དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཞིང་ཆེན(ལྗོངས)གཞན་དང་། རྫོང་གཞན་གྱི་མི་རྒྱ་ཚྭ་རྫོང་གི་མངའ་ཁོངས་སུ་དབྱར་རྩྭ་དགུན་འབུ་འཐུ་བར་ཡོང་མི་ཆོག་པའི་སྐོར་གྱི་རྒྱ་ཚྭ་རྫོང་གི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས 》དང 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས 》《དབྱར་རྩྭ་དགུན་འབུ་འཐུ་བའི་དོ་དམ་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་གནས་སྐབས་ལག་བསྟར་བྱ་ཐབས 》 《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་བརྒྱ་ཨང་70པ 》(གཤམ་དུ་བཀའ་རྒྱ་ཨང་70པ་ཞེས་བརྗོད་རྒྱུ ) དེ་བཞིན་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་བཅས་ལ་གཞིགས་ཏེ་རྒྱ་ཚྭ་རྫོང་གི་རང་བྱུང་རྩྭ་ར་དང་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་རང་བྱུང་ནུས་ཁུངས་ལུགས་མཐུན་ངང་བེད་སྤྱོད་བྱས་ཏེ་མི་དང་རང་བྱུང་ཁམས་མཐུན་སྦྱོར་ངང་གོང་འཕེལ་ཡོང་བ་དང་འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་སྲུང་སྐྱོབ་ཐུབ་པ། དབྱར་རྩྭ་དགུན་འབུ་འཐུ་བའི་དོ་དམ་ཚད་ལྡན་ཡོང་བར་སྐུལ་འདེད་ཐུབ་པ་དང་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་བཅས་ཡོང་ཆེད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་བརྒྱ་ཨང་70པའི་དོན་ཚན་བཅུ་གཅིག་པའི་ནང་དབྱར་རྩྭ་དགུན་འབུ་འཐུ་བར་ལག་ཁྱེར་དགོས་པའི་གཏན་འབེབས་བྱས་པ་ལྟར་རྒྱ་ཚྭ་རྫོང་མི་དམངས་སྲིད་གཞུང་ནས་ཞིང་ཆེན (ལྗོངས་)གཞན་དང་། རྫོང་གཞན་གྱི་མི་རྒྱ་ཚྭ་རྫོང་གི་མངའ་ཁོངས་སུ་དབྱར་རྩྭ་དགུན་འབུ་འཐུ་བར་ཡོང་མི་ཆོག་པའི་ཞིབ་འཇུག་གཏན་འབེབས་བྱས་པ།

                                                དམིགས་བསལ་དུ་སྤྱི་བསྒྲགས་སྤེལ་བ་ཡིན།

                                                                                         རྒྱ་ཚྭ་རྫོང་མི་དམངས་སྲིད་གཞུང་ནས།  

                                                                                                       2011ལོའི་ཟླ་4ཚེས་6ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།