས་ལྗོངས་ས་མཐོ་དེ་ཏང་ཀྲུང་དབྱང་གི་མཛའ་བརྩེའི་ཐུགས་འཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་འཇུངས་པ་མེད་པའི་རོགས་སྐྱོར་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་ཚན་རིག་དང་མཐུན་པའི་ངང་གོང་འཕེལ་གཏོང་བ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཛེས་སྡུག་ལྡན་པའི་ཇུས་ཆེན་བཀོད་བཞིན་ཡོད་པ་མངོན་ཡོད། “ཕོ་བྲང་པོ་ཏ་ལའི ”སྟེང་དུ “སྤྲིན་བཟང ”གིས “ཁ་བཏགས ”དམར་པོ་བཏེགས་ནས་གསེར་འོད་ཆེམ་ཆེམ་འཕྲོ་བའི “སྐར་ལྔའི་དར་དམར ”ལ་ཕུལ་བ་དེ་ཐོག་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་ཚད་མེད་བྱེད་པ་དང་རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་ཚོར་ལུགས་མངོན་ཡོད།

        གཉིས། རྟགས་མ་སྤྱོད་པ་དང་དོ་དམ་བྱེད་པའི་གཏན་འབེབས།

        རྒྱལ་སྲིད་སྤྱི་ཁྱབ་ཁང་གི 《དམིགས་བསལ་མཚོན་རྟགས་དོ་དམ་སྲོལ་ཡིག 》ནང་གི་བླང་བྱ་ལྟར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རྟགས་མ་དོ་དམ་དང་སྤྱོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རྟགས་མ་སྤྱོད་མཁན་ཚན་པའི་ཁྲིམས་མཐུན་ཁེ་དབང་དང་གཟུགས་བཪྙན་ལ་སྲུང་སྐྱོབ་བྱས་ནས་སྤྱི་ཚོགས་ཧྲིལ་པོར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རྟགས་མ་ཁྱབ་གདལ་སྔར་བས་གཏོང་ཆེད་ད་ཆ་སྤྱོད་པ་དང་དོ་དམ་བྱེད་པའི་གཏན་འབེབས་དམིགས་བསལ་བཟོ་རྒྱུ་ཡིན་པ་སྟེ།

        (1)བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རྟགས་མའི་བདག་དབང་དེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང (གཤམ་དུ་རྟེན་འབྲེལ་ཆེ་མོའི་གཞུང་དོན་ཁང་ཅེས་བརྗོད་རྒྱུ )ལ་གཏོགས་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རྟགས་མ་སྤྱོད་མཁན་ཚན་པ་ཡིན་ཕྱིན་རྟེན་འབྲེལ་ཆེན་མོའི་གཞུང་དོན་ཁང་ལ་རེ་ཞུ་བྱས་ནས་ཆོག་མཆན་ཐོབ་རྗེས་གཞི་ནས་སྤྱོད་ཆོག་གི་ཡོད།

        (2)ས་ཁུལ (གྲོང་ཁྱེར )ཁག་དང་ཚན་པ་ཁག་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60 འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་འདུ་དང་རྟེན་འབྲེལ་བྱེད་སྒོ་སྣ་ཚོགས་སྤེལ་སྐབས་བོད་ཞིབ་བས་བཅིངས་འགྲོལ་བཏང་ནས་ལོ་60 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རྟགས་མ་སྤྱོད་ཆོག་གི་ཡོད།

        (3)རྟེན་འབྲེལ་ཆེ་མོའི་གཞུང་དོན་ཁང་གི་ཆོག་མཆན་ཐོབ་པའི་རྟེན་འབྲེལ་བྱེད་སྒོའི་དཔེ་དེབ་དང་། གློག་བཪྙན་དང་བཪྙན་འཕྲིན་བརྩམས་ཆོས། དྲན་གསོའི་དངོས་པོ། དམིགས་གཏན་འཁེལ་བའི་ཐོན་ཟོག དམིགས་གཏན་འཁེལ་བའི་ཆེད་སྤྱོད་དངོས་པོ་སོགས་ལ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ 60 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རྟགས་མ་སྤྱོད་ཆོག་གི་ཡོད།

        (4)བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཁ་གཡར་ནས་གཉེར་བའམ་ཡང་ན་གཉེར་རོགས་བྱེད་པའི་རིག་གནས་དང་། ལུས་རྩལ། འགྲེམས་སྟོན། འགྲེམས་ཚོགས། ཚོང་ལས་ཁྱབ་གདལ། ཕྱིར་ཚོང་སོགས་ཀྱི་བྱེད་སྒོ་ཡིན་ཕྱིན་གཉེར་མཁན་གྱིས་རྟེན་འབྲེལ་ཆེ་མོའི་གཞུང་དོན་ཁང་ལ་སྔོན་ལ་རེ་ཞུ་བྱེད་དགོས་པ་དང་ཆོག་མཆན་ཐོབ་རྗེས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རྟགས་མ་གཞི་ནས་སྤྱོད་ཆོག་གི་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རྟགས་མ་སྤྱོད་རྒྱུར་ཆོག་མཆན་ཐོབ་པའི་རེ་ཞུའི་ཚན་པ་ཡིན་ཕྱིན་རྟེན་འབྲེལ་ཆེ་མོའི་གཞུང་དོན་ཁང་དང་སྤྱོད་རྒྱུའི་གན་རྒྱ་འཇོག་པའམ་ཡང་ན་གྲོས་མཐུན་འཇོག་དགོས། རེ་ཞུའི་ཚན་པས་ཆོག་མཆན་ཐོབ་པའི་རྣམ་གྲངས་ལྟར་དམིགས་གཏན་འཁེལ་བའི་ཐོན་ཟོག་གམ་ཡང་ན་མཚོན་རྟགས་ཚོང་ཟོག་ཐོག་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རྟགས་མ་སྤྱོད་ཆོག་པ་དང་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཆོག་གི་ཡོད། ཚན་པ་དང་མི་སྒེར་གང་རུང་ཞིག་གིས་མོས་མཐུན་མ་ཐོབ་པར་བོད་ཞི་བས་བཅིངས་བཏང་ནས་ལོ་60 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རྟགས་མ་རང་དགར་སྤྱོད་མི་ཆོག་པ་དང་དེ་དང་འགལ་ཚེ་བཅའ་ཁྲིམས་ལ་བརྟེན་ནས་དེའི་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན།

        (5)བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ 60 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རྟགས་མ་སྤྱོད་སྐབས་དེའི་བཟོ་དབྱིབས་ཆ་ཚང་དང་འཕྱུགས་པ་མེད་པའི་འགན་ལེན་གྱིས་བཟོ་བཅོས་རྒྱག་མི་ཆོག་ལ་ཕུང་གསུམ་པར་ཡང་ནང་བཤུག་གཏོང་མི་ཆོག་པ་དང་སྦྲགས་ཚོང་རྟགས་ལ་བརྟེན་ནས་སྤྱོད་མི་ཆོག་པ་དང་ཚོང་རྟགས་རེ་ཞུ་བྱས་ནས་ཐོ་འགོད་མི་ཆོག

        (6)རྟེན་འབྲེལ་ཆེ་མོའི་གཞུང་དོན་ཁང་དང་ས་ཁུལ་ཁག་གི་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་དང་། རྒྱལ་ཁབ་ཚོང་རྟགས་དོ་དམ་ལས་ཁུངས། ཟོག་གོང་དོ་དམ་སྡེ་ཚན་སོགས་འབྲེལ་ཡོད་སྡེ་ཚན་ལ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རྟགས་མ་སྤྱོད་ཚུལ་ལ་ཞིབ་དཔྱད་དང་ལྟ་སྐུལ་བྱེད་དབང་ཡོད།

        (7)བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་རྟགས་མ་སྤྱོད་མཁན་གྱིས་རྟགས་མ་སྤྱོད་རིང་གཏན་འབེབས་དེ་དང་རྒྱབ་འགལ་བྱེད་པའི་བྱ་སྤྱོད་ཡོད་ཚེ་རྟེན་འབྲེལ་ཆེ་མོའི་གཞུང་དོན་ཁང་ལ་གནས་སྐབས་སྤྱོད་དབང་མཚམས་འཇོག་བྱེད་པའམ་ཡང་ན་དེའི་སྤྱོད་དབང་མཚམས་འཇོག་བྱེད་ཆོག་པ་དང་འབྲེལ 《དམིགས་བསལ་མཚོན་རྟགས་དོ་དམ་སྲོལ་ཡིག 》ནང་གི་གཏན་འབེབས་ལྟར་དེའི་འགན་འཁྲི་རྩད་གཅོད་བྱེད་ཆོག་གི་ཡོད།

        (8)གཏན་འབེབས་འདི་རྟེན་འབྲེལ་ཆེ་མོའི་གཞུང་དོན་ཁང་གིས་འགྲེལ་པ་རྒྱག་རྒྱུའི་འགན་འཁུར་ཡོད་པ་དང་འགྲེལ་པ་དེ་གཏན་འབེབས་དེ་དང་འདྲ་བར་ནུས་པ་གཅིག་མཚུངས་ལྡན་ཡོད། ད་ཆ་སྤྱི་བསྒྲགས་དེ་ཆེད་མངགས་སྤེལ་བ་ཡིན།

        བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60 འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས།

                                     2011 ལོའི་ཟླ་ 5 ཚེས་ 5 ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།