དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་མི་དམངས་འཐུས་ཚོགས་སྐབས་དགུ་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་ཚུན་སྲིད་འཛིན་ཁུལ་དེ་ག་ནས་ལས་སྒྱུར་བྱས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་འཐུས་མི་སྟེ་ལྷོ་ཁའི་འཐུས་མི་ཚོགས་པའི་ཝང་ཨའེ་ལི (རྒྱ་རིགས )ཡི་འཐུས་མིའི་ཐོབ་ཐང་མཚམས་འཇོག་བྱས་ཡོད།

        ཉེ་ཆར་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་གོང་དཀར་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་འཐུས་མི་གཉིས་ཏེ་བློ་བཟང་བསྟན་པ་དང་ཏོ་ཅིང་ལེན ( མོ། རྒྱ་རིགས )གསབ་འདེམས་བྱས་ཡོད།

        རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་ཞིབ་བཤེར་སྙན་ཞུར་མོས་མཐུན་བྱས་ཏེ་བློ་བཟང་བསྟན་པ་དང་ཏོ་ཅིང་ལེན ( མོ། རྒྱ་རིགས )གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་འཐུས་མིའི་ཐོབ་ཐང་གོ་ཆོད་པ་ཁས་བླངས་པ་ཡིན།

        ད་ཆ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་དགུ་པར་ད་ཡོད་འཐུས་མི་432ཡོད།

        དམིགས་སུ་བརྡ་ཐོ་འདི་བཏང་བ་ཡིན།

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས།

        2010ལོའི་ཟླ་9ཚེས་26ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།