དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བློ་མཐུན་ཚེ་རིང་སྐུ་གཤེགས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་ཨུ་ཡོན་བློ་མཐུན་ཚེ་རིང (ཐིང་རིམ་པ་རྒན་པ )སྙུན་གཞིས་རྐྱེན་པས་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་2011ལོའི་ཟླ་4ཚེས་5ཉིན་ཁྲེང་ཏུར་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ་66ཡིན་པ་རེད།

        བློ་མཐུན་ཚེ་རིང་1945ལོའི་ཟླ་12པར་བོད་ལྗོངས་སྦྲ་ཆེན་རྫོང་དུ་འཁྲུངས་པ་དང་། 1960ལོའི་ཟླ་10པར་ལས་ཀར་ཞུགས། 1971ལོའི་ཟླ་3པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། བོད་རང་སྐྱོང་ལྗོངས་རྩྭ་མདའ་རྫོང་ས་གླང་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་རྫོང་ཨུད་ཀྱི་རྒྱུན་ཨུ་དང་། མཚོ་ཆེན་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། སྤུ་ཧྲེང་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྫོང་དཔོན་གཞོན་པ། རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་གྱི་ལས་ཚབ། རྫོང་དཔོན་བཅས། མངའ་རིས་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་དང་ས་ཨུད་ཀྱི་ཨུ་ཡོན། མངའ་རིས་ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ (ཐིང་རིམ་པ་རྒན་པ ) སོགས་ཀྱི་འགན་བཞེས་ཡོད། 2008ལོའི་ཟླ་1 པོར་རྩ་འཛུགས་ཀྱིས་ཆོག་མཆན་སྤྲད་པ་བརྒྱུད་ལས་འཁྱུར་ངལ་གསོ་བསྐྱོན་པ་རེད།

        ཁོང་སྐུ་གཤེགས་པ་དེས་ང་ཚོར་བློ་མཐུན་ཡག་པོ་ཞིག་མེད་པར་གྱུར་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།