དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲུབ་འགོག་བཅའ་ཁྲིམས〉ལག་བསྟར་བྱེད་ཕྱོགས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས》སོགས་ཁྲིམས་སྲོལ་ཁག་11ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པས 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲུབ་འགོག་བཅའ་ཁྲིམས 〉ལག་བསྟར་བྱེད་ཕྱོགས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས 》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་11ལ་གཤམ་གསལ་གྱི་བཟོ་བཅོས་རྒྱག་རྒྱུའི་གཏན་འབེབས་བྱས་པ་ཡིན།

        གཅིག 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲུབ་འགོག་བཅའ་ཁྲིམས 〉ལག་བསྟར་བྱེད་ཕྱོགས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས 》ཀྱི་དོན་ཚན་སུམ་ཅུ་པ་དང་དོན་ཚན་སོ་བཞི་པ་མེད་པ་བཟོ་རྒྱུ།

        གཉིས། 《བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ལམ་སྐྱེལ་འདྲེན་སྲོལ་ཡིག 》གི་དོན་ཚན་བཅོ་ལྔ་པ་དང་དོན་ཚན་ང་ལྔ་པའི་ནང་ཚན་དང་པོའི་ནང་གི “འགྲིམ་འགྲུལ་གཏན་འཁེལ་འགྲོ་གྲོན་འཇལ་བ ”ཞེས་པ་དང་དོན་ཚན་ང་བདུན་པའི་ནང་ཚན་གཉིས་པའི་ནང་གི “འཇལ་དགོས་པའི་གཏན་འབེབས་འགྲོ་གྲོན ”ཞེས་པ། དོན་ཚན་རེ་དགུ་པ་བཅས་མེད་པ་བཟོ་རྒྱུ།

        གསུམ། 《〈ཀྲུང་ཧྭ་མི་དམས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས 〉ལག་བསྟར་བྱེད་ཕྱོགས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས 》ཀྱི་དོན་ཚན་བཅུ་བདུན་པའི་ནང་གསེས (དང་པོ )དང་། དོན་ཚན་སོ་གཅིག་པའི་ནང་ཚན་གཉིས་པ། དོན་ཚན་ཞེ་གསུམ་པའི་ནང་གསེས (བཞི་པ )དང་ནང་གསེས (ལྔ་པ )བཅས་ནང་གི “བསྡུ་སྤྱོད ”ཞེས་པ་དེ “བསྡུ་ལེན་དང་བསྡུ་སྤྱོད ”ཞེས་གཅིག་གྱུར་བཟོ་བཅོས་རྒྱག་རྒྱུ།

        བཞི། གཤམ་གྱི་ཁྲིམས་སྲོལ་ནང་སྤྱོད་པའི “《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་སྲོལ་ཡིག 》”ཞེས་པ་དེ “《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས 》”ཞེས་བཟོ་བཅོས་བརྒྱབ་པ།

        1.《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་མཁའ་ཟོན་བཅའ་ཁྲིམས 〉ལག་བསྟར་བྱེད་ཕྱོགས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས 》ཀྱི་དོན་ཚན་ཞེ་བདུན་པ་དང་།

        2.《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་གྱི་འགན་སྲུང་བཅའ་ཁྲིམས 〉ལག་བསྟར་བྱེད་ཕྱོགས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས 》ཀྱི་དོན་ཚན་སོ་གསུམ་པའི་ནང་ཚན་གཉིས་པ།

        3. 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་བཅའ་ཁྲིམས 〉ལག་བསྟར་བྱེད་ཕྱོགས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས 》ཀྱི་དོན་ཚན་ཉེར་དགུ་པ།

        4. 《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ཚོགས་བཅའ་ཁྲིམས 〉ལག་བསྟར་བྱེད་ཕྱོགས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས 》ཀྱི་དོན་ཚན་ཞེ་གཅིག་པ།

        5.《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་གྲམ་དམར་པོ་ཚོགས་པའི་བཅའ་ཁྲིམས 〉ལག་བསྟར་བྱེད་ཕྱོགས་ཀྱི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས 》ཀྱི་དོན་ཚན་བཅུ་དགུ་པ།

        6.《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་མི་ཨུ་ཡོན་ལྷན་ཁང་གི་འདེམས་བསྐོའི་བྱ་ཐབས 》ཀྱི་དོན་ཚན་ཞེ་བཅུ་པ་བཅས།

        7.《“མི་སྟོང་སྤྲོད་ལེན ”གྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས 》ཀྱི་ནང་གསེས་གཉིས་པའི་ནང་ཚན་བཞི་པ་བཅས།

        ལྔ་《〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས 〉བབ་བསྟུན་བྱེད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག 》ནང་གི “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་སུམ་ཅུ་སོ་དྲུག་པའི་གཏན་འབེབས་གཞིར་བཟུང ”ཞེས་པ་དེ “《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས 》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང ”ཞེས་པར་བཟོ་བཅོས་རྒྱག་རྒྱུ་དང་དོན་ཚན་དྲུག་པའི་ནང་གི “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་དགུ་པའི་གཏན་འབེབས་ལྟར་ལག་ལེན་བྱེད་རྒྱུ ”ཞེས་པ་དེ “ངེས་པར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་ལྔ་པའི་གཏན་འབེབས་ལྟར་ལག་ལེན་བྱེད་རྒྱུ ”ཞེས་བཟོ་བཅོས་རྒྱག་རྒྱུ།

        གཏན་འབེབས་དེ་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།