དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་ཀྱི་2009ལོའི་ནོར་སྲིད་ངེས་རྩིས་ལ་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག 《བོད་རང་སྐྱོང་ལྗོངས་ཀྱི་2009ལོའི་ནོར་སྲིད་ངེས་རྩིས་དང་2010ལོའི་ལོ་སྟོད་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ 》དང 《2009ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་རིམ་པ་འདི་གའི་སྔོན་རྩིས་ལག་བསྟར་དང་དེ་མིན་ནོར་སྲིད་གཏོང་ཡོང་གི་རྩིས་བཤེར་ལས་དོན་སྐོར་གྱི་སྙན་ཞུ 》ཉན་ནས་གྲོས་ཞིབ་བྱས་པ་དང་། 《2009ལོའི་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ངེས་རྩིས (འཆར་ཟིན )》ལ་ཞིབ་བཤེར་བྱས་ཤིང་། ཚོགས་འདུས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་བཏོན་པའི 《བོད་རང་སྐྱོང་ལྗོངས་ཀྱི་2009ལོའི་ནོར་སྲིད་ངེས་རྩིས་ལ་ཞིབ་བཤེར་བྱས་སྐོར་གྱི་སྙན་ཞུར 》མོས་མཐུན་བྱས་པ་དང 《2009ལོའི་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ངེས་རྩིས 》ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད། ཚོགས་འདུས་བླང་བྱ་བཏོན་པར། སྔར་ལས་ལྷག་པའི་སྒོ་ནས་སྔོན་རྩིས་ལ་གཅུན་འདེམས་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔོན་རྩིས་སྒྲིག་ཁོངས་འཐུས་ཚང་བཟོ་བ་དང་སྔོན་རྩིས་ལག་བསྟར་ལ་ལྟ་སྐུལ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་ནོར་དཔལ་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། རྩིས་བཤེར་གཏན་འབེབས་ལག་བསྟར་ནན་པོ་བྱས་ནས་རྩིས་བཤེར་སྙན་ཞུའི་ནང་གི་སྔོན་རྩིས་དོ་དམ་བྱེད་རྒྱུར་ཤུགས་སྣོན་དང་ལེགས་བཅོས་གཏོང་རྒྱུའི་བསམ་འཆར་དོན་འཁྱོལ་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།