དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • སྣང་རྫོང་མི་དམངས་སྲིད་གཞུང་གི་ཕྱི་ཕྱོགས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས)དང་ཕྱི་ཕྱོགས་རྫོང་ཁག་གི་མི་སྣ་རང་རྫོང་ས་ཁོངས་ནང་དབྱར་རྩྭ་དགུན་འབུ་འཐུ་རྒྱུར་བཀག་སྡོམ་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་སྐོར་གྱི་བཅའ་ཁྲིམས 》དང 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས 》དེ་བཞིན 《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་རྒྱ་ཨང་70 པ་དང་90 པ 》དང་འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་སྣང་རྫོང་གི་རང་བྱུང་རྩྭ་ཐང་དང་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུ་དང་ཚད་ཡོད་ཀྱི་རང་བྱུང་ཐོན་ཁུངས་ཁག་ལུགས་མཐུན་ངང་བེད་སྤྱོད་ཡོང་བ་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་མངོན་འགྱུར་དང་ཞིང་འབྲོག་མང་ཚོགས་ཚོའི་ཐོན་སྐྱེད་འཚོ་བའི་ལམ་ལུགས་བརྟན་ལྷིང་ཡོང་བའི་འགན་སྲུང་དང་དབྱར་རྩྭ་དགུན་འབུ་འཐུ་བ་དང་ཉོ་སྒྲུབ་ཀྱི་དོ་དམ་གཏན་འབེབས་ཁག་ཚད་ལྡན་དང་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཆེད་སྣང་རྫོང་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་བྱས་པ་བརྒྱུད་ 2009 ལོའི་ཟླ་ 2 པ་ནས་བཟུང་སྣང་རྫོང་ས་ཁོངས་ནང་འགག་སྒོ་བཙུགས་ནས་ཕྱི་ཕྱོགས་ཀྱི་ཞིང་ཆེན (རང་སྐྱོང་ལྗོངས )དང་ཕྱི་ཕྱོགས་རྫོང་ཁག་གི་མི་སྣ་རང་རྫོང་ས་ཁོངས་ནང་དབྱར་རྩྭ་དགུན་འབུ་འཐུ་བར་ཡོང་བར་བཀག་སྡོམ་བྱ་རྒྱུའི་གཏན་འབེབས་བྱས་ཡོད། རང་རྫོང་གི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ལ་ས་ཁོངས་དོ་དམ་གྱི་རྩ་དོན་ལག་བསྟར་གྱིས་རང་རྫོང་གི་ཐེམ་ཐོ་ཡོད་པ་མ་ཟད་ཤང་གྲོང་རྡལ་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཁས་ལེན་བྱས་པའི་ཞིང་འབྲོག་མང་ཚོགས་ཀྱིས་གཞི་ནས་གཏན་འབེབས་ས་ཁོངས་ནང་དབྱར་རྩྭ་དགུན་འབུ་འཐུ་ཆོག

        སྣང་རྫོང་མི་དམངས་སྲིད་གཞུང་ནས།

        2010 ལོའི་ཟླ་ 1པོར།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།