དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ལྷ་ས་གྲོང་ཁྱེར་གྱིས་ཤོག་སྦག་སྤོར་རྒྱུ་ཚོད་འཛིན་བྱེད་རྒྱུའི་གཏན་འབེབས་ཐོག་མ་དེ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་28ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། 2011ལོའི་བོད་ཀྱི་ལོ་གསར་མ་ཤར་གོང་ལྷ་ས་གྲོང་ཁྱེར་གྱིས་མི་དམངས་སྲིད་གཞུང་གི་བཀའ་རྒྱའི་ཐོག་ནས་ཤོག་སྦག་སྤོར་རྒྱུ་ཚོད་འཛིན་བྱེད་རྒྱུའི་གཏན་འབེབས་ཐོག་མ་དེ་བྱས་ཡོད་པ་རེད།

        བོད་དུ་ཟླ་3ཚེས་5ཉིན་གཟབ་ཅིང་རྒྱས་པའི་བོད་ཀྱི་ལོ་གསར་འཆར་རྒྱུ་ཡིན་ཞིང་། ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་སྲིད་གཞུང་གི་བཀའ་རྒྱ་ཨང་10པ 《ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་དུ་ཤོག་སྦག་སྤོར་རྒྱུ་ཚོད་འཛིན་བྱེད་རྒྱུའི་གཏན་འབེབས 》ཡོངས་བསྒྲགས་བྱས་ཡོད། ལྷ་ས་གྲོང་ཁྱེར་སྲིད་གཞུང་དྲུང་ཡིག་ཁྲུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། དེ་ནི་ལྷ་ས་གྲོང་ཁྱེར་གྱིས་སྲིད་གཞུང་གི་བཀའ་རྒྱའི་ཐོག་ནས་ཐོག་མར་བཏོན་པའི་འབྲེལ་ཡོད་གཏན་འབེབས་ཤིག་ཡིན་པ་རེད།

        《གཏན་འབེབས 》ནང་ཁོར་ཡུག་སྦགས་བཙོག་ཡོང་རྒྱུ་སྔོན་འགོག་བྱེད་པ་དང་། གྲོང་ཁྱེར་གྱི་ཁོར་ཡུག་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་དང་མཉམ་སྡེབ་ཀྱི་རྒྱུ་ནོར་དང་སྤྱི་དམངས་ཀྱི་མི་ལུས་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་པ་བཅས་བྱ་ཆེད་ལྷ་ས་གྲོང་ཁུལ་དུ་ཤོག་སྦག་སྤོར་རྒྱུ་ཚོད་འཛིན་བྱས་ཡོད། དེའི་ཁྲོད་ལྷ་སའི་གྲོང་ཁུལ་ཪྙིང་པ་དང་། སློབ་གྲྭ སྨན་ཁང་། གནའ་བོའི་འཛུགས་སྐྲུན་དངོས་པོ། རིག་དངོས་འཛུགས་སྐྲུན་ཁུལ་བཅས་དང་དེ་བཞིན་གྲོང་མི་སྡོད་ཁུལ་གཙོ་བོ་དང་སྤྱི་དམངས་རུབ་སྡོད་ཁུལ་ནི་ཤོག་སྦག་སྤོར་མི་ཆོག་པའི་ཁུལ་ཡིན་པས་ཤོག་སྦག་སྤོར་བ་དང་། ཐོན་སྐྱེད་བྱེད་པ། གསོག་ཉར་བྱེད་པ། ཚོང་གཉེར་བྱེད་པ་བཅས་བྱེད་ཆོག་གི་མེད་པ་རེད། ཤོག་སྦག་སྤོར་ཆོག་པའི་ཁུལ་དུ་ཤོག་སྦག་ཐོན་སྐྱེད་དང་། གསོག་ཉར། ཚོང་གཉེར་བཅས་བྱེད་དགོས་ཚེ་ངེས་པར་དུ་ལྷ་ས་གྲོང་ཁྱེར་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་སྡེ་ཚན་གྱི་ཆོག་མཆན་ཐོབ་དགོས་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།