དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་ཁྲིམས་ལྟར་ཡང་ཅིན་ཧྲན་དང་ཚེ་རིང་། རྡོ་རྗེ། མཐོང་དགའ། ཀྲུའུ་ལང་ཧྲེ། རུང་ཧྲའོ་ཧྭ། ཚེ་རིང་རྡོ་རྗེ། ཚེ་རིང་སྒྲོལ་དཀར། ལེ་གོ ཅིན་ཀྲུག ཡང་ཅིང་ཧྥུང་བཅས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་འཐུས་མིར་གསབ་འདེམས་བྱས་པ་ཡིན།

        བོད་རང་སྐྱོང་ལྗོངས་ནས་འཐུས་མི་7ལས་གནས་སྤོ་འགྱུར་བྱས་ཡོད་པ་སྟེ། ཐང་ཧེ་ཅའོ། ཝང་པིང་ཡིད། ཧུའུ་ཡུང་ཧྥུང་། ཀྲང་ཡིད་ཇུང་། ཀའོ་ཀྲེ་ཝུན། ཝང་ཙེང་པའོ། ཞུལ་གོ་ཏུང་བཅས་ཡིན་པ་དང་འཐུས་མིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐང་ཧེ་ཅའོ་དང་ཝང་པིང་ཡིད། ཧུའུ་ཡུང་ཧྥུང་། ཀྲང་ཡིད་ཇུང་། ཀའོ་ཀྲེ་ཝུན། ཝང་ཙེང་པའོ། ཞུལ་གོ་ཏུང་བཅས་ཀྱི་འཐུས་མིའི་འོས་བབ་མཚམས་འཇོག་བྱེད་རྒྱུ་ཡིན།

        ཧྲེ་ཨན་ཆིང་གི་འཐུས་མིའི་གོ་གནས་དགོངས་ཞུ་བྱས་རྐྱེན་འཐུས་མིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཧྲེ་ཨན་ཆིང་གི་འཐུས་མིའི་འོས་བབ་མཚམས་འཇོག་བྱེད་རྒྱུ་ཡིན།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་འཐུས་མི་སྙན་གྲགས་བསྙུན་གཞིས་རྐྱེན་ནས་འདས་གྲོངས་སོང་བས་ཁོང་གི་འཐུས་མིའི་འོས་བབ་རང་ཤུགས་སུ་མཚམས་འཇོག་ཕྱིན་ཁར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་སྙན་གྲགས་འདས་གྲོངས་སོང་བར་མྱ་ངན་ཞུ་རྒྱུ་ཡིན།

        བསོད་གྲུབ་ཀྱི་འཐུས་མིའི་གོ་གནས་གནས་དབྱུང་བཏང་བས་འཐུས་མིའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་བསོད་གྲུབ་ཀྱི་འཐུས་མིའི་འོས་བབ་མཚམས་འཇོག་བྱེད་རྒྱུ་ཡིན།

        ད་ལྟ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པར་དངོས་ཡོད་འཐུས་མི་433ཡོད་དོན་བཞིན་དུ།

                       ཆེད་དོན་སྤྱི་བསྒྲགས་བྱེད་རྒྱུ།

                            བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས།

                                                        2011ལོའི་ཟླ་1ཚེས་5ལ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།