དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 2011ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་རིང་སྤྱོད་གཙང་རང་གཅུན་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གུང་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་དང་བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཐིང་གིས་2011ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་རིང་སྤྱོད་གཙང་རང་གཅུན་དང་བསྲི་ཚགས་ནན་ཏན་སོགས་བྱ་རྒྱུའི་ལས་དོན་སྐོར་གྱི་བླང་བྱ་བཏོན་པ་རེད།

        བརྡ་ཐོའི་ནང་བླང་བྱ་བཏོན་དོན། ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱས་ནས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་རྒྱུའི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་དུས་ཆེན་ཆེན་པོ་གསུམ་རིང་གི་སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སེམས་ཁྲལ་གྱི་འདུ་ཤེས་བཅས་ཆེ་རུ་གཏོང་བ་དང་ཏང་ཡོན་ལས་བྱེད་པར་དོ་དམ་བྱེད་པ་དང་མང་ཚོགས་ལ་སློབ་གསོ་རྒྱག་པའི་འགན་འཁྲི་ཡག་པོ་ཁུར་ནས་ཏང་ཡོན་ལས་བྱེད་པར་ཏང་གི་ཆབ་སྲིད་སྒྲིག་ལམ་བརྩི་སྲུང་ནན་པོ་དང་ཆབ་སྲིད་སྒྲིག་ལམ་ནང་གི “གཏན་ནས་བྱེད་མི་རུང་བ་བཅུའི ”གཏན་འབེབས་བརྩི་སྲུང་ནན་པོ་བྱེད་རྒྱུར་ལྟ་སྐུལ་བྱེད་དགོས།

        བརྡ་ཐོའི་ནང་བླང་བྱ་བཏོན་དོན། སློབ་གསོ་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འགོ་ཁྲིད་ལས་བྱེད་པས་སྤྱོད་གཙང་རང་གཅུན་བྱེད་པར་སྐུལ་མ་གཏོང་དགོས།

        ཏང་གཤིས་དང་། ཏང་སྲོལ། ཏང་སྒྲིག་བཅས་ཀྱི་སློབ་གསོ་ཡག་པོ་བརྒྱབ་ནས་སྲོལ་རྒྱུན་དུས་ཆེན་གྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་དམིགས་སའི་རང་བཞིན་ལྡན་པའི་ངང་དཔེ་སྟོན་སློབ་གསོ་དང་། ཉེན་བརྡ་གཏོང་བའི་སློབ་གསོ། ལས་གནས་སྤྱོད་གཙང་སློབ་གསོ་བཅས་བརྒྱབ་ནས་ཏང་ཡོན་ལས་བྱེད་པས་ཧུར་བརྩོན་གྲོན་ཆུང་དང་དཀའ་སྤྱད་འབད་འཐབ་བྱེད་པའི་རང་རྟོགས་རང་བཞིན་ཆེ་རུ་གཏོང་དགོས། 《སྤྱོད་གཙང་ཚད་གཞི 》དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་དོན་དུ་འགོ་ཁྲིད་ལས་བྱེད་པས་སྤྱོད་གཙང་རང་གཅུན་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་ལྗོངས་སྒྲིག་ཨུད་ཀྱི་གཏན་འབེབས་ཁག་བརྩི་སྲུང་ནན་པོ་ཞུ་རྒྱུའི་སློབ་གསོ་རྒྱག་པ་དང་བསྲི་ཚགས་ནན་ཏན་སྐོར་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་གཏན་འབེབས་ལས་བརྒལ་ནས་འབུལ་རྟེན་དང་། འབུལ་རྟེན་དངུལ། མ་རྐང་། རིན་ལྡན་དངུལ་འཛིན། གཏོང་སྤྲོད་དཔང་ཡིག་སོགས་ལེན་རྒྱུ་གཏན་འགོག་དང་། གཞུང་དངུལ་སྤྱད་དེ་རྒྱས་སྤྲོས་ལོངས་སྤྱོད་དང་། ཡུལ་སྐོར་ལྟ་སྐོར། ཕྱི་རྒྱལ (ས་ཁོངས་ཕྱི་རོལ )དུ་ཡུལ་སྐོར། འཛད་སྤྱོད་མཐོ་བའི་རོལ་རྩེད་བཅས་བྱ་རྒྱུ་གཏན་འགོག གཞུང་དངུལ་སྤྱད་དེ་ཕན་ཚུན་འཚམས་འདྲིར་སྐྱོད་པ་དང་། ཕན་ཚུན་འབུལ་རྟེན་སྐྱེལ་བ། ཕན་ཚུན་གསོལ་ཚིགས་བཤམས་པ་སོགས་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གཏན་འགོག མནའ་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་རྒྱས་སྤྲོས་བྱེད་པ་སོགས་ཀྱི་ཐོག་ནས་དངུལ་དང་དངོས་པོ་ལེན་རྒྱུ་གཏན་འགོག མིང་སྣ་ཚོགས་ཀྱི་ཐོག་ནས་ལོ་མཇུག་ཏུ་གཏོང་སྒོ་མང་གཏོང་དང་དངུལ་གང་བྱུང་དུ་སྤྲོད་པ་དང་ངོ་བོ་འགྱུར་ནས་ཕོགས་སྣོན་དང་། ཁ་གསབ་དངུལ། བྱ་དགའི་དངུལ། དངོས་པོ་བཅས་སྤྲོད་རྒྱུ་གཏན་འགོག གཏན་འབེབས་ལས་བརྒལ་ནས་གཞུང་གི་རླངས་འཁོར་སྒེར་གྱིས་གཏོང་བ་དང་། གཞུང་གི་རླངས་འཁོར་སྒེར་གྱིས་བེད་སྤྱོད་གཏོང་བ། ཁོངས་གཏོགས་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པའི་འཁོར་རིགས་གཡར་སྤྱོད་བྱེད་པ་སོགས་ཀྱི་བྱ་སྤྱོད་གཏན་འགོག་བཅས་བྱེད་དགོས། ལོ་མཇུག་ཏུ་དཔྱད་འདེམས་དང་ཚད་ལོན་གྱི་གཟེངས་བསྟོད་བྱེད་སྒོ་སྣ་ཚོགས་ཚད་འཛིན་ནན་པོ་བྱེད་པ་དང་ཇ་སྟོན་ཚོགས་འདུ་དང་། མཉམ་སྤྲོ་ཚོགས་འདུ། དུས་ཆེན་གྱི་རྟེན་འབྲེལ་མཛད་སྒོ་སོགས་ཉུང་དུ་གཏོང་དགོས། བརྡ་ཐོའི་ནང་བླང་བྱ་བསྟན་དོན། སྤྱོད་ཚུལ་ལེགས་སུ་ཏན་ཏིག་བཏང་ནས་མི་དམངས་མང་ཚོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་ནན་ཏན་བྱེད་དགོས།

        རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་རོགས་སྐྱོར་རོགས་སྐྱོབ་བྱེད་སྒོ་དང་དྲོ་སྐྱིད་མཚོན་པར་བྱེད་པ་དང་གཅེས་སེམས་འབུལ་བའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་དེ་མང་ཚོགས་ཀྱི་འབོད་སྒྲ་ཉན་པ་དང་། མང་ཚོགས་ཀྱི་དཀའ་སྡུག་ཞིབ་དཔྱད་བྱེད་པ། དམངས་ཀྱི་འདོད་བློ་དང་མཐུན་པ་དང་། དམངས་ཀྱི་སེམས་ཁྲལ་སེལ་བ། དམངས་འཚོར་ཁེ་ཕན་སྐྲུན་པ་བཅས་ཀྱི་དོན་དངོས་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། དུས་ཆེན་རིང་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཚོང་ཟོག་རྫུས་མ་དང་སྤུས་ཞན་དང་ལྷག་པར་དུ་བཟའ་བཅའ་དང་སྨན་རྫས་རྫུས་མ་དང་སྤུས་ཞན་ཕྱིར་ཚོང་བྱེད་པ་དང་ཟོག་གོང་ཧམ་སྤར་བྱེད་པ་སོགས་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། ཁེ་ལས་ཀྱིས་ལས་བཟོའི་གླ་ཕོགས་འགྱངས་ཆད་དང་འཛུགས་སྐྲུན་ཚན་པས་ཞིང་པ་གླ་པའི་གླ་ཆ་འགྱངས་ཆད་བྱེད་པའི་གནད་དོན་ཐག་གཅོད་ནན་ཏན་བྱས་ནས་ཁོང་ཚོར་དུས་ཆེན་གོང་ཐོབ་འོས་པའི་གླ་ཆ་རག་རྒྱུའི་འགན་ལེན་བྱེད་དགོས། བརྡ་ཐོའི་ནང་བླང་བྱ་བསྟན་དོན། ལྟ་སྐུལ་དང་ཞིབ་བཤེར་བྱེད་པར་ཤུགས་སྣོན་བརྒྱབ་ནས་བླང་བྱ་ཁག་དོན་དངོས་སུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས།

        རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་དང་ཞིབ་བཤེར་གྱི་འགན་འཁྲི་ནན་སྒྲུབ་བྱས་ནས་དུས་ཆེན་རིང་གཙོ་གནད་ཐོག་འཐེན་བཤེར་དང་མངོན་གསལ་དུ་ལྟ་ཞིབ་དང་མངོན་ཆུང་དུ་རྩད་གཅོད་བྱས་པ་བརྒྱུད་སྒྲིག་འགལ་གྱི་བྱ་སྤྱོད་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་དང་ཡོ་བསྲང་བྱས་ཏེ་ཏང་ཡོན་ལས་བྱེད་པས་སྤྱོད་གཙང་རང་གཅུན་གྱི་གཏན་འབེབས་ལས་བརྒལ་བའི་དཔེ་སྟོན་གྱོད་གཞི་ཞིབ་གཅོད་མཐའ་གཅིག་ཏུ་བྱེད་དགོས། ས་ཁུལ་དེ་ག་དང་སྡེ་ཚན་དེ་གར་ཐོན་པའི་སྤྱོད་གཙང་རང་གཅུན་གྱི་གཏན་འབེབས་ལས་བརྒལ་བའི་གནད་དོན་ལ་ལྟ་ཞིབ་ཡག་པོ་མི་བྱེད་པ་དང་། འགན་འཛོལ་བྱུང་བ། ཞིབ་གཅོད་ནུས་ལྡན་མི་བྱེད་པ་བཅས་བྱས་ཚེ་ཏང་སྲོལ་སྤྱོད་གཙང་རང་གཅུན་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ཀྱི་གཏན་འབེབས་གཞིར་བཟུང་འབྲེལ་ཡོད་འགོ་ཁྲིད་ཀྱི་འགན་འཁྲི་རྩད་གཅོད་བྱེད་དགོས།

        ཀྲུང་གུང་བོད་རང་སྐྱོང་ལྗོངས་སྒྲིག་ཨུད།

        བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཐིང་གིས།

        2010ལོའི་ཟླ་12ཚེས་24ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།