དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 2008ལོ་ནས་2009ལོའི་བར་གྱི་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་སྲིད་གཞུང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

    སྲིད་འཛིན་ཀུང་ཧྲུའུ་ཁག་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་རང་སྐྱོང་ལྗོངས་ཀྱི་ཨུད་དང་། གཞུང་དོན་ཁང་། ཐིང་། ཅུས་བཅས་ཁག་ལ།

        ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཚན་སློབ་ལ་བརྟེན་ནས་བོད་དར་དང་ཤེས་ལྡན་མི་སྣར་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་རྒྱུའི་འཐབ་ཇུས་ལག་བསྟར་ཤུགས་ཆེན། རང་བརྟེན་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཆེད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རང་ལྗོངས་ཀྱི་ཚན་རྩལ་བྱ་གཞག་གོང་འཕེལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་གཟེངས་སུ་ཐོན་པའི་ལེགས་སྐྱེས་འབུལ་མཁན་ཚན་རྩལ་མི་སྣ་དང་རྩ་འཛུགས་ལ་བྱ་དགའ་སྤྲོད་རྒྱུའི་གཏན་འབེབས་བྱས་པ་ཡིན། 《བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་ཐབས 》(རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་རྒྱ་ཨང་67)ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་བྱ་དགའ་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གིས་ཞིབ་དཔྱད་བྱས་པ་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རྒྱུན་ལས་ཨུ་ལྷན་ལ་དགོངས་སྐོར་ཞུས་ནས་གཏན་འབེབས་བྱས་པ་བརྒྱུད 《བོད་ཀྱི་ཞིང་ལས་སྐྱེ་དངོས་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན 》སོགས་གྲུབ་འབྲས་3ལ་2008ལོ་ནས་2009ལོའི་བར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་ཨང་དང་པོ་དང་། 《ས་མཐོའི་པད་ཁའི་འབྱུང་ཁུངས་དང་རིམ་འགྱུར་ཞིབ་འཇུག 》སོགས་གྲུབ་འབྲས་17ལ་2008ལོ་ནས་2009ལོའི་བར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་ཨང་གཉིས་པ། 《དགུན་ནས་ཀྱི་སྣ་ཁ་གསར་པ་སྟེ་དགུན་ནས་ཨང་11ཀྱི་འདེབས་གསོ 》སོགས་གྲུབ་འབྲས་15ལ་2008ལོ་ནས་2009ལོའི་བར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་ཨང་གསུམ་པ་བཅས་སྤྲོད་རྒྱུ་ཡིན།

        ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པས་བྱ་དགའ་ཐོབ་མཁན་མི་སྒེར་དང་ཚན་པ་མིག་དཔེར་འཛིན་ཏེ་སྙིང་རུས་ཆེན་པོས་འབད་འབུངས་སྟོབས་བརྩོན་དང་། རྩེ་གྲ་གཏོད་ཐུབ་པ། གསར་འབྱེད་གསར་གཏོད་བཅས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དཀའ་སྤྱད་བརྩོན་ཞིབ་དང་དམ་པ་དོན་གཉེར་གྱི་ཐོག་ནས་ལག་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཚན་རྩལ་གྱི་གྲུབ་འབྲས་དེ་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་ཤུགས་ཆེ་རུ་གཏོང་བ། དེ་བས་མང་བའི་འདེགས་སྐྱོར་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་ཐུབ་པའི་ཚན་རྩལ་གྲུབ་འབྲས་ཧུར་ཐག་གཏོད་པ་བཅས་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད།

                         བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས།

                                   2011ལོའི་ཟླ་1ཚེས་11ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།