དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཞིང་ཆེན(ས་ཁུལ)གཞན་དང་རྫོང་གཞན་གྱི་མི་སྣ་རྒྱ་ཚྭ་རྫོང་གི་ས་ཁོངས་ནང་དུ་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་པར་ཡོང་རྒྱུ་བཀག་འགོག་བྱ་རྒྱུའི་སྐོར་གྱི་རྒྱ་ཚྭ་རྫོང་མི་དམངས་སྲིད་གཞུང་གི་སྤྱི་བསྒྲགས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-09

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས 》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས 》《བོད་རང་སྐྱོང་ལྗོངས་དབྱར་རྩྭ་དགུན་འབུ་སྔོག་འཐུ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས 》(བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་རྒྱ་ཨང་70པ )བཅས་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞན་དག་གཞིར་བཟུང་རྒྱ་ཚྭ་རྫོང་གི་རང་བྱུང་རྩྭ་ར་དང་སྣོད་བཅུད་ཁོར་ཡུག་ལ་དེ་བས་སྲུང་སྐྱོང་ཡོང་ཆེད་དང་རང་བྱུང་ཐོན་ཁུངས་ལུགས་མཐུན་ངང་བེད་སྤྱོད་བྱས་ནས་མི་དང་རང་བྱུང་ཁམས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་དང་། འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པ་ཡོང་རྒྱུ་འགན་སྲུང་། དབྱར་རྩྭ་དགུན་འབུ་སྔོག་འཐུ་དང་ཉོ་ཚོང་དོ་དམ་ཚད་མཐུན་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཀྱི་བདེ་འཇགས་བརྟན་ལྷིང་བཅས་ཡོང་ཆེད་རྒྱ་ཚྭ་རྫོང་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་གཏན་འབེབས་བྱས་པ་སྟེ། 2010ལོའི་ཟླ་1ནས་བཟུང་རྒྱ་ཚྭ་རྫོང་གི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ལ “ས་ཁོངས་དོ་དམ ”རྩ་དོན་ལག་བསྟར་བྱེད་རྒྱུ་ཡིན་པས་རྒྱ་ཚྭ་རྫོང་གི་ཐེམ་ཐོ་ཡོད་མཁན་གྱི་ཞིང་འབྲོག་མང་ཚོགས་ཁོ་ན་གཏན་འཁེལ་བྱས་པའི་ས་ཁོངས་ནང་དུ་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་ཆོག་པ་ལས་ཞིང་ཆེན་དང་། ས་ཁུལ། རྫོང་གཞན་གྱི་མི་སྣ་རྒྱ་ཚྭ་རྫོང་ཁོངས་སུ་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱ་རྒྱུ་བཀག་འགོག་བྱེད་རྒྱུ་ཡིན།

        ཆེད་དུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།

        རྒྱ་ཚྭ་རྫོང་མི་དམངས་སྲིད་གཞུང་གིས།

        2010ལོའི་1ཚེས་9ཉིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།