ལྷ་རྩེ་དང་། སྣེ་གདོང་། ཉིང་ཁྲི། སྒར་བཅས་རྫོང་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁག་སོ་སོར་བསྟན་འཛིན་རྣམ་རྒྱལ་དང་འཆི་མེད་རིག་འཛིན། བློ་བཟང་བསྟན་དར། ཝན་ཁྲའོ་ཆི (རྒྱ་རིགས )བཅས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་འཐུས་མིར་གསབ་འདེམས་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་མིར་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་འོས་བབ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་མོས་འཐུས་བྱེད་རྒྱུ་དང་བསྟན་འཛིན་རྣམ་རྒྱལ་དང་འཆི་མེད་རིག་འཛིན། བློ་བཟང་བསྟན་དར། ཝན་ཁྲའོ་ཆི་བཅས་ཀྱི་འཐུས་མིའི་འོས་བབ་ལ་རྩིས་འགྲོ་ཡོད་པ་གཏན་འཁེལ་བྱེད་རྒྱུ་ཡིན།
ད་མཚམས། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པར་དངོས་ཡོད་འཐུས་མི་437 ཡོད་པའི་ཆེད་དོན་སྤྱི་བསྒྲགས་བྱེད་རྒྱུ་ཡིན།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས།
2011 ལོའི་ཟླ་3 ཚེས་30 ལ།