དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པ་སྐོང་ཚོགས་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པས་ཆོད་དོན་བཞག་དོན་དུ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་ཚོགས་འདུ་ཐེངས་བཞི་པ་སྤྱི་ལོ་2010ལོའི་ཟླ་1ཚེས་10ཉིན་ལྷ་སར་སྐོང་ཚོགས་བྱ་རྒྱུ་ཡིན། ཚོགས་འདུའི་གྲོས་རིམ་གཙོ་བོ་ནི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་ནས་གྲོས་ཞིབ་གནང་རྒྱུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཆར་གཞིའི་རྩ་གནད་ལ་ཞིབ་བཤེར་གྱིས་ཆོག་མཆན་སྤྲོད་རྒྱུ། རང་སྐྱོང་ལྗོངས་ཀྱི་2010ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ་དང་2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོཊ་གོང་འཕེལ་གཏོང་ཕྱོཊ་ཀྱི་འཆར་གཞིར་ཞིབ་བཤེར་གྱིས་ཆོག་མཆན་སྤྲོད་རྒྱུ་དང་2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་འཆར་གཞིར་ཆོག་མཆན་སྤྲོད་རྒྱུ། རང་སྐྱོང་ལྗོངས་ཀྱི་2010ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ་དང་2011ལོའི་ནོར་སྲིད་སྔོན་རྩིས་ལ་ཞིབ་བཤེར་བྱས་ནས་ཆོག་མཆན་སྤྲོད་རྒྱུ་དང་2011ལོའི་ནོར་སྲིད་སྔོན་རྩིས་ལ་ཆོག་མཆན་སྤྲོད་རྒྱུ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གསན་ནས་གྲོས་ཞིབ་གནང་རྒྱུ། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་གསན་ནས་གྲོས་ཞིབ་གནང་རྒྱུ། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་གསན་ནས་གྲོས་ཞིབ་གནང་རྒྱུ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཊ་ཆེན་སྐབས་དགུ་པའི་མི་རིགས་ཆོས་ལུགས་ཕྱི་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དང་དེའི་ཁོངས་མིའི་མི་འགྲོ་གཏན་འཁེལ་བྱེད་རྒྱུ་སོགས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།