དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཀོང་པོ་རྒྱ་མདའ་རྫོང་གི་དབྱར་རྩྭ་དགུན་འབུ་སྔོག་འཐུ་དོ་དམ་གྱི་སྤྱི་བསྒྲགས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        རང་རྫོང་གི་ས་ཁོངས་ནང་གི་དབྱར་རྩྭ་དགུན་འབུ་སྔོག་འཐུ་དང་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་རང་རྫོང་གི་དབྱར་རྩྭ་དགུན་འབུ་སྔོག་འཐུ་དང་བསྡུ་ཉོར་དོ་དམ་བྱེད་པའི་ལས་དོན་རིམ་གྱིས་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཁྲོམ་ར་ཅན་བཅས་ཀྱི་ཕྱོགས་སུ་བསྐྱོད་ཐུབ་པ་བྱ་ཕྱིར་རང་རྫོང་གིས 《དབྱར་རྩྭ་དགུན་འབུ་འཐུ་བའི་དོ་དམ་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས 》སོགས་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་རང་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ 《དབྱར་རྩྭ་དགུན་འབུ་འཐུ་བའི་དོ་དམ་སྐོར་གྱི་ཀོང་པོ་རྒྱ་མདའ་རྫོང་གི་ལག་བསྟར་བྱ་ཐབས 》བཟོས་ནས་བཏོན་ཡོད།

        དོ་དམ་བྱ་ཐབས་ནང་དབྱར་རྩྭ་དགུན་འབུ་སྔོག་འཐུའི་ལག་ཁྱེར་སྤྲོད་ཡུལ་ནི་ཀོང་པོ་རྒྱ་མདའ་རྫོང་གི་ཐེམ་ཐོ་ཡོད་པའི་ཞིང་འབྲོག་མང་ཚོགས་ཡིན་པ་དང་རྫོང་དེའི་ཐེམ་ཁོངས་མིན་པའི་མི་སྣ་རྫོང་དེའི་ས་ཁོངས་ནང་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་པར་ཡོང་རྒྱུར་ནན་འགོག་བྱ་རྒྱུའི་གཏན་འབེབས་གསལ་པོ་བྱས་ཡོད། (དེའི་སྐོར་གྱི་ནང་དོན་ཞིབ་ཕྲ་ཀོང་པོ་རྒྱ་མདའ་རྫོང་ཁོངས་ནང་གི་སྤྱི་བསྒྲགས་དང་ཀོང་པོ་རྒྱ་མདའི་དྲ་ཚིགས་སྤྱི་བསྒྲགས་http://www.gbjd.gov.cnལ་གསལ )

        སྤྱི་ཚོགས་ལས་རིགས་ཁག་ལ་རང་རྫོང་གི་དབྱར་རྩྭ་དགུན་འབུ་སྔོག་འཐུ་དོ་དམ་གྱི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་གནང་རོགས་ཞུ་རྒྱུ་ཡིན།

        དམིགས་བསལ་དུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

        ཉིང་ཁྲི་ས་ཁུལ་ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྲིད་གཞུང་ནས།

        2011ལོའི་ཟླ་4ཚེས་8ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།