དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ཅུས་ཀྱི་སྤྱི་བསྒྲགས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་སྐྱེལ་འདྲེན་སྲོལ་ཡིག 》དང་། 《བོད་རང་སྐྱོང་ལྗོངས་གཞུང་ལམ་སྐྱེལ་འདྲེན་སྲོལ་ཡིག 》《ལམ་ཐིག་གཏན་འཁེལ་བྱས་མེད་པའི་ཡུལ་སྐོར་རླངས་འཁོར་སྐྱོད་འཐུས་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ 》(བོད་འགྲིམ་སྤེལ [2007]ཨང་62)བཅས་ཀྱི་བླང་བྱ་གཞིར་བཟུང་དང་རང་ལྗོངས་ཀྱི་ཡུལ་སྐོར་འགྲུལ་སྐྱེལ་ཁྲོམ་རའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཡུལ་སྐོར་སྐྱེལ་འདྲེན་བྱེད་པའི་དགོས་མཁོ་སྐོང་བ་དང་། སྐྱེལ་འདྲེན་ཐད་འགན་ལེན་བྱེད་པ། རང་ལྗོངས་ཀྱི་ཡུལ་སྐོར་སྤྲོ་འཆམ་གྱི་སྐྱེལ་འདྲེན་ཞབས་ཞུའི་ཆུ་ཚད་སྔར་བས་གོང་མཐོར་གཏོང་བ། ཡུལ་སྐོར་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཡོང་བསྒྲགས་ངང་ཡུལ་སྐོར་བའི་གྲངས་ཚད་གཏན་འཁེལ་བཅས་བྱ་ཆེད་ད་ལྟ་འབྲེལ་ཡོད་ལས་དོན་ཐད་སྤྱི་བསྒྲགས་སྤེལ་རྒྱུ་གཤམ་གསལ།

        གཅིག གཞི་རྩའི་རྩ་དོན།

        སྐྱེལ་འདྲེན་བྱེད་ནུས་ཐད་འདྲ་མཉམ་དང་། གཞུང་དྲང་། མངོན་གསལ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ཡུལ་སྐོར་སྤྲོ་འཆམ་སྐྱེལ་འདྲེན་གྱི་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ཡུལ་སྐོར་སྤྲོ་འཆམ་གྱི་གཉེར་སྐྱོང་ལས་དོན་ནང་ཞུགས་རྒྱུར་སྐུལ་མ་གཏོང་ཆེད་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་དང་དེ་བཞིན་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་བྱ་གཞག་ཚན་པ་མིན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་རླངས་འཁོར་ལ་ཡུལ་སྐོར་སྐྱེལ་འདྲེན་གྱི་གཉེར་སྐྱོང་འགྲོ་ལུགས་གཉེར་རྒྱུ་ཡིན།

        གཉིས། ཐོ་འགོད་ཀྱི་དུས་ཚོད་དང་ས་གནས།

        1. རེ་ཞུའི་ཐོ་འགོད་དུས་ཚོད། 2010ལོའི་ཟླ་4ཚེས་21ནས་ཟླ་4ཚེས་30ཉིན་བར་ཡིན་ལ་དུས་ཚོད་ཡོལ་ན་ཐོ་འགོད་བྱེད་ཀྱི་མིན། ཐོ་འགོད་བྱས་རྗེས་ལག་ཁྱེར་གཉེར་རྒྱུའི་ཞིབ་ཕྲའི་དུས་ཚོད་ནི་2010ལོའི་ཟླ་6ཚེས་30ཉིན་བར་ཡིན། དུས་ཚོད་ཡོལ་ན་གཉེར་གྱི་མིན།

        2.རེ་ཞུའི་ཐོ་འགོད་བྱ་ཡུལ། ལྷ་ས་གྲོང་ཁྱེར་གྲྭ་བཞི་ལམ་སྒོ་རྟགས་11ཅིང་ཧྲེན་ཧྲེང་ཡོན་ཨར་ཁང་ཆེ་མོའི་ཚོམས་ཆེན་དུ་ཡིན (བྱང་འདབས་འགྲུལ་སྐྱེལ་ས་ཚིགས་ཀྱི་ནུབ་ངོས་སུ་ཡོད )

        གསུམ། འབྲེལ་ཡོད་བླང་བྱ།

        1.མཁོ་འདོན་བྱེད་དགོས་པའི་དཔྱད་ཡིག རླངས་འཁོར་ཡོད་མཁན་གྱིས་རེ་ཞུ་བྱེད་སྐབས་ངེས་པར་དུ་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་རམ་ཡང་ན་ཐེམ་ཐོའི་མ་ཡིག་དང་པར་སློག་བརྒྱབ་པའི་ཐེམ་ཐོ་དང་། རླངས་འཁོར་གཏོང་ཆོག་པའི་ལག་ཁྱེར། ཐོ་འགོད་དེབ་བམ་ཡང་ན་ཨང་གྲངས་བླངས་མེད་པའི་རླངས་འཁོར་ཉོ་སྒྲུབ་ཀྱི་བཙོངས་འཛིན། ཚད་ལོན་ལག་ཁྱེར་གྱི་མ་ཡིག་དང་པར་སློག་བརྒྱབ་པའི་ལག་ཁྱེར་བཅས་འཁྱེར་ནས་རེ་ཞུའི་ཐོ་འགོད་བྱེད་དགོས། རླངས་འཁོར་ཉོ་རྩིས་ཡོད་མཁན་གྱིས་ངེས་པར་དུ་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་རམ་ཡང་ན་ཐེམ་ཐོའི་མ་ཡིག་དང་པར་སློག་བརྒྱབ་པའི་ཐེམ་ཐོ་བཅས་འཁྱེར་ནས་ཐོ་འགོད་བྱེད་དགོས། མི་གཅིག་གིས་རེ་ཞུ་གཅིག་ལས་བྱེད་མི་ཆོག

        2.དོ་དམ་ཚད་ལྡན་ཡོང་བ་བྱས་ཏེ་སྐྱེལ་འདྲེན་གྱི་བདེ་འཇགས་འགན་ལེན་བྱ་ཆེད་བཀའ་འཁྲོལ་ཐོབ་པའི་ཁེར་རྐྱང་གཉེར་སྐྱོང་མཁན་གྱི་རླངས་འཁོར་མཉམ་གཉེར་ཆོག་པའི་ཡུལ་སྐོར་སྤྲོ་འཆམ་གྱི་སྐྱེལ་འདྲེན་ཁེ་ལས་ནང་ཞུགས་དགོས་པ་དང་འབྲེལ་ཁེ་ལས་ཀྱིས་གཅིག་གྱུར་ཐོག་འགྲོ་ལུགས་གཉེར་དགོས། འགྲོ་ལུགས་གཉེར་སྐབས་རེ་ཞུ་བྱེད་མཁན་གྱིས་ངེས་པར་དུ་ས་གནས་དེ་གའི་ཤང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ངམ་ཡང་ན་གྲོང་ཁྱེར་དང་གྲོང་རྡལ་གྲོང་མི་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ངོ་སྤྲོད (ངོ་སྤྲོད་ནང་ངེས་པར་དུ་རང་ཉིད་ཀྱི་མིང་དང་། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། སྤྱི་པའི་ཐམ་ག་འཁོད་པའི་འགྲོ་ལུགས་གཉེར་རྒྱུའི་ནང་དོན། འགན་འཁུར་བའི་མིང་བཅས་ཁ་གསལ་ཡོད་དགོས )ངོ་སྤྲོད་མེད་པ་དང་ངོ་སྤྲོད་རྫུས་མ་སྟོན་མཁན་དང་དེ་བཞིན་བླང་བྱ་དང་མི་འཚམ་པའི་ངོ་སྤྲོད་རིགས་ལ་བདག་སྤྲོད་བྱེད་ཀྱི་མིན།

        3.རླངས་འཁོར་གྱི་བཟོ་དབྱིབས་ཚད་གཞི།

        བོད་འགྲིམ་སྤེལ [2007]ཡིག་ཨང་62ཀྱི་གཏན་འབེབས་གཞིར་བཟུང་རླངས་འཁོར་གྱི་བཟོ་དབྱིབས་ཚད་གཞི་དང་དེ་བཞིན་འབྲེལ་ཡོད་ཀྱི་བླང་བྱ་གཤམ་གསལ།

        1.རྐུབ་སྟེགས་ 9(རྐུབ་སྟེགས་9ཚུད )མན་གྱི་རླངས་འཁོར་གསར་པ།

        ཕུང་ཐན་བྱེས་བགྲོད་རིགས། དབྱི་ཝུའེ་ཁེ་ཏུའུ་ལིང་V ཉི་སང་། ཧྥུ་ཆི། ལེ་པའོ།

        2.རྐུབ་སྟེགས་ 9(རྐུབ་སྟེགས་9ཚུད )མན་གྱི་ཕུང་ཐན་བྱེས་བགྲོད་རིགས་ཀྱི་རླངས་འཁོར་ཪྙིང་པ།

        ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་དག་ཡོད་དགོས་ཏེ། འཁོར་རིགས་ཐོག་མར་ཐོ་འགོད་བྱེད་སྐབས་ངེས་པར་དུ་ལྗོངས་ནང་ཁུལ་གྱི་ཁོངས་སུ་གཏོགས་པའི་རླངས་འཁོར་ཡིན་དགོས་པ་དང་། ཆེད་དོན་བདེ་འཇགས་ལག་རྩལ་ཐད་ཞིབ་དཔྱད་ཚད་ལོན་ཡིན་པ། ཕྱོགས་བསྡུས་ནུས་པའི་རིམ་པའི་ཞིབ་དཔྱད་གཏན་འཁེལ་དེ་རིམ་པ་དང་པོའི་ཚད་གཞིར་སླེབས་དགོས་པ་བཅས་ཡིན།

        3.རྐུབ་སྟེགས་ 10(རྐུབ་སྟེགས་10ཚུད )ཡན་གྱི་རླངས་འཁོར་གསར་པ།

        ཡ་ཤིང་པེན་ཁྲེ། ཁེ་སི་ཏ། དབྱི་ཝུའེ་ཁེ། ཅིན་ལུང་། ཡུས་ཐུང་། ཅིན་པེ་རུའེ་ཁྲེ།

        ཟུར་མཆན། ཡུལ་སྐོར་སྐྱེལ་འདྲེན་རླངས་འཁོར་གྱི་རིམ་པ་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་ཆེད་ཚོང་དོན་རླངས་འཁོར་དང་ཕུང་ཐན་རིགས་ཀྱི་བྱེས་བགྲོད་འཁོར་རིགས་མིན་པའི་རླངས་འཁོར་གྱི་རིན་གོང (ཉོ་སྒྲུབ་ཁྲལ་ཚུད )སྒོར་ཁྲི་22ཡན (རླངས་འཁོར་ཉོས་པའི་བཙོངས་འཛིན་དང་ཉོ་སྒྲུབ་ཁྲལ་གྱི་བཙོངས་འཛིན་ལ་གཞིགས་ཏེ་མཉམ་སྒྲིལ་ཐོག་རྩིས་རྒྱག་རྒྱུ )ནམ་ཡང་ན་འཁོར་རིགས་ཀྱི་རིམ་པ་དེ་ལས་མཐོ་རིགས་ལ་རླངས་འཁོར་གྱི་བཟོ་གྲྭ་དང་བཟོ་རྟགས་ལ་ཚད་བཀག་མེད།

        རྐུབ་སྟེགས་9མན་གྱི་ཕུང་ཐན་བྱེས་བགྲོད་རིགས་ཀྱི་རླངས་འཁོར་ཪྙིང་པ་ཕུད་རླངས་འཁོར་གཞན་རྣམས་རྩ་དོན་ཐོག་ལོ་དེ་གར་ཉོས་པའི་རླངས་འཁོར་གསར་པ་ཡིན་དགོས། 2007ལོའི་ཟླ་7ཚེས་1ཉིན་གྱི་རྗེས་སུ་ཉོས་པའི་རླངས་འཁོར་དག་འོས་སྦྱོར་རླངས་འཁོར་གྱི་་རེ་བ་དང་མཐུན་པའམ་ཡང་ན་རིམ་པ་དེ་ལས་མཐོ་རིགས་ལ་རླངས་འཁོར་ཕྱོགས་བསྡུས་ནུས་པའི་ཞིབ་དཔྱད་ནན་པོ་བརྒྱུད་ལག་རྩལ་གྱི་རིམ་པ་དེ་རིམ་པ་དང་པོར་སླེབས་རིགས་ཀྱི་རླངས་འཁོར་ལ་འགྲོ་ལུགས་གཉེར་རྒྱུ།

        4.ཞིབ་ཕྲའི་ལག་ཁྱེར་གཉེར་བའི་བརྒྱུད་རིམ་དང་དེ་བཞིན་གོང་འབུལ་བྱེད་དགོས་པའི་འབྲེལ་ཡོད་དཔྱད་གཞི་སོགས་ཀྱི་ཞིབ་ཕྲའི་བླང་བྱ་དེ 《ཡུལ་སྐོར་འགྲུལ་སྐྱེལ་གྱི་རླངས་འཁོར་གཉེར་སྐྱོང་གི་འགྲོ་ལུགས་གཉེར་ཐབས 》གཞིར་བཟུང་ལག་བསྟར་བྱ་རྒྱུ།

        5.རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཡུལ་སྐོར་འགྲུལ་སྐྱེལ་གྱི་འགྲོ་ལུགས་གཉེར་སྐབས་སྐྱེལ་འདྲེན་དོ་དམ་སྡེ་ཚན་གྱིས་ལག་ཁྱེར་བཟོས་པའི་མ་གནས་གྲོན་དངུལ་སྒོར་6བསྡུ་བ་ལས་དེ་མིན་གྱི་འགྲོ་གྲོན་བསྡུ་གི་མིན། ཚན་པ་དང་མི་སྒེར་སུ་ཡིན་རུང་གཉེར་སྐྱོང་ལག་ཁྱེར་ནང་བཤུག་གཏོང་བའམ་བར་ཚོང་བྱེད་མི་ཆོག གལ་ཏེ་ཤེས་རྟོགས་ཐུབ་ཚེ་གཉེར་སྐྱོང་ལག་ཁྱེར་མེད་པ་བཟོ་རྒྱུ་དང་མཉམ་གཉེར་ཁེ་ལས་སུ་ཁྲིམས་འགལ་བྱེད་སྤྱོད་ཐོན་རིགས་ལ་མཉམ་གཉེར་གྱི་ཐོབ་ཐང་མེད་པ་བཟོ་རྒྱུ་ཡིན།

        6.སྐྱེལ་འདྲེན་དོ་དམ་སྡེ་ཚན་གྱི་ལས་དོན་མི་སྣས་ངེས་པར་དུ་ཡོངས་བསྒྲགས་ཁ་གསལ་དང་དྲང་གཞག་ལུགས་མཐུན་གྱིས་འགྲོ་ལུགས་གཉེར་ཏེ་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།

        འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ལྟ་སྐུལ་ཐེར་འདོན་ཁ་པར། 0891-6822081

        སྐྱེལ་འདྲེན་དོ་དམ་ཅུས་ཀྱི་བློ་འདྲིའི་ཁ་པར། 0891-6817019

        བཞི། ཉེན་ཁའི་དྲན་སྐུལ།

        རང་ལྗོངས་ཀྱི་ཡུལ་སྐོར་སྐྱེལ་འདྲེན་གྱི་དུས་ཚིགས་རང་བཞིན་ཆེ་བ་དང་། འགྲུལ་ཁུངས་དོ་མི་སྙོམ་པ། ཡུལ་སྐོར་བ་མང་ཉུང་གི་ཁྱད་ཆོས་མངོན་གསལ་དོད་པ། ཡུལ་སྐོར་གྱི་འགྲུལ་སྐྱེལ་གཉེར་སྐྱོང་ཐད་ཉེན་ཁ་ཆེ་ཙམ་བཅས་ཡོད་པས་གཉེར་སྐྱོང་བ་ཚོས་ཁྲོམ་རའི་ཉེན་ཁར་ཚོད་སྐོར་གང་ལེགས་བྱེད་པ་དང་། བསམ་བློ་ཡག་པོ་གཏོང་བ། ཡིད་གཟབ་བཅས་བྱེད་དགོས། གཉེར་སྐྱོང་གི་ཉེན་ཁ་ཚང་མ་གཉེར་སྐྱོང་བ་རང་ཉིད་ཀྱིས་ཁུར་དགོས།

        ཆེད་དུ་སྤྱི་བསྒྲགས་འདི་བཏང་བ་ཡིན།

        བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་ཅུས་ཀྱིས།

        2010ལོའི་ཟླ་4ཚེས་21ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།