དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཁྲོམ་རར་དོ་དམ་བྱེད་ཕྱོགས་ཀྱི་སྲོལ་ཡིག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོཌ་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲཌ།

    (2009)ཨང་7པ།

    《བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཁྲོམ་རར་དོ་དམ་བྱེད་ཕྱོགས་ཀྱི་སྲོལ་ཡིག 》འདི་2009ལོའི་ཟླ་9ཚེས་24ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་དག་བཅོས་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པས་2009ལོའི་ཟླ་ 12ཚེས་30ཉིན་ནས་ལག་བསྟར་བྱེད་རྒྱུ། དམིགས་བསལ་དུ་སྤྱི་བསྒྲགས་བྱེད་རྒྱུ།

    བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

    2009ལོའི་ཟླ་10ཚེས་ 13ཉིན།

    ལེའུ་དང་པོ། སྤྱིའི་རྩ་འཛིན།

    1995ལོའི་ཟླ་7ཚེས་12ཉིན་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་པའི་ཐོག་གྲོས་འཆམ་བྱུང་བ།

    1997ལོའི་ཟླ་3ཚེས་29ཉིན་མི་དམངས་འཐུས་ཚོགས་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་རྩ་གསུམ་པའི་ཐོག་དག་བཅོས་བྱས།

    2009ལོའི་ཟླ་9ཚེས་24ཉིན་མི་དམངས་འཐུས་ཚོགས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་བཟོ་བཅོས་བྱས།

    དོན་ཚན་དང་པོ། རིག་གནས་ཁྲོམ་རར་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་། རིག་གནས་ལས་གཉེར་བྱེད་སྒོ་ཚད་ལྡན་བཟོ་རྒྱུ། འཛད་སྤྱོད་པ་དང་ལས་གཉེར་པའི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུ་བཅས་ཀྱི་ཆེད་དུ་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་ཐོག་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་བཟོས་པ་ཡིན།

    དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ཁུལ་ཁོངས་ནང་དུ་རིག་གནས་ལས་གཉེར་དང་དོ་དམ་བྱེད་སྒོ་སྤེལ་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་སྲོལ་ཡིག་འདིར་བརྩི་སྲུང་ཞུ་དགོས།

    དོན་ཚན་གསུམ་པ། སྲོལ་ཡིག་འདིའི་ནང་བརྗོད་པའི་རིག་གནས་ཁྲོམ་ར་ཞེས་པའི་ནང་། (གཅིག )ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན། (གཉིས )སྒྲ་བཪྙན་དངོས་རིགས་སྡེབ་ཚོང་དང་། སིལ་ཚོང་། གཡར་གཏོང་། སྟོན་གཏོང་བྱེད་པ། (གསུམ )དཔེ་དེབ་དང་ཚགས་པར་དུས་དེབ་སོགས་འགྲེམས་སྤེལ་དང་། སིལ་འཚོང་། གཡར་པོ་གཏོང་བ་བཅས། (བཞི )རོལ་རྩེད་ཁང་གཉེར་བ། (ལྔ )སྒྱུ་རྩལ་དངོས་རིགས་ཚོང་གཉེར། (དྲུག )གློག་བཪྙན་དང་བཪྙན་འཕྲིན་སྟོན་པ་དང་འགྲེམས་སྤེལ་བྱེད་པ། (བདུན )ཨིན་འབྲེལ་དྲ་ཞུགས་ཁང་དང་ཨིན་འབྲེལ་དྲ་རྒྱའི་རིག་གནས་ཐོན་རྫས་ཚོང་གཉེར་བྱེད་པ། (བརྒྱད )ཚོང་གཉེར་རང་བཞིན་གྱི་རིག་གནས་སྒྱུ་རྩལ་སྦྱོང་བརྡར། (དགུ )རིག་གནས་བར་མིའི་བྱེད་སྒོ། (བཅུ )དེ་མིན་གྱི་རིག་གནས་ལས་གཉེར་བྱེད་སྒོ་བཅས་ཚུད་ཡོད།

    དོན་ཚན་བཞི་པ། སྲོལ་ཡིག་འདིའི་ནང་བརྗོད་པའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ཞེས་པ་ནི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་། རླུང་འཕྲིན་གློག་བཪྙན་བཪྙན་འཕྲིན་གྱི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན། གསར་འགྱུར་དཔེ་སྐྲུན་གྱི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་བཅས་རིག་གནས་ཁྲོམ་རར་སྲིད་འཛིན་ཁྲིམས་སྒྱུར་བྱེད་དབང་ཡོད་པའི་ཚན་པར་ཟེར།

    དོན་ཚན་ལྔ་པ། རིག་གནས་ཁྲོམ་ར་གཉེར་མཁན་གྱིས་ངེས་པར་དུ་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་རྒྱུའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། “བརྒྱ་གཉིས ”མཛད་ཕྱོགས་རྒྱུན་འཁྱོངས། མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་བྱེད་རྒྱུ་རྒྱུན་འཁྱོངས། མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཤུལ་འཛིན་དང་དར་སྤེལ་བཏང་ནས་མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས།

    དོན་ཚན་དྲུག་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིག་གནས་ཁྲོམ་རའི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། རིག་གནས་ཁྲོམ་ར་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་སྤེལ་གཏོང་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་ནང་བཅུག་ནས་རིག་གནས་ཁྲོམ་རའི་དོ་དམ་ལས་ཀར་མཁོ་བའི་འགྲོ་གྲོན་འགན་ལེན་བྱེད་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཞིང་འབྲོག་ཁུལ་གྱི་རིག་གནས་ཁྲོམ་ར་འཛུགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཞིང་འབྲོག་ཁུལ་གྱི་རིག་གནས་ཁྲོམ་ར་གོང་འཕེལ་གཏོང་རྒྱུར་གཞོགས་སྐྱོར་དང་སྐྱེད་སྲིང་བྱེད་དགོས

    དོན་ཚན་བདུན་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འཁྲི་འགན་བཞིན་རིག་གནས་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་རྒྱུ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སྤྱི་བདེ་དང་། འཕྲོད་བསྟེན། འཕྲིན་གཏོང་། བཟོ་ཚོང་། དཔྱ་ཁྲལ། རིན་གོང་། འགག་སྒོ། ཁོར་ཡུག་སྲུང་སྐྱོབ། མེ་ཟོན། ཚོང་དོན་བཅས་སྡེ་ཚན་གྱིས་ངེས་པར་དུ་རང་སོ་སོའི་འཁྲི་འགན་ལས་བགོས་ལྟར་རང་འགན་འཁྲི་སྒྲུབ་དང་། གཞོགས་འདེགས་དམ་ཟབ་ཀྱིས་མཉམ་དུ་རིག་གནས་ཁྲོམ་རའི་ལྟ་སྐུལ་དོ་དམ་ལས་ཀ་ཡག་པོ་སྒྲུབ་རྒྱུ། མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རིག་གནས་ཁྲོམ་རའི་ལས་གཉེར་བྱེད་སྒོར་ལྟ་སྐུལ་བྱེད་རྒྱུར་ཁྲོམ་གཞུང་གི་གྲོང་མི་ཨུ་ཡོན་ལྷན་ཁང་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་ཁག་ནས་གཞོགས་འདེགས་བྱེད་རྒྱུའི་ལས་ཀ་ཡག་པོ་སྒྲུབ་དགོས།

    དོན་ཚན་བརྒྱད་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཆེད་ལས་རིག་རྩལ་འཁྲབ་སྟོན་ཚོགས་པ་དང་། དམངས་ཁྲོད་རིག་རྩལ་འཁྲབ་སྟོན་ཚོགས་པ། འཁྲབ་སྟོན་པ་སོགས་ཀྱིས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་བརྩམ་བྱ་གསར་རྩོམ་བྱེད་རྒྱུར་སྐུལ་ལྕག་གཏོང་དགོས་པ་དང་། ཚན་པ་དང་མི་སྒེར་གྱིས་རིག་གནས་ཁྲོམ་ར་གཉེར་རྒྱུར་སྐུལ་ལྕག་དང་སྲུང་སྐྱོབ་བྱེད་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཆེད་ལས་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ་དང་། དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ། འཁྲབ་སྟོན་པ་སོགས་ཞིང་འབྲོག་ཁུལ་དང་། ཁེ་ལས། སློབ་གྲྭ་བཅས་གཞི་རིམ་ལ་འཁྲབ་སྟོན་བྱེད་པར་འགྲོ་རྒྱུར་སྐུལ་མ་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས།

    དོན་ཚན་དགུ་པ། རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་རིག་གནས་ཁྲོམ་ར་གོང་འཕེལ་དང་གྲ་རྒྱས་སུ་གཏོང་རྒྱུར་གལ་ཆེའི་ལེགས་སྐྱེས་འབུལ་མཁན་དང་། ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ཐེར་འདོན་དང་བཀག་འགོག་བྱེད་མཁན་བྱས་རྗེས་ཡོད་པའི་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

    ལེའུ་གཉིས་པ། ཆོག་མཆན་དང་ཐོ་འགོད།

    དོན་ཚན་བཅུ་པ། རིག་གནས་ཁྲོམ་ར་གཉེར་རྒྱུར་ཆོག་མཆན་ཞུ་སྤྲོད་ལམ་ལུགས་ལག་བསྟར་བྱེད་དགོས། རིག་གནས་ལས་གཉེར་བྱེད་སྒོ་སྤེལ་མཁན་ཚན་པ་དང་མི་སྒེར་གྱིས་ངེས་པར་དུ་ཁྲིམས་ལུགས་གཞིར་བཟུང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ཆོག་མཆན་ཞུ་མཁན་ནས་བསྐྱལ་བའི་ཆོག་མཆན་ཞུ་རྒྱུའི་ཡིག་རིགས་ལ་ཞིབ་བཤེར་བྱས་ནས་ཁྲིམས་བཅད་ཀྱི་ཆ་རྐྱེན་འཛོམས་རིགས་ལ་ལས་རིགས་ཀྱི་གཏན་འབེབས་དུས་བཅད་ནང་ལས་གཉེར་འཁྲོལ་འཛིན་སྤྲོད་དགོས། ཁྲིམས་བཅད་ཀྱི་ཆ་རྐྱེན་མ་འཛོམས་པའི་རིགས་ལ་སྲིད་འཛིན་ཆོག་མཆན་མི་སྤྲོད་རྒྱུའི་གཏན་འབེབས་བྱེད་རྒྱུ་དང་སྦྲགས་ཡིག་ཐོག་ནས་རྒྱུ་མཚན་གསལ་བཤད་བྱེད་དགོས།

    དོན་ཚན་བཅུ་གཅིག་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རིག་གནས་ལས་གཉེར་ཁང་ལ་ཆོག་མཆན་སྤྲད་པའི་འབྲེལ་ཡོད་གནས་ཚུལ་དུས་ཐོག་ཏུ་རིམ་པ་གཅིག་མཚུངས་ཀྱི་མི་དམངས་སྲིད་གཞུང་དང་། སྤྱི་བདེ། བཟོ་ཚོང་སྡེ་ཚན་བཅས་ལ་བརྡ་ཁྱབ་གཏོང་དགོས།

    དོན་ཚན་བཅུ་གཉིས་པ། རོལ་རྩེད་ཁང་གི་རིགས་འཛུགས་གཉེར་བྱེད་མཁན་གྱིས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རིམ་པ་གཅིག་མཚུངས་ཀྱི་སྤྱི་བདེ་དང་བཟོ་ཚོང་ཚན་པར་གྲོས་མོལ་བྱས་རྗེས་ཆོག་མཆན་སྤྲོད་དགོས་མིན་གཏན་འཁེལ་བྱེད་དགོས།

    དོན་ཚན་བཅུ་གསུམ་པ། ཁེར་རྐྱང་འཁྲབ་སྟོན་པ་དང་དམངས་ཁྲོད་ཀྱི་ཕྱོགས་མྱུལ་སྒྱུ་རྩལ་པས་ཁེ་གཉེར་རང་བཞིན་གྱི་འཁྲབ་སྟོན་བྱེད་དགོས་རིགས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་རང་གི་འཁྲབ་བྱའི་ནང་དོན་རྣམས་སྤྱན་བསྟར་ཞུ་དགོས། རྫོང་རིམ་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ལས་ཡུན་ཉིན་གསུམ་གྱི་ནང་གོང་གསལ་འཁྲབ་བྱའི་ནང་དོན་ལ་ཞིབ་བཤེར་བྱས་ནས་འདི་བྱེད་ཀྱི་ལན་འདེབས་བྱེད་དགོས།

    དོན་ཚན་བཅུ་བཞི་པ། ཁེ་གཉེར་རང་བཞིན་གྱི་རིག་གནས་སྒྱུ་རྩལ་འཁྲབ་སྟོན་གཉེར་མཁན་ཨར་ཁང་དང་། ཟ་ཁང་། རོལ་དབྱངས་ཇ་ཁང་སོགས་ཀྱི་རིགས་ས་གནས་དེ་གའི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་སེང་ཞུས་ནས་བཀའ་འཁྲོལ་ཐོབ་དགོས།

    དོན་ཚན་བཅོ་ལྔ་པ། ཞབས་བྲོ་དང་རོལ་རྩེད་ཁང་བཟོ་བཅོས་དང་རྒྱས་སྐྲུན་བྱེད་དགོས་རིགས་སམ་ཡང་ན་གནས་ཡུལ་དང་། སྒྲིག་ཆས་གཙོ་གྲས་རིགས། མ་རྩ་གཏོང་མཁན། གཞན་ཡང་རོལ་རྩེད་ལས་གཉེར་འཁྲོལ་འཛིན་གྱི་ནང་དོན་སོགས་ལ་འགྱུར་ལྡོག་གཏོང་དགོས་རིགས་དེ་སྔའི་སྤ་སེ་སྤྲོད་མཁན་ལས་ཁུངས་ལ་སྙན་སེང་ཞུས་ནས་རོལ་རྩེད་ལས་གཉེར་འཁྲོལ་འཛིན་གསར་པ་ཞུ་དགོས་པ་མ་ཟད། སྤྱི་བདེ་སྡེ་ཚན་ལ་སྙན་ཐོ་དཔོད་དགོས་པ་དང་། འགྱུར་ལྡོག་གཏོང་རྒྱུའི་ཐོ་འགོད་བྱེད་དགོས་རིགས་ཁྲིམས་ལུགས་གཞིར་བཟུང་ངེས་པར་དུ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་ལ་འགྱུར་ལྡོག་གཏོང་རྒྱུའི་ཐོ་འགོད་བྱེད་དགོས། ཨིན་འབྲེལ་དྲ་ཞུགས་ཁང་ཁག་གི་ཁྲིམས་གཏན་འཁེལ་བའི་ཁྲིམས་ཚན་ནམ་ཡང་ན་འགན་འཁུར་བ་གཙོ་བོ་སྒྱུར་དགོས་རིགས་དང་། དེབ་སྐྱེལ་མ་རྩའམ་ཡང་ན་དྲ་རྟགས་ས་གནས་འགྱུར་ལྡོག་གཏོང་དགོས་རིགས་གནས་ཡུལ་ས་གནས་དེ་གའི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་སེང་ཞུས་ནས་དྲ་རྒྱ་གཉེར་ཆོག་པའི་འཁྲོལ་མཆན་གསར་པ་ཞུ་དགོས། རིག་གནས་ཐད་ཀྱི་ལས་གཉེར་བྱེད་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ལས་གཉེར་དུས་ཡུན་རིང་དུ་གཏོང་དགོས་རིགས་ལག་ཡོད་སྤ་སེའི་ནང་གསལ་དུས་ཚོད་མ་ཐིམ་གོང་གི་ཉིན་སུམ་ཅུའི་ནང་ཚུན་དུ་སྔར་གྱི་འཁྲོལ་མཆན་སྤྲོད་མཁན་ལས་ཁུངས་ལ་སྙན་སེང་ཞུས་ནས་དུས་ཚོད་རིང་དུ་གཏོང་རྒྱུའི་ཆོག་མཆན་ཞུ་དགོས། དུས་ཚོད་ལ་སླེབས་ཀྱང་ཆོག་མཆན་མ་ཞུས་ན་ལས་གཉེར་དུས་ཚོད་སྣར་མི་ཆོག

    དོན་ཚན་བཅུ་དྲུག་པ། རིག་གནས་ཐད་ཀྱི་ལས་གཉེར་བྱེད་སྒོ་སྤེལ་མཁན་ཚན་པའམ་མི་སྒེར་ལ་རིག་གནས་ཐད་ཀྱི་ལས་གཉེར་འཁྲོལ་འཛིན་རག་རྗེས་རང་གནས་ཡུལ་ས་གནས་ཀྱི་མི་དམངས་སྲིད་གཞུང་གི་བཟོ་ཚོང་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ནས་ཚོང་གཉེར་ལག་ཁྱེར་ཞུ་དགོས་པ་དང་། ཚོང་གཉེར་ལག་ཁྱེར་རག་རྗེས་ཀྱི་ཉིན་བཅོ་ལྔའི་ནང་ཚུད་དུ་གནས་ཡུལ་ས་གནས་དེ་གའི་རྫོང་རིམ་མི་དམངས་སྲིད་གཞུང་གི་སྤྱི་བདེ་སྡེ་ཚན་ལ་སྙན་ཐོ་དཔོད་དགོས། རིག་གནས་ཐད་ཀྱི་ལས་གཉེར་བྱེད་སྒོ་སྤེལ་མཁན་གྱི་ཚན་པའམ་ཡང་ན་མི་སྒེར་གྱིས་ས་ཆ་གཞན་ལ་འཁྲབ་སྟོན་བྱེད་དགོས་རིགས་འཁྲབ་སྟོན་བྱེད་སའི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་ཐོ་དཔོད་དགོས།

    དོན་ཚན་བཅུ་བདུན་པ། ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་རིག་གནས་ཐད་ཀྱི་ལས་གཉེར་བྱེད་སྒོ་སྤེལ་མཁན་རིགས་ཀྱིས་མེ་ཟོན་བདེ་འཇགས་དང་གཙང་སྦྲ་སོགས་ཐད་ཀྱི་འཁྲོལ་འཛིན་ཞུ་དགོས་རིགས་ངེས་པར་དུ་ཁྲིམས་ལུགས་གཞིར་བཟུང་སྒྲུབ་དགོས།

    ལེའུ་གསུམ་པ། ལས་གཉེར།

    དོན་ཚན་བཅོ་བརྒྱད་པ། རིག་གནས་ཐད་ཀྱི་ལས་གཉེར་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་ཆོག་མཆན་གང་ཐོབ་ཀྱི་ཁྱབ་ཁོངས་ནང་ལས་གཉེར་གྱི་བྱེད་སྒོ་སྤེལ་དགོས། ལས་གཉེར་བྱེད་སྒོའི་རིགས་ངེས་པར་དུ་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་གལ་ཆེ་མཉམ་དུ་འཛིན་དགོས། རིག་གནས་ཐད་ཀྱི་ལས་གཉེར་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་འཛད་སྤྱོད་པ་དང་ལས་ཀ་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་དགོས།

    དོན་ཚན་བཅུ་དགུ་པ། རིག་གནས་ཐད་ཀྱི་ལས་གཉེར་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ཚོང་ལས་རང་བཞིན་གྱི་འཁྲབ་སྟོན་བྱེད་ས་དང་། གླུ་གར་རོལ་རྩེད་ཁང་། ཨིན་འབྲེལ་དྲ་ཞུགས་ཁང་སོགས་ཀྱིས་བདེ་འཇགས་ལས་དོན་ཐད་ཀྱི་འཆར་གཞི་དང་འཕྲལ་སྡོམ་བྱ་ཐབས་བཟོ་དགོས། རིག་གནས་ཐད་ཀྱི་ལས་གཉེར་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ཚོང་ལས་རང་བཞིན་གྱི་འཁྲབ་སྟོན་བྱེད་ས་དང་། གླུ་གར་རོལ་རྩེད་ཁང་། ཨིན་འབྲེལ་དྲ་ཞུགས་ཁང་བཅས་ལ་མེ་གསོད་སྒྲིག་ཆས་དང་ཡོ་ཆས་བཟོ་དགོས་པ་མ་ཟད། དེ་དག་སྐྱོན་མེད་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། རིག་གནས་ཐད་ཀྱི་ལས་གཉེར་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ངེས་པར་དུ་ལས་གཉེར་ཁང་གི་རྒྱུན་ལྡན་གྱི་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་དང་། ལས་གཉེར་ཁང་གི་གཙང་སྦྲའི་ཆ་རྐྱེན་ཚད་ལྡན་ཡོང་བ་རྒྱུན་འཁྱོངས་བྱེད་དགོས།

    དོན་ཚན་ཉི་ཤུ་པ། རིག་གནས་ཐད་ཀྱི་ལས་གཉེར་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ལས་གཉེར་དང་ཞབས་ཞུ་བྱེད་རྒྱུའི་རྣམ་གྲངས་ལ་ངེས་པར་དུ་གོང་ཚད་གསལ་པོ་འགོད་དགོས། འཛད་སྤྱོད་པར་བཙན་ཤེད་དང་མགོ་སྐོར་བཏང་སྟེ་ཞབས་ཞུ་དང་ལེན་བྱེད་འཇུག་པ་དང་ཚོང་ཟོག་ཉོ་འཇུག་པའི་རིགས་བྱེད་མི་ཆོག

    དོན་ཚན་ཉེར་གཅིག་པ། གླུ་གར་རོལ་རྩེད་ཀྱི་ལས་གཉེར་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་བདེ་འཇགས་ཀྱི་འོས་བབ་ལག་ཁྱེར་ཡོད་རིགས་བསྡུ་སྐོང་བྱས་ཏེ་བདེ་འཇགས་ལས་དོན་བྱེད་འཇུག་དགོས། གླུ་གར་རོལ་རྩེད་ཁང་གི་བདེ་འཇགས་ལས་བྱས་ངེས་པར་དུ་ལས་སྒོའི་ཀུན་སྤྱོད་ལ་བརྩི་སྲུང་ནན་པོ་བྱེད་དགོས།

    དོན་ཚན་ཉེར་གཉིས་པ། རིག་གནས་ཐད་ཀྱི་ལས་གཉེར་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་ཚོང་གཉེར་བྱེད་སྒོ་སྤེལ་བའི་ནང་གཤམ་གསལ་གནས་ཚུལ་རིགས་ཐོན་མི་ཆོག (གཅིག )རྩ་ཁྲིམས་ནང་གཏན་འབེབས་བྱས་པའི་གཞི་རྩའི་རྩ་དོན་དང་འགལ་བ། (གཉིས )རྒྱལ་ཁབ་ཀྱི་བདག་དབང་དང་། གཅིག་གྱུར། མངའ་ཁོངས་ཆ་ཚང་བ་ཡོང་རྒྱུ་བཅས་ལ་གནོད་འཚེ་གཏོང་བའི་རིགས། (གསུམ )རྒྱལ་ཁབ་ཀྱི་གསང་བ་བརྟོལ་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སམ་ཡང་ན་རྒྱལ་ཁབ་ཀྱི་མཚན་སྙན་དང་ཁེ་ཕན་ལ་གནོད་འཚེ་གཏོང་བ། (བཞི )མི་རིགས་འཁོན་འཛིན་དང་། མི་རིགས་མཐོང་ཆུང་བྱེད་རྒྱུར་ངན་སྐུལ་བྱས་ནས་མི་རིགས་ཀྱི་བརྩེ་དུང་ལ་གནོད་འཚེ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ། མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་ལ་བཙན་གནོད་གཏོང་བ། ཆོས་ལུགས་སྲིད་ཇུས་དང་རྒྱབ་འགལ་བྱེད་པ་བཅས། (ལྔ )སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲོལ་རྒྱུན་ལ་གནོད་འཚེ་གཏོང་བ། (དྲུག )ཆོས་ལོག་དང་རྨོངས་དད་རིགས་དྲིལ་བསྒྲགས་བྱེད་པ་། (བདུན )དཀྲོག་གཏམ་སྤེལ་བ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུག་པ། སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ། (བརྒྱད )འདོད་བཙོག་དང་། རྒྱན་རྩེད། གཏུམ་སྤྱོད་བཅས་སམ་ཡང་ན་ངན་པ་བསླུ་བྲིད་བྱེད་པའི་ནག་ཉེས་རིགས། (དགུ )གཞན་ལ་ངན་སྨྲས་སམ་མ་ཉེས་ཁ་གཡོག་བྱས་ནས་ཕ་རོལ་གྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་གཏོང་བ། (བཅུ )ཁྲིམས་ལུགས་ཁྲིམས་སྲོལ་ནང་བྱེད་མི་ཆོག་པའི་དེ་མིན་གྱི་བྱ་བའི་རིགས།

    དོན་ཚན་ཉེར་གསུམ་པ། གླུ་གར་རོལ་རྩེད་ཁང་དང་ཨིན་འབྲེལ་དྲ་ཞུགས་ཁང་གི་ནང་ལ་གཤམ་གསལ་གནས་ཚུལ་རིགས་ཐོན་མི་ཆོག (གཅིག )མེ་མདའ་དང་། རྫས་མདེལ། དོ་དམ་བྱེད་པའི་གྲི་སོགས་འཁྱེར་བ། (གཉིས )མེ་དང་འབར་གས་བསླ་བ་དང་། དུག་ཆེན། འཚིག་རྫས། ཟེར་འགྱེད་སོགས་ཉེན་ཁ་ཆེ་བའི་དངོས་རིགས་འཁྱེར་བ། (གསུམ )རྒྱན་རྩེད་དང་། དུག་རིགས་ཉོ་ཚོང་དང་། འཐེན་པ། ཁབ་རྒྱག་པ་སོགས། (བཞི )ལས་གཉེར་བྱེད་སའི་ནང་ན་ཚོད་མ་ལོན་པའི་མི་སྐོང་བ། (ལྔ )ན་ཚོད་མ་ལོན་པའི་མི་བསྡུ་འཇུག་བྱེད་པ། (དྲུག )འཇིགས་སྐྲག་དང་། གདུག་རྩུབ། ཐ་ཤལ་བཅས་ཀྱི་རིགས་འཁྲབ་སྟོན་བྱེད་པ། (བདུན )སྨད་ཚོང་འཆལ་རྒྱུག་གི་བྱེད་སྒོའི་རིགས་འགེབས་སྲུང་དང་རྒྱ་ཡན་དུ་གཏོང་བའམ་ཡང་ན་འདོད་བཙོག་འཆལ་གཡེམ་གྱི་རིགས་བྱེད་འཇུག་པ། (བརྒྱད )འབྱེད་རྒྱུ་མེད་པའི་སྒོ་དང་སྒེ་ཁུང་བསྒར་བའམ་ཡང་ན་ལས་ཀའི་དུས་ཚོད་ལ་སྒོ་དང་སྒེ་ཁུང་རྒྱག་པ། (དགུ )སྲོལ་ཡིག་འདིའི་དོན་ཚན་ཉེར་གཉིས་པ་ནང་གསལ་གྱི་ནང་དོན་རིགས་སྟོན་པ་དང་། འཁྲབ་སྟོན་བྱེད་པ། གཞས་གཏོང་བ་སོགས། (བཅུ )དེ་མིན་ཁྲིམས་ལུགས་ཁྲིམས་སྲོལ་ནང་བཀག་སྡོམ་བྱས་པའི་རིགས།

    དོན་ཚན་ཉེར་བཞི་པ། གླུ་གར་རོལ་རྩེད་ཁང་གིས་མཐའ་སྐོར་ལ་གཙེར་སྒྲ་ཁྱབ་ཚད་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཁོར་ཡུག་གི་གཙེར་སྒྲ་གཏོང་ཚད་ལས་བརྒལ་མི་ཆོག་པ་དང་། ཉེ་རྒྱུད་ཀྱི་ཚན་པ་དང་མི་སྒེར་གྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་ཤུགས་རྐྱེན་བཟོ་མི་ཆོག

    དོན་ཚན་ཉེར་ལྔ་པ། གླུ་གར་རོལ་རྩེད་ཁང་རིགས་ཀྱི་རྒྱ་ཁྱོན་རྨིད་གྲུ་བཞི་མ་120ལས་མི་ཉུང་བ་དགོས་པ་དང་། མི་རེའི་ཆ་སྙོམས་ས་རྒྱ་རྨིད་གྲུ་བཞི་མ་1.5ལས་ཉུང་མི་ཆོག གླུ་གར་རོལ་རྩེད་ཁང་ནང་གི་ཁང་སྒྲོམ་དང་། ཟུར་ཁང་གི་རྒྱ་ཁྱོན་རྨིད་གྲུ་བཞི་མ་5ནས་ཉུང་མི་ཆོག ཁང་སྒྲོམ་དང་ཟུར་ཁང་ནང་ཁང་ཆུང་བཟོ་བ་དང་བཅད་རྒྱག་མི་ཆོག

    དོན་ཚན་ཉེར་དྲུག་པ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གནས་ཡུལ་དུ་འཛུགས་རྒྱུའི་ཨིན་འབྲེལ་དྲ་ཞུགས་ཁང་གི་རིགས་ལས་གཉེར་བྱེད་སའི་རྒྱ་ཁྱོན་རྨིད་གྲུ་བཞི་མ་80ལས་ཆུང་མི་ཆོག་པ་དང་རྩིས་འཁོར་ངོ་གྲངས་40ལས་ཉུང་མི་ཆོག ས་གནས་སྲིད་འཛིན་ཀུང་ཧྲུའུ་གནས་ཡུལ་དུ་འཛུགས་རྒྱུའི་ཨིན་འབྲེལ་དྲ་ཞུགས་ཁང་གི་རིགས་ལས་གཉེར་བྱེད་སའི་རྒྱ་ཁྱོན་རྨིད་གྲུ་བཞི་མ་60ལས་ཆུང་མི་ཆོག་པ་དང་རྩིས་འཁོར་ངོ་གྲངས་30ལས་ཉུང་མི་ཆོག རྫོང་(གྲོང་ཁྱེར་དང་ཆུད )རིམ་པའི་མི་དམངས་སྲིད་གཞུང་གནས་ཡུལ་དུ་འཛུགས་རྒྱུའི་ཨིན་འབྲེལ་དྲ་ཞུགས་ཁང་གི་རིགས་ལས་གཉེར་བྱེད་སའི་རྒྱ་ཁྱོན་རྨིད་གྲུ་བཞི་མ་50ལས་ཆུང་མི་ཆོག་པ་དང་། རྩིས་འཁོར་ངོ་གྲངས་20ལས་ཉུང་མི་ཆོག ཨིན་འབྲེལ་དྲ་ཞུགས་ཁང་གི་རྩིས་འཁོར་རེའི་འཇོག་ཡུལ་རྒྱ་ཁྱོན་རྨིད་གྲུ་བཞི་མ་2ལས་ཆུང་མི་ཆོག

    དོན་ཚན་ཉེར་བདུན་པ། ཨིན་འབྲེལ་དྲ་ཞུགས་ཁང་གིས་དྲ་ཞུགས་བྱེད་མཁན་འཛད་སྤྱོད་པར་གནས་མལ་མཁོ་འདོན་བྱེད་མི་ཆོགསློབ་གྲྭ་ཆུང་འབྲིང་རིགས་ཀྱི་སྒོ་འགྲམ་ནས་རྒྱང་ཐག་རྨིད་200ནང་ཚུན་དུ་ཨིན་འབྲེལ་དྲ་ཞུགས་ཁང་འཛུགས་མི་ཆོག

    དོན་ཚན་ཉེར་བརྒྱད་པ། གླུ་གར་རོལ་རྩེད་ཁང་གི་རིགས་མཚན་མོའི་ཆུ་ཚོད་གཉིས་པ་ནས་ཞོགས་པའི་ཆུ་ཚོད་དགུ་པ་བར་ལས་གཉེར་བྱེད་མི་ཆོག་པ་དང་། ཨིན་འབྲེལ་དྲ་ཞུགས་ཁང་གི་རིགས་ཀྱང་མཚན་མོའི་ཆུ་ཚོད་གཉིས་པ་ནས་ཞོགས་པའི་ཆུ་ཚོད་དགུ་པ་བར་ལས་གཉེར་བྱེད་མི་ཆོག གླུ་གར་རོལ་རྩེད་ཁང་དང་ཨིན་འབྲེལ་དྲ་ཞུགས་ཁང་རིགས་ཀྱིས་ངེས་པར་དུ་ལས་ཀའི་དུས་ཚོད་བརྡ་ཁྱབ་གཏོང་དགོས་པ་དང་། འཛད་སྤྱོད་པས་ཀྱང་གཞོགས་འདེགས་བྱེད་དགོས།

    དོན་ཚན་ཉེར་དགུ་པ། གླུ་གར་རོལ་རྩེད་ཁང་དང་ཨིན་འབྲེལ་དྲ་ཞུགས་ཁང་རིགས་ཀྱིས་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་སྤྱི་བདེ་སྡེ་ཚན་ནས་ཁྲིམས་ལུགས་གཞིར་བཟུང་བཟོས་པའི་དོ་དམ་བྱ་ཐབས་ཀྱི་ལག་རྩལ་དང་བདེ་འཇགས་དོ་དམ་བྱ་ཐབས་ཀྱི་ལག་རྩལ་རིགས་རང་འཚམ་གྱིས་བཟོ་བཅོས་བྱས་པའམ་ཡང་ན་འགྱུར་བ་གཏོང་རིགས་མི་ཆོག

    དོན་ཚན་སུམ་ཅུ་པ། ཨིན་འབྲེལ་དྲ་རྒྱ་མཐུད་སྦྲེལ་བྱེད་མཁན་གྱིས་ཨིན་འབྲེལ་དྲ་ཞུགས་ཁང་གི་རིགས་ལ་མཐུད་སྦྲེལ་ཞབས་ཞུ་སྒྲུབ་སྐབས་ལས་གཉེར་ཚན་པའི་དྲ་རྒྱའི་རིག་གནས་ལས་གཉེར་འཁྲོལ་འཛིན་དང་ལས་གཉེར་ལག་ཁྱེར་ལ་ཞིབ་བཤེར་བྱེད་དགོས། དྲ་རྒྱའི་རིག་གནས་ལས་གཉེར་འཁྲོལ་འཛིན་མེད་པ་དང་ལས་གཉེར་ལག་ཁྱེར་མེད་རིགས་ལ་མཐུད་སྦྲེལ་ཞབས་ཞུ་བྱེད་མི་ཆོག་པ་དང་། དྲ་རྒྱའི་རིག་གནས་ལས་གཉེར་འཁྲོལ་འཛིན་མེད་པ་བཟོས་པའམ་ལས་གཉེར་ལག་ཁྱེར་མེད་པ་བཟོས་པའི་ཨིན་འབྲེལ་དྲ་ཞུགས་ཁང་གི་རིགས་ལ་ཨིན་འབྲེལ་དྲ་རྒྱ་མཐུད་སྦྲེལ་ཞབས་ཞུ་བྱེད་མཁན་གྱིས་མཐུད་སྦྲེལ་ཞབས་ཞུ་སྒྲུབ་མཚམས་འཇོག་དགོས། གོང་ནས་བཀའ་བཏང་སྟེ་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དགོས་པའི་ཨིན་འབྲེལ་དྲ་ཞུགས་ཁང་གི་རིགས་ལ་གནས་སྐབས་མཐུད་སྦྲེལ་བྱེད་མཚམས་འཇོག་དགོས།

     དོན་ཚན་སོ་གཅིག་པ། ཨིན་འབྲེལ་དྲ་རྒྱའི་གཙོ་འགན་འཁུར་མཁན་ཚན་པས་ངེས་པར་དུ་ཨིན་འབྲེལ་དྲ་རྒྱའི་ལས་གཉེར་བྱེད་མཁན་ཚན་པར་ལྟ་འདོམས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཨིན་འབྲེལ་དྲ་རྒྱའི་རིག་གནས་ཐོན་རྫས་ལ་ཞིབ་བཤེར་བྱས་ནས་ཨིན་འབྲེལ་དྲ་རྒྱའི་རིག་གནས་ཐོན་རྫས་ཁྲིམས་མཐུན་ཡོང་བའི་འགན་ལེན་བྱེད་དགོས། སྲོལ་ཡིག་འདིའི་དོན་ཚན་ཉེར་གཉིས་པའི་ནང་གསལ་བྱེད་མི་ཆོག་པའི་རིགས་ཡོད་ཚེ་ཁྲིམས་འགལ་གྱི་རིགས་འཕྲལ་ཏུ་མཚམས་འཇོག་བྱེད་འཇུག་དགོས་པ་མ་ཟད། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་སྤྱི་བདེ་སྡེ་ཚན་ལ་དེ་དོན་སྙན་སེང་ཞུ་དགོས།

     

    དོན་ཚན་སོ་གཉིས་པ། གླུ་གར་རོལ་རྩེད་ཁང་དང་ཨིན་འབྲེལ་དྲ་ཞུགས་ཁང་ཁག་གི་ལས་གཉེར་བྱེད་སའི་སྒོ་འགྲམ་མངོན་ཚན་ཆེ་སར་ན་ཚོད་མ་ལོན་པའི་མིའི་རིགས་ཡོང་མི་ཆོག་པའི་མཚོན་རྟགས་འགེལ་དགོས། དྲ་ཁང་ལ་ཡོང་མཁན་འཛད་སྤྱོད་པའི་ནང་ན་ཚོད་ལོན་ཡོད་མིན་དབྱེ་འབྱེད་མི་ཐུབ་པའི་སྐབས་མིང་བབ་ལག་ཁྱེར་བཤེར་བའམ་ཡང་ན་དེ་མིན་གྱི་ལག་ཁྱེར་རིགས་བཤེར་དགོས།

    དོན་ཚན་སོ་གསུམ་པ། གླུ་གར་རོལ་རྩེད་ཁང་དང་ཁེ་གཉེར་རང་བཞིན་གྱི་སྒྱུ་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་སའི་ཨར་ཁང་དང་། ཟ་ཁང་། རོལ་དབྱངས་ཇ་ཁང་སོགས་ལ་ཟློས་གར་ལེ་ཚན་སྒྲ་འཇུག་དང་བཪྙན་འཇུག་བྱེད་པའི་སྒྲིག་ཆས་བསྒར་སྒྲིག་བྱེད་དགོས་པ་མ་ཟད། དེ་དག་སྐྱོན་མེད་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། སྒྲ་འཇུག་དང་བཪྙན་འཇུག་བྱས་རིགས་ཉིན་སུམ་ཅུའི་རིང་ཉར་འཇོག་བྱས་ནས་བཙལ་འཚོལ་བྱེད་བདེ་ཡོང་བ་དགོས་པ་ལས་སུབ་བཅོས་རིགས་བྱེད་མི་ཆོག

    དོན་ཚན་སོ་བཞི་པ། འཁྲབ་སྟོན་གཉེར་མཁན་ཚན་པས་འཁྲབ་སྟོན་བྱེད་མཁན་ཚོགས་པའམ་འཁྲབ་སྟོན་བྱེད་མཁན་མི་སྒེར་དང་འཁྲབ་སྟོན་གན་རྒྱ་འཇོག་དགོས་པ་དང་འབྲེལ་འཁྲབ་སྟོན་བྱེད་མཁན་ལ་ཚོང་གཉེར་རང་བཞིན་གྱི་ལག་ཁྱེར་ཡོད་མེད་ཞིབ་བཤེར་དང་འཁྲབ་སྟོན་གྱི་ནང་དོན་ལ་ཞིབ་བཤེར་བྱེད་དགོས།

    དོན་ཚན་སོ་ལྔ་པ། རིག་གནས་ལས་གཉེར་བྱེད་སྒོ་སྤེལ་མཁན་ཚན་པའམ་འཁྲབ་སྟོན་བྱེད་མཁན་མི་སྒེར་གྱི་འཁྲབ་བྱའི་ནང་དོན་ལ་སྲོལ་ཡིག་འདིའི་དོན་ཚན་ཉེར་གཉིས་པའི་ནང་གསལ་བཀག་སྡོམ་བྱས་པའི་ནང་དོན་རིགས་ཡོད་པ་ཤེས་རྟོགས་བྱུང་འཕྲལ་བཀག་འགོག་བྱེད་དགོས་པ་མ་ཟད། འཁྲབ་སྟོན་བྱེད་ཁུལ་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་སྤྱི་བདེ་ལས་ཁུངས་ལ་དེ་སྐོར་སྙན་སེང་ཞུ་དགོས།

    དོན་ཚན་སོ་དྲུག་པ། རིག་རྩལ་འཁྲབ་སྟོན་དང་སྒྱུ་རྩལ་འགྲེམས་སྟོན་བྱེད་དགོས་མཁན་ཚན་པ་དང་ཡང་ན་མི་སྒེར་གྱིས་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས། རིག་རྩལ་འཁྲབ་སྟོན་དང་སྒྱུ་རྩལ་འགྲེམས་སྟོན་གྱི་ནང་དོན་རྣམས་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ཞིབ་བཤེར་བྱེད་དགོས། ཞིབ་བཤེར་མ་བྱས་པར་འཁྲབ་སྟོན་དང་འགྲེམས་སྟོན་བྱེད་མི་ཆོག འཁྲབ་སྟོན་བྱེད་ས་འདོན་མཁན་ཚན་པས་རིག་རྩལ་འཁྲབ་སྟོན་དང་སྒྱུ་རྩལ་འགྲེམས་སྟོན་ཚན་པའི་འབྲེལ་ཡོད་ཞིབ་བཤེར་བྱས་ཐོ་བཤེར་རྗེས་འཁྲབ་སྟོན་བྱེད་ཡུལ་མཁོ་འདོན་བྱེད་དགོས།

    དོན་ཚན་སོ་བདུན་པ། རིག་གནས་གྲབས་གཤོམ་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་ལ་གཤམ་གསལ་བྱ་སྤྱོད་རིགས་ཡོད་མི་ཆོག

    (གཅིག )གྲབས་གཤོམ་བྱེད་སྒོ་དང་འབྲེལ་ཡོད་ཀྱི་དངོས་ཡོད་ཆ་འཕྲིན་སྦ་གསང་བྱེད་པ། (གཉིས )གན་རྒྱ་རྫུན་མ་འཇོག་པ། (གསུམ )བཙན་ཤེད་དང་། མགོ་སྐོར། རྒྱུ་རྔན་གྱི་བསླུ་བྲིས། ངན་པ་ལག་འབྲེལ་བཅས་ཀྱི་བྱ་ཐབས་ལ་བརྟེན་ནས་ཚོང་འགྲིག་པ་བཟོ་བ། (བཞི )ལག་ཁྱེར་དང་། གན་རྒྱ། དཔང་ཡིག་སོགས་རྫུན་བཟོ་དང་། སུབ་བཅོས། ཉོ་འཚོང་བཅས་བྱེད་པ། (ལྔ )ཁྲིམས་ལུགས་ཁྲིམས་སྲོལ་ནང་བཀག་སྡོམ་བྱས་པའི་དེ་མིན་གྱི་རིགས།

    དོན་ཚན་སོ་བརྒྱད་པ། ཁེ་གཉེར་གྱི་ངོ་བོ་ལྡན་པའི་སྒྱུ་རྩལ་སྦྱོང་བརྡར་སྤྲོས་མཁན་ཚན་པ་དང་མི་སྒེར་གྱི་རིགས་ལ་འབྲེལ་ཡོད་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ཆོག་མཆན་ཐོབ་དགོས།

    དོན་ཚན་སོ་དགུ་པ། སྒྲ་བཪྙན་དངོས་རིཌ་སྡེབ་ཚོང་དང་། སིལ་ཚོང་། གཡར་པོ་གཏོང་མཁན་བཅས་ཀྱི་ཚན་པའམ་མི་སྒེར་གྱིས་སྒྲ་བཪྙན་པར་སྐྲུན་ཚན་པས་པར་སྐྲུན་བྱས་པ་མ་ཡིན་པའི་སྒྲ་བཪྙན་དངོས་རིགས་སམ་ཡང་ན་སྒྲ་བཪྙན་པར་སློག་གཏོང་མཁན་མ་ཡིན་པའི་ཚན་པས་པར་སློག་བཏང་བའི་སྒྲ་བཪྙན་དངོས་རིགས་ཚོང་སྒྱུར་མི་ཆོག་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་དཔེ་སྐྲུན་སྡེ་ཚན་ནས་ཆོག་མཆན་མ་ཐོབ་པའི་ནང་འདྲེན་སྒྲ་བཪྙན་དངོས་རིགས་ཚོང་སྒྱུར་མི་ཆོགམི་གཞན་གྱི་རྩོམ་རིག་བདག་དབང་ལ་གནོད་འཚེ་གཏོང་བའི་སྒྲ་བཪྙན་དངོས་རིགས་ཚོང་སྒྱུར་མི་ཆོག

    དོན་ཚན་བཞི་བཅུ་པ། ཚན་པ་དང་མི་སྒེར་སུ་འདྲ་ཞིག་ཡིན་ཡང་སྲོལ་ཡིག་འདིའི་དོན་ཚན་ཉེར་གཉིས་པའི་ནང་བཀག་སྡོམ་བྱས་པའི་སྒྲ་བཪྙན་དངོས་རིགས་སྡེབ་ཚོང་དང་། སིལ་ཚོང་། གཡར་པོ་གཏོང་བ་སོགས་བྱེད་མི་ཆོག

    དོན་ཚན་ཞེ་གཅིག་པ། རིག་གནས་ཁྲོམ་རའི་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ཆོག་མཆན་མ་ཐོབ་པར་གློག་བཪྙན་པར་གཞི་འགྲེམས་སྤེལ་བྱེད་མཁན་དང་གློག་བཪྙན་སྟོན་མཁན་ཚན་པས་སློབ་ཁྲིད་དང་ཞིབ་འཇུག་ལ་མཁོ་བའི་ནང་ཁུལ་གྱི་དཔྱད་གཞིའི་པར་གཞི་འཚོང་བ་དང་། གཡར་བ། ཡང་ན་ཡོངས་བསྒྲགས་སུ་སྟོན་པ་བཅས་བྱེད་མི་ཆོག

    དོན་ཚན་ཞེ་གཉིས་པ། རླུང་འཕྲིན་ལས་ཁུངས་དང་། བཪྙན་འཕྲིན་ལས་ཁུངས། རླུང་འཕྲིན་བཪྙན་འཕྲིན་དྲ་རྒྱ་གཉེར་མཁན་ཚན་པ་བཅས་ཀྱིས་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ཞིབ་བཤེར་ཆོག་མཆན་ཐོབ་མེད་པའི་གློག་བཪྙན་དང་། བཪྙན་འཕྲིན་ལེ་ཚན་སྟོན་མི་ཆོག

    དོན་ཚན་ཞེ་གསུམ་པ། པར་སྐྲུན་དངོས་རིགས་པར་འདེབས་སམ་ཡང་ན་པར་སློག་གཏོང་མཁན་ཚན་པས་ངེས་པར་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གསར་འགྱུར་པར་སྐྲུན་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་ཆོག་མཆན་ཞུ་དགོས་པ་དང་། ཆོག་མཆན་མ་ཐོབ་པར་དཔེ་དེབ་དང་ཚགས་པར་དུས་དེབ་སོགས་པར་སྐྲུན་བྱེད་མི་ཆོག་པ་དང་། སྒྲ་བཪྙན་དངོས་རིགས་དང་གློག་རྡུལ་པར་སྐྲུན་དངོས་རིགས་པར་སློག་གཏོང་མི་ཆོག

    དོན་ཚན་ཞེ་བཞི་པ། པར་སྐྲུན་འགྲེམས་སྤེལ་བྱེད་རྒྱུའི་དཔེ་དེབ་དང་། ཚགས་པར། དུས་དེབ་སོགས་རྒྱལ་ཁབ་ཀྱིས་ཆོག་མཆན་ཐོབ་པའི་དཔེ་སྐྲུན་ཚན་པ་ནས་འདོན་དགོས་པ་ལས་ཆོག་མཆན་མ་ཐོབ་པའི་པར་སྐྲུན་དངོས་རིགས་པར་སྐྲུན་དང་འགྲེམས་སྤེལ་བྱེད་མི་ཆོག

    དོན་ཚན་ཞེ་ལྔ་པ། དཔེ་སྐྲུན་ཚན་པས་རང་གི་ཚན་པའི་མིང་དང་། དཔེ་དེབ་ཀྱི་ཨང་རྟགས། དུས་དེབ་ཀྱི་ཨང་རྟགས། པར་རྟགས། པར་ངོས་སོགས་ཚན་པའམ་མི་སྒེར་སུ་ལའང་ནང་བཤུག་གཏོང་བ་དང་། གཡར་བ། འཚོང་བ་བཅས་བྱེད་མི་ཆོག

    དོན་ཚན་ཞེ་དྲུག་པ། རྒྱལ་ཁབ་ནས་བཀག་སྡོམ་་བྱས་པའི་པར་སྐྲུན་དངོས་རིགས་ཚན་པ་དང་མི་སྒེར་སུ་ཐད་ནས་པར་སྐྲུན་དང་། འགྲེམས་སྤེལ། པར་སློག་གཏོང་བ། པར་བརྐོ་བྱེད་པ། འཚོང་བ། གཡར་པོ་གཏོང་བ་སོགས་བྱེད་རིགས་མི་ཆོགསློབ་ཁྲིད་དང་ཞིབ་འཇུག་བྱེད་རྒྱུར་མཁོ་བའི་དཔེ་དེབ་དང་ཚགས་པར་དུས་དེབ་སོགས་ལ་དོ་དམ་ནན་པོ་བྱེད་དགོས། ཆོག་མཆན་མ་ཐོབ་པར་ཚོང་ལས་རང་བཞིན་གྱི་པར་སློག་གཏོང་བ་དང་། སྡེབ་ཚོང་རྒྱག་པ། པར་བརྐོ་བྱེད་པ། སིལ་ཚོང་བྱེད་པ་སོགས་མི་ཆོག

    དོན་ཚན་ཞེ་བདུན་པ། རིག་གནས་ལས་གཉེར་བྱེད་སྒོ་སྤེལ་མཁན་ཚན་པའམ་མི་སྒེར་ཚང་མས་ཁྲིམས་ལུགས་གཞིར་བཟུང་དཔྱ་ཁྲལ་དང་གླ་རིན་སྤྲོད་དགོས། ཚན་པའམ་མི་སྒེར་སུ་ཐད་ནས་ཁྲིམས་འགལ་གྱི་ཐོག་ནས་གླ་རིན་བསྡུ་རིགས་མི་ཆོག

    དོན་ཚན་ཞེ་བརྒྱད་པ། རིག་གནས་ལས་གཉེར་བྱེད་སྒོ་སྤེལ་མཁན་ཚན་པས་ཁྲིམས་ལུགས་གཞིར་བཟུང་ལས་རིགས་མཐུན་ཚོགས་འཛུགས་ཆོག ལས་རིགས་མཐུན་ཚོགས་ཀྱིས་ངེས་པར་དུ་ལས་རིགས་གཅུན་སྡོམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤྱོད་བཟང་ལྡན་པའི་སྒོ་ནས་ལས་གཉེར་བྱེད་དགོས་པ་དང་། ཁྲིམས་སྲུང་ལས་གཉེར་བྱས་ཏེ་ལས་རིགས་མཐུན་ཚོགས་ཀྱི་ལས་གཉེར་བྱེད་སྒོ་ཚད་ལྡན་བཟོ་བའི་ནུས་པ་འདོན་སྤེལ་བྱེད་དགོས།

    ལེའུ་བཞི་པ། དོ་དམ།

    དོན་ཚན་ཞེ་དགུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་། སྤྱི་བདེ། བཟོ་ཚོང་སོགས་འབྲེལ་ཡོད་སྡེ་ཚན་དབར་ངེས་པར་དུ་ཕན་ཚུན་གཞོགས་འདེགས་དང་། ཁྲིམས་སྒྱུར་སྟོབས་ཤུགས་སྒྲིལ་སྤྱོད་བྱས་ནས་ཁྲིམས་སྒྱུར་བྱེད་ལམ་ཚགས་ཚུད་དུ་བཏང་ཐོག་དུས་བཀག་ཡོད་པ་དང་དུས་བཀག་མེད་པ་གང་རུང་ཐོག་ནས་རིག་གནས་ཁྲོམ་རར་ཕྱོགས་བསྡུས་ཁྲིམས་སྒྱུར་ལས་དོན་སྤེལ་དགོས། གོང་འཁོད་དོན་ཚན་ནང་གསལ་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ཁག་གིས་རིག་གནས་ཁྲོམ་རར་དོ་དམ་བྱེད་རྒྱུའི་རང་སོ་སོའི་འཁྲི་འགན་གཞིར་བཟུང་མཉམ་འབྲེལ་ལམ་ཡང་ན་ཁག་སོ་སོ་ནས་ཁྲིམས་སྒྱུར་བྱེད་སྒོ་སྤེལ་དགོས།

    དོན་ཚན་ལྔ་བཅུ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་། སྤྱི་བདེ། བཟོ་ཚོང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་རིག་གནས་ལས་གཉེར་བྱེད་མཁན་ཚན་པའམ་ཡང་ན་མི་སྒེར་ལ་ཉེས་ཆད་གཅོད་རྒྱུའི་ཐག་གཅོད་བྱས་རིགས་ཐག་གཅོད་བྱས་ཉིན་ནས་བཟུང་ཉིན་བཅུའི་ནང་ཚུན་དུ་ཡིག་ཐོག་ནས་འབྲེལ་ཡོད་སྡེ་ཚན་ལ་དེ་དོན་བརྡ་སྦྱོར་བྱེད་དགོས།

    དོན་ཚན་ང་གཅིག་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་རང་སོ་སོའི་འཁྲི་ཁོངས་ནང་ལས་གཉེར་བྱེད་ཡུལ་དང་ལས་གཉེར་བྱེད་སྒོའི་རིགས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ཁྲིམས་སྒྱུར་བྱེད་རྒྱུའི་འོས་ཐོབ་ཡོད་པའི་མི་གཉིས་ཡན་དགོས་པ་དང་། ལས་དོན་སྒྲུབ་སྐབས་ཁྲིམས་སྒྱུར་ལག་ཁྱེར་འདོན་དགོས། ཞིབ་བཤེར་བྱེད་ཡུལ་ཚན་པའམ་མི་སྒེར་གྱི་ལས་གཉེར་བྱེད་སྒོར་ཤུགས་རྐྱེན་བཟོ་རིགས་མི་ཆོག

    དོན་ཚན་ང་གཉིས་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་གཙོ་འགན་འཁུར་མཁན་སྡེ་ཚན་དང་ལས་བྱར་གཤམ་གསལ་གནས་ཚུལ་རིགས་ཡོད་མི་ཆོག (གཅིག )དངོས་ཤུགས་གང་ནས་རིག་གནས་ལས་གཉེར་བྱེད་སྒོ་སྤེལ་བ་དང་། རིག་གནས་ལས་གཉེར་བྱེད་སྒོའི་ནང་ཞུགས་པ། (གཉིས )ཁྲིམས་འགལ་གྱི་ཐོག་ནས་རིག་གནས་ལས་གཉེར་ལག་ཁྱེར་རིགས་བཟོ་བ། (གསུམ )གཏན་འབེབས་ལས་འགལ་ཏེ་རིག་གནས་ལས་གཉེར་ཚན་པའི་ས་ནས་གླ་དངུལ་བསྡུ་བ་། (བཞི )གླ་རིན་མེད་པའི་སྒོ་ནས་རིག་གནས་ལས་གཉེར་ཚན་པའི་ལས་གཉེར་བྱེད་ས་དང་། ཡོ་ཆས། སྒྲིག་ཆས་སོགས་ཀྱི་རིགས་བེད་སྤྱོད་དང་བདག་བཟུང་བྱེད་པ། (ལྔ )རིག་གནས་ལས་གཉེར་ཚན་པར་ཞེ་འཛིན་གནག་ནད་བྱེད་པ། (དྲུག )ཁྲིམས་འགལ་གྱི་སྒོ་ནས་རིག་གནས་ལས་གཉེར་བྱས་ཚུལ་མི་གཞན་གྱིས་ཐེར་འདོན་བྱས་རིགས་ལ་བདག་སྤྲོད་མི་བྱེད་པ་དང་། ཐག་གཅོད་མི་བྱེད་པའམ་ཡང་ན་དུས་འགྱངས་གཏོང་བ་དང་འབུད་རྒྱག་རྒྱག་པ། (བདུན )ཁྲིམས་ལུགས་ཁྲིམས་སྲོལ་ནང་བཀག་འགོག་བྱས་པའི་དེ་མིན་གྱི་བྱ་བའི་རིགས།

    དོན་ཚན་ང་གསུམ་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་སྤྱི་ཚོགས་དང་སྤྱི་འབངས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་རང་གི་ཐེར་འདོན་ཁ་པར་དང་། འཕྲིན་གཏོང་ས་གནས། གློག་རྡུལ་སྦྲག་སྐུར་ས་གནས་སོགས་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས།

    དོན་ཚན་ང་བཞི་པ། རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་ངེས་པར་དུ་ལས་རིགས་མཐུན་ཚོགས་ལ་ལྟ་སྐུལ་དང་བཀོད་འདོམས་བྱེད་རྒྱུ་དང་། འབྲེལ་ཡོད་ལས་བྱར་སྦྱོང་བརྡར་སྤྲོས་དགོས།

    ལེའུ་ལྔ་པ། ཁྲིམས་ལུགས་ཀྱི་འགན་འཁྲི།

    དོན་ཚན་ང་ལྔ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་རང་འཚམ་གྱིས་གླུ་གར་རོལ་རྩེད་ཁང་འཛུགས་གཉེར་བྱས་རིགས་ས་གནས་དེ་གའི་མི་དམངས་སྲིད་གཞུང་གི་རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་ནས་དེ་མེད་པ་བཟོ་དགོས།

    དོན་ཚན་ང་དྲུག་པ། སྲོལ་ཡིག་འདིའི་དོན་ཚན་བཅུ་བཞི་པའི་གཏན་འབེབས་ལས་འགལ་ཏེ་ཨར་ཁང་དང་། ཟ་ཁང་། རོལ་དབྱངས་ཇ་ཁང་སོགས་ཀྱིས་རང་གནས་ཡུལ་གྱི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ལ་སྙན་སེང་མ་ཞུས་པར་ཚོང་གཉེར་རང་བཞིན་གྱི་རིག་གནས་སྒྱུ་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་རིགས་ས་གནས་དེ་གའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་འཁྲབ་མཚམས་འཇོག་དགོས་པའི་བཀའ་གཏོང་དགོས་པ་དང་འབྲེལ་ཁྲིམས་འགལ་གྱི་ཡོང་འབབ་རྣམས་གཞུང་བཞེས་གཏོང་དགོས་པ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་དངུལ་ཆད་སྒོར་ལྔ་སྟོང་ནས་ཁྲི་གཅིག་བར་གཅོད་དགོས།

    དོན་ཚན་ང་བདུན་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་ཆོག་མཆན་མ་ཐོབ་པར་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་བྱེད་རིགས་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ནས་འཁྲབ་སྟོན་བྱེད་མཚམས་འཇོག་དགོས་པའི་བཀའ་གཏོང་དགོས་པ་དང་འབྲེལ་ཁྲིམས་འགལ་གྱི་ཡོང་འབབ་རྣམས་གཞུང་བཞེས་གཏོང་དགོས། ཁྲིམས་འགལ་ཡོང་འབབ་སྒོར་ཁྲི་གཅིག་འགལ་རིགས་ལ་ཁྲིམས་འགལ་ཡོང་འབབ་ཀྱི་ལྡབ་བརྒྱད་ནས་ལྡབ་བཅུ་བར་གྱི་དངུལ་ཆད་གཅོད་དགོས་པ་དང་། ཁྲིམས་འགལ་ཡོང་འབབ་མ་བྱུང་བའམ་ཡང་ན་ཁྲིམས་འགལ་ཡོང་འབབ་སྒོར་ཁྲི་གཅིག་མ་འགལ་བའི་རིགས་ལ་སྒོར་ཁྲི་ལྔ་ནས་སྒོར་ཁྲི་བདུན་བར་གྱི་དངུལ་ཆད་གཅོད་དགོས། གནས་ཚུལ་ཚབས་ཆེའི་རིགས་ལ་སྔར་ལག་ཁྱེར་སྤྲོད་མཁན་ཚན་པས་དེའི་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་ལག་ཁྱེར་མེད་པ་བཟོ་དགོས།

    དོན་ཚན་ང་བརྒྱད་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་རང་འཚམ་གྱིས་ཨིན་འབྲེལ་དྲ་ཞུགས་ཁང་འཛུགས་པའམ་ཡང་ན་ཨིན་འབྲེལ་དྲ་ཞུགས་ཀྱི་བྱེད་སྒོ་སྤེལ་རིགས་ས་གནས་དེ་གའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་ནམ་ཡང་ན་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་ནས་སྤྱི་བདེ་ལས་ཁུངས་དང་མཉམ་རུབ་ཐོག་ནས་དེ་མེད་པ་བཟོ་དགོས་པ་དང་། ལས་གཉེར་བྱ་ཡུལ་ལ་སྒོ་ཐེལ་བརྒྱབ་ནས་ཁྲིམས་འགལ་གྱི་ལས་གཉེར་བྱེད་སྒོ་སྤེལ་ཆས་དང་སྒྲིག་ཆས་རྣམས་བཀག་ཉར་བྱེད་དགོས། ཉེས་དོན་ཆད་གཅོད་བྱེད་ཚད་ལ་མ་སླེབས་པའི་རིགས་ལ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་ནས་དེའི་ཁྲིམས་འགལ་ཡོང་འབབ་དང་དེའི་ཁྲིམས་འགལ་གྱི་ལས་གཉེར་བྱེད་སྒོ་སྤེལ་ཆས་དང་སྒྲིག་ཆས་རྣམས་གཞུང་བཞེས་གཏོང་དགོས། ཁྲིམས་འགལ་ཡོང་འབབ་སྒོར་ཁྲི་གཅིག་བརྒལ་རིགས་ལ་ཁྲིམས་འགལ་ཡོང་འབབ་ཀྱི་ལྡབ་ལྔ་ནས་ལྡབ་བདུན་བར་གྱི་དངུལ་ཆད་གཅོད་དགོས། ཁྲིམས་འགལ་ཡོང་འབབ་མེད་པའམ་ཡང་ན་ཁྲིམས་འགལ་ཡོང་འབབ་སྒོར་ཁྲི་གཅིག་མ་ཟིན་པའི་རིགས་ལ་དངུལ་ཆད་སྒོར་ཁྲི་གཅིག་ནས་ཁྲི་གསུམ་བར་གཅོད་དགོས།

    དོན་ཚན་ང་དགུ་པ། སྒྲ་བཪྙན་དངོས་རིགས་དང་། དཔེ་དེབ། ཚགས་པར་དུས་དེབ་བཅས་ཀྱི་ནང་སྲོལ་ཡིག་འདིའི་དོན་ཚན་ཉེར་གཉིས་ནང་གསལ་བཀག་སྡོམ་བྱེད་པའི་ནང་དོན་ཡོད་རིགས་དཔེ་སྐྲུན་ཁང་དང་། རིག་གནས། སྤྱི་བདེ་སྡེ་ཚན་བཅས་ནས་རང་སོ་སོའི་འཁྲི་འགན་གཞིར་བཟུང་དེ་དག་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་དགོས་པའི་བཀའ་གཏོང་དགོས་པ་དང་འབྲེལ་ཁྲིམས་འགལ་ལས་གཉེར་བྱེད་རྒྱུའི་སྒྲ་བཪྙན་དངོས་རིགས་དང་ཁྲིམས་འགལ་ཡོང་འབབ་རྣམས་གཞུང་བཞེས་གཏོང་རྒྱུ་དང་། ཁྲིམས་འགལ་ཡོང་འབབ་སྒོར་ཁྲི་གཅིག་བརྒལ་རིགས་ལ་ཁྲིམས་འགལ་ཡོང་འབབ་ཀྱི་ལྡབ་ལྔ་ནས་ལྡབ་བདུན་བར་གྱི་དངུལ་ཆད་གཅོད་དགོས་པ་དང་། ཁྲིམས་འགལ་ཡོང་འབབ་མེད་པའམ་ཡང་ན་ཁྲིམས་འགལ་ཡོང་འབབ་སྒོར་ཁྲི་གཅིག་མ་ཟིན་པའི་རིགས་ལ་དངུལ་ཆད་སྒོར་ཁྲི་གཅིག་ནས་ཁྲི་གསུམ་བར་གཅོད་དགོས། གནས་ཚུལ་ཚབས་ཆེ་ཡོད་རིགས་ལ་དེ་སྔ་ལག་ཁྱེར་སྤྲོད་མཁན་ལས་ཁུངས་ནས་འཁྲོལ་འཛིན་མེད་པ་བཟོ་དགོས།

    དོན་ཚན་དྲུག་ཅུ་པ། གླུ་གར་རོལ་རྩེད་ཁང་གཉེར་མཁན་ཚན་པའམ་མི་སྒེར་གྱིས་སྲོལ་ཡིག་འདིའི་དོན་ཚན་ཉེར་གཉིས་པའི་གཏན་འབེབས་ལས་འགལ་རིགས་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ནས་དེའི་ཁྲིམས་འགལ་གྱི་ཡོང་འབབ་དང་། ཁྲིམས་འགལ་གྱི་རྒྱུ་དངོས་རྣམས་གཞུང་བཞེས་གཏོང་དགོས་པ་དང་འབྲེལ་ཁྲིམས་འགལ་ཡོང་འབབ་སྒོར་ཁྲི་གཅིག་འགལ་རིགས་ལ་ཆབས་ཅིག་ཏུ་ཁྲིམས་འགལ་ཡོང་འབབ་ཀྱི་ལྡབ་གཅིག་ནས་ལྡབ་གསུམ་བར་གྱི་དངུལ་ཆད་གཅོད་དགོས། ཁྲིམས་འགལ་ཡོང་འབབ་མེད་པའམ་ཡང་ན་ཁྲིམས་འགལ་ཡོང་འབབ་སྒོར་ཁྲི་གཅིག་མ་ཟིན་པའི་རིགས་ལ་ཁྲིམས་འགལ་ཡོང་འབབ་ཀྱི་ལྡབ་གཅིག་ནས་ལྡབ་གསུམ་བར་གྱི་དངུལ་ཆད་གཅོད་དགོས། གནས་ཚུལ་ཚབས་ཆེ་རིགས་ལ་ཟླ་གཅིག་ནས་ཟླ་གསུམ་རིང་ལས་མཚམས་བཞག་སྟེ་བཅོས་སྒྲིག་བྱེད་རྒྱུའི་བཀའ་གཏོང་དགོས།

    དོན་ཚན་རེ་གཅིག་པ། ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་བྱེད་མཁན་ཚན་པའམ་མི་སྒེར་གྱིས་སྲོལ་ཡིག་འདིའི་དོན་ཚན་ཉེར་གཉིས་པའི་གཏན་འབེབས་ལས་འགལ་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ནས་དེར་འཁྲབ་མཚམས་འཇོག་དགོས་པའི་བཀའ་གཏོང་དགོས་པ་དང་འབྲེལ་ཁྲིམས་འགལ་ཡོང་འབབ་རྣམས་གཞུང་བཞེས་གཏོང་དགོས། ཁྲིམས་འགལ་ཡོང་འབབ་སྒོར་ཁྲི་གཅིག་ལས་བརྒལ་རིགས་ལ་ཁྲིམས་འགལ་ཡོང་འབབ་ཀྱི་ལྡབ་བརྒྱད་ནས་ལྡབ་བཅུ་བར་གྱི་དངུལ་ཆད་གཅོད་དགོས། ཁྲིམས་འགལ་ཡོང་འབབ་མེད་པའམ་ཡང་ན་ཁྲིམས་འགལ་ཡོང་འབབ་སྒོར་ཁྲི་གཅིག་མ་ཟིན་པའི་རིགས་ལ་དངུལ་ཆད་སྒོར་ཁྲི་ལྔ་ནས་ཁྲི་བརྒྱད་བར་གཅོད་དགོས། གནས་ཚུལ་ཚབས་ཆེ་རིགས་ལ་སྔར་ལག་ཁྱེར་སྤྲོད་མཁན་ལས་ཁུངས་ནས་དེའི་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་འཁྲོལ་འཛིན་མེད་པ་བཟོ་དགོས། བདེ་འཇགས་དོ་དམ་གཏན་འབེབས་དང་འགལ་རིགས་སྤྱི་བདེ་སྡེ་ཚན་ནས་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་གཅོད་དགོས།

     

    དོན་ཚན་རེ་གཉིས་པ། ཨིན་འབྲེལ་དྲ་ཞུགས་ཁང་གཉེར་མཁན་ཚན་པའམ་མི་སྒེར་གྱིས་སྲོལ་ཡིག་འདིའི་དོན་ཚན་ཉེར་གཉིས་པའི་གཏན་འབེབས་ལས་འགལ་རིགས་སྤྱི་བདེ་སྡེ་ཚན་ནས་དེར་དྲན་སྐུལ་ཐ་ཚིག་གཏོང་དགོས་པ་དང་། དེའི་ཁྲིམས་འགལ་ཡོང་འབབ་རྣམས་གཞུང་བཞེས་གཏོང་དགོས། ཁྲིམས་འགལ་ཡོང་འབབ་སྒོར་ཁྲི་གཅིག་བརྒལ་རིགས་ལ་ཁྲིམས་འགལ་ཡོང་འབབ་ཀྱི་ལྡབ་གཉིས་ནས་ལྡབ་ལྔ་བར་གྱི་དངུལ་ཆད་གཅོད་དགོས་པ་དང་། ཁྲིམས་འགལ་ཡོང་འབབ་མེད་པའམ་ཡང་ན་ཁྲིམས་འགལ་ཡོང་འབབ་སྒོར་ཁྲི་གཅིག་མ་ཟིན་པའི་རིགས་ལ་དངུལ་ཆད་སྒོར་ཁྲི་གཅིག་ནས་ཁྲི་གཉིས་བར་གཅོད་དགོས། གནས་ཚུལ་ཚབས་ཆེའི་རིགས་ལ་ཟླ་གཅིག་ནས་ཟླ་གསུམ་རིང་ལས་མཚམས་བཞག་སྟེ་བཅོས་སྒྲིག་བྱེད་རྒྱུའི་བཀའ་གཏོང་དགོས། བསྒྱུར་བཅོས་མི་གཏོང་བའི་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ནས་དྲ་རྒྱ་ལས་གཉེར་འཁྲོལ་འཛིན་མེད་པ་བཟོ་དགོས།

    དོན་ཚན་རེ་གསུམ་པ། གླུ་གར་རོལ་རྩེད་ཁང་དང་ཁེ་གཉེར་རང་བཞིན་གྱི་སྒྱུ་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་མཁན་ཨར་ཁང་དང་། ཟ་ཁང་། རོལ་དབྱངས་ཇ་ཁང་སོགས་གཉེར་མཁན་ཚན་པའམ་མི་སྒེར། དེ་བཞིན་འཁྲབ་སྟོན་གཉེར་མཁན་ཚན་པ་སོགས་ཀྱིས་འཁྲབ་སྟོན་ཚན་པ་དང་མི་སྒེར་གྱི་ལས་གཉེར་བྱེད་སྟངས་ལ་སྲོལ་ཡིག་འདིའི་དོན་ཚན་ཉེར་གཉིས་པའི་ནང་བཀག་སྡོམ་བྱས་པའི་ནང་དོན་ཡོད་པ་ཤེས་རྟོགས་བྱུང་ནའང་དེར་བཀག་འགོག་མི་བྱེད་པ་དང་གཙོ་འགན་འཁུར་མཁན་ཚན་པར་སྙན་སེང་མ་ཞུ་མཁན་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་། སྤྱི་བདེ་ཚན་པས་གནས་ཚུལ་ཚབས་ཆེ་ཆུང་ལ་བལྟས་ནས་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་ཉེས་ཆད་གཅོད་དགོས།

    དོན་ཚན་རེ་བཞི་པ། ཨིན་འབྲེལ་དྲ་ཞུཌ་ཁང་གིས་སྲོལ་ཡིག་འདིའི་དོན་ཚན་ཉེར་བདུན་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་ཏེ་དྲ་ཞུགས་མཁན་ལ་གནས་མལ་མཁོ་འདོན་བྱས་ཚེ་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་ཚན་པས་དྲན་སྐུལ་ཐ་ཚིག་གཏོང་བ་དང་འབྲེལ་བསྒྱུར་བཅོས་བྱེད་དགོས་པའི་བཀའ་གཏོང་དགོས་པ་དང་། བསྒྱུར་བཅོས་མི་བྱེད་མཁན་ལ་མི་ཐེངས་རེར་དངུལ་ཆད་སྒོར་200རེ་གཅོད་རྒྱུ།

    དོན་ཚན་རེ་ལྔ་པ། ཨིན་འབྲེལ་དྲ་ཞུགས་ཁང་གི་རིགས་ཀྱིས་སྲོལ་ཡིག་འདིའི་དོན་ཚན་ཉེར་བརྒྱད་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་ཏེ་ལས་གཉེར་བྱེད་མི་ཆོག་པའི་དུས་ཚོད་ནང་ལས་གཉེར་བྱས་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དྲན་སྐུལ་ཐ་ཚིག་གཏོང་དགོས་པ་དང་འབྲེལ་དངུལ་ཆད་སྒོར་སུམ་སྟོང་ནས་སྒོར་ཁྲི་གཅིག་བར་གཅོད་དགོས། གནས་ཚུལ་ཚབས་ཆེ་རིགས་ལ་དངུལ་ཆད་སྒོར་ཁྲི་1ནས་སྒོར་ཁྲི་1.5བར་གཅོད་དགོས་པ་མ་ཟད་དེ་དང་ཆབས་ཅིག་ཏུ་ཉིན་7ནས་ཉིན་30བར་ལས་མཚམས་བཞག་སྟེ་བཅོས་སྒྲིག་བྱེད་དགོས་པའི་བཀའ་གཏོང་དགོས་པ་དང་། དྲ་རྒྱའི་རིག་གནས་ལས་གཉེར་འཁྲོལ་འཛིན་མེད་པ་བཟོ་རྒྱུ་བཅས་ཀྱི་ཉེས་ཆད་གཅོད་དགོས། གླུ་གར་རོལ་རྩེད་ཁང་གིས་སྲོལ་ཡིག་འདིའི་དོན་ཚན་ཉེར་བརྒྱད་པའི་ནང་གསེས་དང་པོ་ལས་འགལ་ཏེ་ལས་གཉེར་བྱེད་མི་ཆོག་པའི་དུས་ཚོད་ལ་ལས་གཉེར་བྱས་ཚེ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དེར་དྲན་སྐུལ་ཐ་ཚིག་གཏོང་དགོས་པ་དང་བསྒྱུར་བཅོས་གཏོང་རྒྱུའི་བཀའ་གཏོང་དགོས་པ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་ཟླ་གཅིག་རིང་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་རྒྱུའི་བཀའ་གཏོང་དགོས།

    དོན་ཚན་རེ་དྲུག་པ། ཨིན་འབྲེལ་དྲ་ཞུགས་ཁང་གི་རིགས་ཀྱིས་སྲོལ་ཡིག་འདིའི་དོན་ཚན་ཉེར་དགུ་པའི་གཏན་འབེབས་ལས་འགལ་ཏེ་རང་འཚམ་གྱི་སྒོ་ནས་ལག་རྩལ་དོ་དམ་བྱ་ཐབས་དང་བདེ་འཇགས་ལག་རྩལ་དོ་དམ་བྱ་ཐབས་སྤྱོད་མཚམས་བཞག་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་། སྤྱི་བདེ་སྡེ་ཚན་ནས་དྲན་སྐུལ་ཐ་ཚིག་གཏོང་རྒྱུ་དང་འབྲེལ་དངུལ་ཆད་སྒོར་5000ནས་སྒོར་ཁྲི་1བར་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེའི་རིགས་ལ་ཉིན་བདུན་ནས་ཉིན་སུམ་ཅུའི་རིང་ལས་མཚམས་བཞག་ནས་བཅོས་སྒྲིག་བྱེད་རྒྱུའི་བཀའ་གཏོང་དགོས། བསྒྱུར་བཅོས་མི་བྱེད་པའི་རིགས་ལ་དྲ་རྒྱའི་ལས་གཉེར་འཁྲོལ་འཛིན་མེད་པ་བཟོ་དགོས།

    དོན་ཚན་རེ་བདུན་པ། ཨིན་འབྲེལ་དྲ་ཞུགས་ཁང་གི་རིགས་ཀྱིས་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་ན་ཚོད་མ་ལོན་པའི་མི་སྐོང་འགུག་བྱས་རིགས་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ནས་ན་ཚོད་མ་ལོན་པའི་མི་རེ་སྐོང་འགུགས་བྱས་པར་དངུལ་ཆད་སྒོར་2000རེ་གཅོད་རྒྱུའི་ཚད་གཞི་བཟུང་ནས་དངུལ་ཆད་གཅོད་དགོས། དངུལ་ཆད་བསྡོམས་འབོར་སྒོར་ཁྲི་1.5ནས་འགལ་མི་ཆོག ན་ཚོད་མ་ལོན་པའི་མི་གསུམ་ཡན་སྐོང་འགུགས་ཐེངས་གཉིས་པ་བྱས་རིགས་ལ་གོང་གསལ་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུའི་ཐོག་ཟླ་གཅིག་ནས་ཟླ་གསུམ་བར་ལས་མཚམས་བཞག་སྟེ་བཅོས་སྒྲིག་བྱེད་དགོས་པའི་བཀའ་གཏོང་དགོས། ན་ཚོད་མ་ལོན་པའི་མི་སྐོང་འགུགས་ཐེངས་གསུམ་པ་བྱས་རིགས་སམ་ཡང་ན་ཐེངས་གཅིག་རང་ལ་ན་ཚོད་མ་ལོན་པའི་མི་8ཡན་སྐོང་འགུགས་བྱས་རིགས་ལ་གོང་གསལ་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུའི་ཐོག་དྲ་རྒྱའི་རིག་གནས་ལས་གཉེར་འཁྲོལ་འཛིན་མེད་པ་བཟོ་རྒྱུ། གླུ་གར་རོལ་རྩེད་ཁང་རིགས་ཀྱིས་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་ན་ཚོད་མ་ལོན་པའི་མི་སྐོང་འགུགས་བྱས་རིགས་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དེའི་ཁྲིམས་འགལ་གྱི་ཡོང་འབབ་རྣམས་གཞུང་བཞེས་གཏོང་དགོས་པ་དང་འབྲེལ་ཁྲིམས་འགལ་ཡོང་འབབ་སྒོར་ཁྲི་1བརྒལ་རིགས་ལ་ཁྲིམས་འགལ་ཡོང་འབབ་ཀྱི་ལྡབ་གཅིག་ནས་ལྡབ་གསུམ་བར་གྱི་དངུལ་ཆད་གཅོད་དགོས། ཁྲིམས་འགལ་ཡོང་འབབ་མ་བྱུང་བའམ་ཡང་ན་ཁྲིམས་འགལ་ཡོང་འབབ་སྒོར་ཁྲི་1མ་བྱུང་བའི་རིགས་ལ་སྒོར་ཁྲི་1ནས་ཁྲི་2བར་གྱི་དངུལ་ཆད་གཅོད་རྒྱུ་དང་། ཟླ་1ནས་ཟླ་3བར་ལས་མཚམས་བཞག་སྟེ་བཅོས་སྒྲིག་བྱེད་རྒྱུའི་བཀའ་གཏོང་དགོས།

    དོན་ཚན་རེ་བརྒྱད་པ། གླུ་གར་ཞབས་བྲོ་ཁང་དང་ཁེ་གཉེར་རང་བཞིན་གྱི་རིག་གནས་སྒྱུ་རྩལ་འཁྲབ་སྟོན་བྱེད་སྒོ་གཉེར་མཁན་གྱི་ཨར་ཁང་། ཟ་ཁང་། རོལ་དབྱངས་ཇ་ཁང་སོགས་ཀྱིས་སྲོལ་ཡིག་འདིའི་དོན་ཚན་སོ་གསུམ་པའི་གཏན་འབེབས་ལས་འགལ་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་། སྤྱི་བདེ་ལས་ཁུངས་ཀྱིས་དེར་དྲན་སྐུལ་ཐ་ཚིག་གཏོང་དགོས་པ་མ་ཟད་བསྒྱུར་བཅོས་བྱེད་རྒྱུའི་བཀའ་གཏོང་དགོས། གནས་ཚུལ་ཚབས་ཆེའི་རིགས་ལ་ཟླ་1ནས་ཟླ་3བར་ལས་མཚམས་བཞག་སྟེ་བསྒྱུར་བཅོས་བྱེད་རྒྱུའི་བཀའ་གཏོང་དགོས།

    དོན་ཚན་རེ་དགུ་པ། འཁྲབ་སྟོན་གཉེར་མཁན་ཚན་པས་སྲོལ་ཡིག་འདིའི་དོན་ཚན་སོ་བཞི་པའི་གཏན་འབེབས་ལས་འགལ་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དེར་དྲན་སྐུལ་ཐ་ཚིག་གཏོང་དགོས་པ་མ་ཟད་བསྒྱུར་བཅོས་གཏོང་རྒྱུའི་བཀའ་གཏོང་དགོས། བསྒྱུར་བཅོས་མི་བྱེད་པའི་རིགས་ལ་དེ་དང་ཆབས་ཅིག་ཏུ་སྒོར་1000ནས་སྒོར་5000བར་གྱི་དངུལ་ཆད་གཅོད་ཆོག

    དོན་ཚན་བདུན་ཅུ་པ། རིག་གནས་སྒྱུ་རྩལ་འཁྲབ་སྟོན་དང་སྒྱུ་རྩལ་འགྲེམས་སྟོན་གཉེར་མཁན་ཚན་པའམ་མི་སྒེར་གྱིས་སྲོལ་ཡིག་འདིའི་དོན་ཚན་སོ་དྲུག་པའི་ནང་གསེས་དང་པོའི་གཏན་འབེབས་ལས་འགལ་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱིས་དེར་འཁྲབ་སྟོན་བྱེད་མཚམས་འཇོག་རྒྱུའི་བཀའ་གཏོང་དགོས་པ་དང་ཁྲིམས་འགལ་གྱི་ཡོང་འབབ་རྣམས་གཞུང་བཞེས་གཏོང་དགོས་པ་དང་འབྲེལ་ཁྲིམས་འགལ་ཡོང་འབབ་སྒོར་ཁྲི་1བརྒལ་རིགས་ལ་ཁྲིམས་འགལ་ཡོང་འབབ་ཀྱི་ལྡབ་8ནསལྡབ་10བར་གྱི་དངུལ་ཆད་གཅོད་དགོས། ཁྲིམས་འགལ་ཡོང་འབབ་མེད་པའམ་ཡང་ན་ཁྲིམས་འགལ་ཡོང་འབབ་སྒོར་ཁྲི་1མ་ལོན་པའི་རིགས་ལ་དངུལ་ཆད་སྒོར་ཁྲི་1ནས་སྒོར་ཁྲི་1.5བར་གཅོད་དགོས། གནས་ཚུལ་ཚབས་ཆེ་རིགས་ལ་དེ་སྔའི་ལག་ཁྱེར་སྤྲོད་མཁན་ལས་ཁུངས་ནས་དེའི་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་འཁྲོལ་འཛིན་མེད་པ་བཟོ་དགོས། སྲོལ་ཡིག་འདིའི་དོན་ཚན་སོ་དྲུག་པའི་ནང་གསེས་གཉིས་པའི་གཏན་འབེབས་ལས་འགལ་ཏེ་ཕུགས་འབྲས་ཚབས་ཆེ་བཟོ་མཁན་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་། སྤྱི་བདེ་སྡེ་ཚན་ནས་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་ཉེས་ཆད་གཅོད་དགོས། སྲོལ་ཡིག་འདིའི་དོན་ཚན་སོ་དྲུག་པའི་ནང་གསེས་གསུམ་པའི་གཏན་འབེབས་ལས་འགལ་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་ནས་དེར་བསྒྱུར་བཅོས་བྱེད་དགོས་པའི་བཀོད་པ་གཏོང་དགོས་པ་དང་འབྲེལ་ཁྲིམས་འགལ་ཡོང་འབབ་རྣམས་གཞུང་བཞེས་གཏོང་དགོས་པ་དང་། ཁྲིམས་འགལ་ཡོང་འབབ་སྒོར་ཁྲི་1བརྒལ་རིགས་ལ་ཁྲིམས་འགལ་ཡོང་འབབ་ཀྱི་ལྡབ་3ནས་ལྡབ་5བར་གྱི་དངུལ་ཆད་གཅོད་དགོས་པ་དང་། ཁྲིམས་འགལ་ཡོང་འབབ་མེད་པའམ་ཡང་ན་ཁྲིམས་འགལ་ཡོང་འབབ་སྒོར་ཁྲི་1མ་ལོན་པའི་རིགས་ལ་དངུལ་ཆད་སྒོར་ཁྲི་3ན་ཁྲི་5བར་གཅོད་དགོས།

    དོན་ཚན་དོན་གཅིག་པ། རིག་གནས་གྲབས་གཤོམ་བྱེད་སྒོ་སྤེལ་མཁན་ཚན་པའམ་ཡང་ན་མི་སྒེར་གྱིས་སྲོལ་ཡིག་འདིའི་དོན་ཚན་སོ་བདུན་པའི་གཏན་འབེབས་དང་འགལ་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་རིག་གནས་སྲིད་འཛིན་གཙོ་འགན་ཁུར་མཁན་སྡེ་ཚན་ནས་དེར་དྲན་སྐུལ་ཐ་ཚིག་གཏོང་དགོས་པ་མ་ཟད་བསྒྱུར་བཅོས་བྱེད་རྒྱུའི་བཀའ་གཏོང་དགོས། གནས་ཚུལ་ཚབས་ཆེའི་རིགས་ལ་སྒོར་5000ནས་སྒོར་ཁྲི་1བར་གྱི་དངུལ་ཆད་གཅོད་དགོས།

    དོན་ཚན་དོན་གཉིས་པ། རིག་གནས་ཁྲོམ་རའི་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་དང་དེའི་ལས་བྱས་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་རིགས་ལ་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱེད་དགོས་པ་དང་། འགན་འཁུར་བ་དང་ཐད་ཀའི་འགན་འཁྲི་ཡོད་མཁན་ལ་ཁྲིམས་ལུགས་གཞིར་བཟུང་སྲིད་འཛིན་ཆད་པ་གཅོད་དགོས་པ་དང་། གནས་ཚུལ་ཚབས་ཆེའི་རིགས་ལ་ཁྲིམས་ལུགས་གཞིར་བཟུང་གནས་རིམ་བཅོག་པ་དང་། གོ་གནས་མེད་པ་བཟོ་བའམ་ཡང་ན་ལས་ཁུངས་ནས་མིང་འབུད་གཏོང་བ་བཅས་བྱེད་དགོས།

    དོན་ཚན་དོན་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ་ཉེས་གསོག་གི་ཚད་ལ་སླེབས་རིགས་ཁྲིམས་ལུགས་གཞིར་བཟུང་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས།

    ལེའུ་དྲུག་པ། ཞར་བྱུང་།

    དོན་ཚན་དོན་བཞི་པ། སྲོལ་ཡིག་འདི་2009ལོའི་ཟླ་12པའི་ཚེས་30ཉིན་ནས་ལག་བསྟར་བྱེད་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།