དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བྲང་དམར་ནེ་ཙོ་ཆེ་མོ་དང་བྲང་དམར་ནེ་ཙོ་ཁྲིམས་འགལ་ངང་འཛིན་པ་དང་།   ཕྱིར་ཚོང་བྱེད་པ།   ཉོ་སྒྲུབ་བྱེད་པ།  སྐྱེལ་འདྲེན་བྱེད་པ་བཅས་བཀག་འགོག་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས 》ཀྱི་དོན་ཚན་བཅུ་དྲུག་པ་དང་དོན་ཚན་སུམ་ཅུ་སོ་ལྔ་པ་དང་། དེ་བཞིན 《བོད་རང་སྐྱོང་ལྗོངས་ཀྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱ་ཐབས 》ཀྱི་དོན་ཚན་བཅུ་དྲུག་པ་དང་དོན་ཚན་བཅུ་བདུན་པའི་གཏན་འབེབས་གཞིར་བཟུང་ད་ཆ་བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ནང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་བྱ་ཡུལ་བདག་ཏུ་མ་བཟུང་བའི་སྲོག་ཆགས་བྲང་དམར་ནེ་ཙོ་ཆེ་མོ་དང་བྲང་དམར་ནེ་ཙོ (psittacula alexandri)ཁྲིམས་འགལ་ངང་འཛིན་པ་དང་། ཕྱིར་ཚོང་བྱེད་པ། ཉོ་སྒྲུབ་བྱེད་པ། སྐྱེལ་འདྲེན་བྱེད་པ་བཅས་ཁྱོན་ཡོངས་ནས་བཀག་འགོག་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས་གཤམ་གསལ།

        སྤྱི་བསྒྲགས་འདི་སྤེལ་བའི་ཉིན་ནས་བཟུང་ཚན་པ་དང་མི་སྒེར་གང་རུང་ཞིག་གིས་བྲང་དམར་ནེ་ཙོ་ཆེ་མོ་དང་བྲང་དམར་ནེ་ཙོ་ཁྲིམས་འགལ་ངང་འཛིན་པ་དང་། ཕྱིར་ཚོང་བྱེད་པ། ཉོ་སྒྲུབ་བྱེད་པ། སྐྱེལ་འདྲེན་བྱེད་པ་བཅས་བཀག་འགོག་བྱ་རྒྱུ་ཡིན། རིམ་ཁག་ནགས་ལས་སྲིད་འཛིན་དོ་དམ་སྡེ་ཚན་དང་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཚན་གྱིས་ཁྲིམས་འགལ་སྒྲིག་འགལ་གྱི་དངོས་པོ་གཞུང་བཞེས་གཏོང་བ་དང་ཁྲིམས་འགལ་ཐོབ་ཆ་ཁྲིམས་ལྟར་གཞུང་བཞེས་གཏོང་རྒྱུ་མ་ཟད། ཉེས་ཆད་ཀྱང་གཅོད་རྒྱུ་ཡིན་པས་སྤྱི་ཚོགས་ལས་རིགས་ཁག་གིས་ལྟ་ཞིབ་གནང་བར་དགའ་བསུ་ཞུ་རྒྱུ་ཡིན།

        ཆེད་མངགས་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

        སྤྱི་ཚོགས་ལས་རིགས་ཁག་གིས་ལྟ་སྐུལ་བྱེད་བདེ་ཡོང་ཆེད་ད་ཆ་ཐེར་འདོན་ཁ་པར་ཡོངས་བསྒྲགས་བྱ་རྒྱུ་གཤམ་གསལ།

        རང་སྐྱོང་ལྗོངས་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་ཀྱི་ཁ་པར། 0891——6339715

        རང་སྐྱོང་ལྗོངས་ནགས་ལས་ཅུས་ནགས་ཚལ་སྤྱི་བདེ་ཅུས་ཀྱི་ཁ་པར། 0891——6826126

        རང་སྐྱོང་ལྗོངས་ནགས་ལས་ཅུས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་ཁྲུའུ་ཡི་ཁ་པར།     0891——6834770

        བོད་རང་སྐྱོང་ལྗོངས་ནགས་ལས་ཅུས།

        བོད་རང་སྐྱོང་ལྗོངས་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས།

        2010 ལོའི་ཟླ་ 4 ཚེས་ 28 ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།