དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་ཀྱི་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་ལས་སྒྲུབ་ཀྱི་སྤྱི་བསྒྲགས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        རྒྱལ་སྲིད་སྤྱི་ཁྱབ་ཁང་གི 《མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་དོ་དམ་སྲོལ་ཡིག 》གི་དོན་ཚན་བཅུ་གཉིས་པ་དང་《བོད་རང་སྐྱོང་ལྗོངས་ཀྱི་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་དོ་དམ་བྱེད་ཐབས 》ཀྱི་དོན་ཚན་བཅུ་གསུམ་པའི་འབྲེལ་ཡོད་གཏན་འབེབས་ལྟར་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ལུས་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱ་ཆེད་ཆེད་མངགས་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

        དང་པོ། བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དྲུག་དང་གྲོང་ཁྱེར་གཅིག་གི་རྫོང་དང་། ཤང་། སྲིད་འཛིན་ས་ཁོངས་བཅས་43དུ་2010ལོའི་ཟླ་6ཚེས་1ཉིན་ནས་ཟླ་10ཚེས་31ཉིན་བར་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་ལས་སྒྲུབ་ལག་བསྟར་བྱ་རྒྱུ་དང་ལས་སྒྲུབ་ཁུལ་གྱི་ཚངས་ཕྱེད་སྤྱི་ལེ་10 ཡིན་པ་དང་སྒྲིག་ཆས་ཧའོ་རྨིད་37མཐོ་འཕེན་མེ་སྒྱོགས་དང་། JFJ-1 BL-1 WR-IDབཅས་ཀྱི་རླངས་འཁོར་སྟེང་བཞག་པའི་མེ་ཤུགས་འཕུར་མདའ་བཅས་དང་དེ་བཞིན་ས་ངོས་དུ་ཞག་མ་ལག་བཅས་ཡིན།

        གཉིས་པ། གོང་གསལ་གྱི་ལས་སྒྲུབ་བྱེད་རིང་ལས་སྒྲུབ་ས་ཁོངས་ནང་མི་ཐབས་ལ་བརྟེན་ནས་ཆར་པ་བབས་མང་དུ་གཏོང་བའི (སེར་འགོག )ལས་སྒྲུབ་གནམ་གཤིས་ཀྱི་ཆ་རྐྱེན་འཛོམས་ནས་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་ལས་སྒྲུབ་བྱེད་སྐབས་གནས་ཡུལ་ས་ཁུལ (གྲོང་ཁྱེར )དང་རྫོང་དང་ཤང་བཅས་སྲིད་གཞུང་དང་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་མཁན་གཞུང་དོན་ཁང་གིས་མི་ཐབས་ལ་བརྟེན་ནས་གནམ་གཤིས་འགྱུར་ལྡོག་གཏོང་བའི་ལས་སྒྲུབ་ཀྱི་བདེ་འཇགས་དང་། དྲིལ་བསྒྲགས། སློབ་གསོ། སྤྱི་བསྒྲགས་གཤམ་སྤེལ་སོགས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབས་པ་དང་རྒྱ་ཆེའི་མང་ཚོགས་ཚོས་ཕན་ཚུན་ཤོད་རེས་བྱེད་པ་དང་འབྲེལ་གཤམ་གསལ་གྱི་འབྲེལ་ཡོད་དོན་གནད་ལ་དོ་སྣང་བྱ་རྒྱུའི་རེ་འདུན་ཞུ་རྒྱུ་སྟེ།

        1.མང་ཚོགས་ཀྱིས་མཁའ་འཕེན་མེ་སྒྱོགས (མེ་ཤུགས་འཕུར་མདའ )ལས་སྒྲུབ་བྱེད་ཡུལ་དུ་ལྟ་རུབ་བྱས་མི་ཆོག་པ་དང་ལྷག་པར་དུ་སློབ་ཕྲུག་གི་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ།

        2.མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་ལས་སྒྲུབ་ལ་སྤྱོད་པའི་མེ་སྒྱོགས་ཀྱི་མདེའུ་དང་མེ་ཤུགས་འཕུར་མདའི་མདེའུ་ཚང་མ་ནི་འབར་གས་བྱེད་སླ་བའི་ཉེན་ཁའི་དངོས་རྫས་ཡིན་པས་ལས་སྒྲུབ་ཁུལ་ནང་གི་སྡེ་ཚན་དང་ཡང་ན་མི་སྒེར་ལ་སྐྱོན་ཤོར་བའི་མདེའུ་དང་ཡང་ན་མེ་སྒྱོགས་ཀྱི་མདེའུ་དང་མེ་ཤུགས་འཕུར་མདའི་མདེའུ་ཡི་ཆག་རོ་བཅས་ཪྙེད་ཚེ་རང་གིས་རྡུང་བ་དང་། ལྷུ་བཤིག་པ། རྩེད་མོ་རྩེད་བ་བཅས་བྱ་རྒྱུ་བཀག་འགོག་ནན་པོ་བྱས་ཏེ་མི་སྣ་ཤི་རྨས་དོན་རྐྱེན་ཐོན་རྒྱུ་སྔོན་འགོག་བྱེད་པ་དང་འཕྲལ་མར་ས་གནས་དེ་གའི་སྲིད་གཞུང་དང་། སྤྱི་བདེ་ལས་ཁུངས། མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་མཁན་གཞུང་དོན་ཁང་བཅས་ལ་སྙན་སེང་ཞུ་དགོས།

        3.མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་ལས་སྒྲུབ་ལ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཐོན་པ་དང་ས་ཐོག་ཏུ་འབར་གས་མ་བྱས་པའི་མེ་སྒྱོགས་ཀྱི་མདེའུ་དང་མེ་ཤུགས་འཕུར་མདའི་མདེའུ་ལྷུངས་ཚེ་མི་དང་ཕྱུགས་རིགས་འཕྲལ་མར་ས་གནས་དེ་ནས་བྲལ་དགོས་པ་དང་འཕྲལ་མར་གནས་ཁུལ་ཤང་དང་གྲོང་རྡལ་ཡན་གྱི་སྲིད་གཞུང་དང་། སྤྱི་བདེ་ལས་ཁུངས་དང་ཡང་ན་གནམ་གཤིས་ཅུས་བཅས་ལ་སྙན་སེང་ཞུ་བ་དང་འབྲེལ་དོན་རྐྱེན་ཐོན་ཁུལ་སྲུང་སྐྱོབ་ཡག་པོ་བྱ་རོགས་བྱེད་དགོས།

        4.གོང་གསལ་སྤྱི་བསྒྲགས་ཀྱི་ནང་དོན་ལས་འགལ་བ་དང་འབྲེལ་དོན་རྐྱེན་བཟོ་མཁན་གྱིས་འགན་འཁྲི་རང་འཁུར་བྱེད་དགོས་ཁར་རྒྱལ་ཁབ་དང་མི་གཞན་ལ་གྱོང་གུན་བཟོས་རིགས་ལ་དཔལ་འབྱོར་དང་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས།

        གསུམ་པ། ས་ཁུལ (གྲོང་ཁྱེར )ཁག་གི་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་མཁན་གཞུང་དོན་ཁང་གི་འབྲེལ་གཏུག་ཁ་པར་གཤམ་གསལ།

    ས་ཁུལ།                                                                                                འབྲེལ་གཏུགས་ཁ་པར།

    ལྗོངས་མི་ཐབས་ལ་བརྟེན་ནས་གནམ་གཤིས་འགྱུར་ལྡོག་གཏོང་མཁན་ལྟེ་གནས།                        08916792391

    ལྷ་ས་གྲོང་ཁྱེར་གཞུང་ལས་ཁང་།                                                                          08916792364

    ཆབ་མདོའི་གཞུང་ལས་ཁང་།                                                                             08954823537

    ཉིང་ཁྲིའི་གཞུང་ལས་ཁང་།                                                                           08945824487

    གཞིས་རྩེའི་གཞུང་ལས་ཁང་།                                                                             08928980781

    ལྷོ་ཁའི་གཞུང་ལས་ཁང་།                                                                                  08937822263

    མངའ་རིས་གཞུང་ལས་ཁང་།                                                                              08972827425

    ནག་ཆུའི་གཞུང་ལས་ཁང་།                                                                                 08963822392

        བཞི་པ། ས་ཁུལ་ཁག་གི་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་མཁན་གཞུང་དོན་ཁང་གིས་སྤེལ་བའི་ལས་སྒྲུབ་སྤྱི་བསྒྲགས་ལ་དོ་སྣང་ཆེན་པོ་བྱེད་དགོས་པ་དང་སྤྱི་བསྒྲགས་དེའི་གོ་ཆོད་པའི་དུས་ཚོད་ནི་ལས་སྒྲུབ་ཀྱི་དུས་ཚོད་དང་གཅིག་མཚུངས་ཡིན།

        ཆེད་མངགས་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

        བོད་རང་སྐྱོང་ལྗོངས་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་མཁན་ལྟེ་གནས་ཀྱིས།

        2010ལོའི་ཟླ་5ཚེས་12ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།