དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • སྣང་རྫོང་མི་དམངས་སྲིད་གཞུང་གིས་ས་ཁུལ་གཞན་གྱི་མི་སྣ་རང་རྫོང་གི་ས་ཁོངས་སུ་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་པར་ཡོང་མི་ཆོག་པའི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས 》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས 》《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་རྒྱ་ཨང་70པ 》བཅས་དང་འབྲེལ་ཡོད་བཅའ་ཁྲིམས་གཞིར་བཟུང་སྣང་རྫོང་གི་རང་བྱུང་རྩྭ་ར་དང་སྣོད་བཅུད་ཁོར་ཡུག་ལ་དེ་བས་སྲུང་སྐྱོབ། ཚད་ཡོད་ཀྱི་རང་བྱུང་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་དང་མི་དང་རང་བྱུང་ཁམས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་བརྟན་ལྷིང་། དབྱར་རྩྭ་དགུན་འབུ་སྔོག་འཐུ་དང་། ཉོ་ཚོང་དོ་དམ། དེ་བཞིན་སྤྱི་ཚོགས་ཀྱི་བདེ་འཇགས་བརྟན་ལྷིང་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད། སྣང་རྫོང་གིས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ལ “ས་ཁོངས་དོ་དམ ”གྱི་རྩ་དོན་ལག་བསྟར་བྱེད་རྒྱུ་ཡིན་པས། སྣང་རྫོང་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད་སྤྱི་བསྒྲགས་སྤེལ་བའི་ཉིན་ནས་བཟུང་ས་ཁོངས་ནང་འགག་སྒོ་བཙུགས་ནས་སྣང་རྫོང་གི་ཐེམ་ཐོ་ཡོད་མཁན་གྱི་ཞིང་འབྲོག་མང་ཚོགས་ལ་དམིགས་བཙུགས་བྱས་པའི་ས་ཁོངས་ནང་ཚུན་དུ་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་དུ་འཇུག་རྒྱུ་ཡིན་པ་ལས་ས་ཁུལ་གཞན་གྱི་མི་སྣས་སྣང་རྫོང་གི་ས་ཁོངས་སུ་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་མི་ཆོག་པའི་གཏན་འབེབས་བྱས་པ་ཡིན།

                                                                      དམིགས་བསལ་དུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

                                                                          སྣང་རྫོང་མི་དམངས་སྲིད་གཞུང་ནས།

                                                                           2011ལོའི་ཟླ་2ཚེས་26ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།