ཟླ་8ཚེས་16ནས་ཟླ་11ཚེས་21ཉིན་བར་ཀྲུང་དབྱང་དཔལ་ཡོན་སྲོལ་གཏོད་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་སྒུལ་བདེ་འཕྲིན་གཏོང་ཚོགས་པ་ཀུང་སིས་མཉམ་འབྲེལ་ཐོག “མེས་རྒྱལ་ལ་སྨོན་འདུན་ཞུ་བའི ”ཤེས་དཔལ་སྤྱི་ཕན་གྱི་འཕྲིན་ཐུང་བརྒྱུད་གཏོང་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།
བྱེད་སྒོའི་རྣམ་པ་རིགས་གཉིས་ལ་ཕྱེ་བ་སྟེ། གཅིག་ནི་འཕྲིན་ཐུང་གསར་རྩོམ་ཡིན་པ། སྒུལ་བདེའི་ལག་ཁྱེར་ཁ་པར་སྤྱོད་མཁན་གྱིས་ཤེས་དཔལ་སྤྱི་ཕན་གྱི་འཕྲིན་ཐུང་གསར་རྩོམ་བྱས་ནས་10658199ལ་བཏང་ནས་ཕུལ་བྱུང་འཕྲིན་ཐུང་དཔྱད་འདེམས་ནང་ཞུགས་ཆོག “མེས་རྒྱལ་ལ་སྨོན་འདུན་ཞུ་བའི ”བརྗོད་བྱ་གཙོ་བོར་དམ་པོར་དམིགས་ཏེ་ནང་དོན་སྐྱོན་བྲལ་ཡར་བརྩོན་དང་། ཚིག་སྦྱོར་སྙན་ཞིང་འཇུག་པ་བདེ་བ། ནང་དོན་གསར་པ་བཅས་ཀྱི་སྙན་ཚིག་དང་། ཆ་འཕྲིན། མྱོང་གཏམ་སོགས་ཡིན། འཕྲིན་ཐུང་རེར་རྒྱ་ཡིག་ཡིག་འབྲུ་70ཡི་ནང་ཚོད་འཛིན་བྱ་རྒྱུའི་རེ་བ་བཏོན་ཡོད་པ་དང་། གཉིས་ནི་ཕུལ་བྱུང་འཕྲིན་ཐུང་བརྒྱུད་གཏོང་ཡིན་པ། སྒུལ་བདེའི་ལག་ཁྱེར་ཁ་པར་སྤྱོད་མཁན་གྱིས་Tའམ་ཡང་ན་T+འཕྲིན་གཏོང་IDབྲིས་ནས་10658199ལ་གཏོང་བའམ་ཡང་ན་WWW.CHN60.COMནང་ཞུགས་ནས་དཔྱད་འདེམས་བྱས་ཟིན་པའི་ཕུལ་བྱུང་འཕྲིན་ཐུང་ཕབ་པ་དང་འབྲེལ་ཕབ་ཟིན་པའི་འཕྲིན་ཐུང་(གཏོང་ཡུལ་ཨང་གྲངས་10658199+གཏོང་ཡུལ་ཕ་རོལ་པོའི་ཁ་པར་ཨང་གྲངས )བརྒྱུད་གཏོང་བྱས་ནས་འཕྲིན་ཐུང་བརྒྱུད་གཏོང་གི་བྱེད་སྒོའི་ནང་ཞུགས་ཆོག བྱེད་སྒོ་སྤེལ་རིང་གཏོང་མཁན་གྱིས་Pབྲིས་ནས་10688199ལ་བཏང་སྟེ་སོ་སོའི་བརྒྱུད་གཏོང་བྱེད་ཚད་ཀྱི་གྲངས་གཞི་དང་དེ་བཞིན་རྒྱལ་ཡོངས་སུ་གྲལ་སྒྲིག་ཨང་གྲངས་འདྲི་རྩད་བྱེད་ཆོག
བྱེད་སྒོ་སྤེལ་རིང་གྲགས་ཅན་རྩོམ་པ་པོ་དང་། གསར་འགོད་པ། སྤྱི་ཚོགས་རིག་པ་མཁས་ཅན། གཏོང་མཁན་གྱི་འཐུས་མི། གཙོ་གཉེར་ཚན་པའི་འགན་འཁུར་བ་བཅས་ལས་གྲུབ་པའི་ཕུལ་བྱུང་འཕྲིན་ཐུང་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གིས་གཟའ་འཁོར་གཉིས་རེར་ཕུལ་བྱུང་འཕྲིན་ཐུང་གསར་རྩོམ་གྱི་བྱ་དགའ་དང་འཕྲིན་ཐུང་བརྒྱུད་གཏོང་གི་བྱ་དགའ་ཐེངས་རེ་འདེམས་རྒྱུ་ཡིན་ཞིང་། ཐེངས་རེར་འཕྲིན་ཐུང་གསར་རྩོམ་གྱི་རིམ་པ་དང་པོའི་བྱ་དགའ་10འདེམས་རྒྱུ་དང་རེར་སྒོར་3000རི་བའི་ལག་ཁྱེར་ཁ་པར་རེ་བྱ་དགར་སྤྲོད་རྒྱུ་དང་། རིམ་པ་གཉིས་པའི་བྱ་དགའ་20འདེམས་རྒྱུ་དང་རེར་སྒོར་800རི་བའི་སྒུལ་བདེའི་དངུལ་སྣོན་གཱ་རེ་བྱ་དགར་སྤྲོད་རྒྱུ། རིམ་པ་གསུམ་པའི་བྱ་དགའ་20འདེམས་རྒྱུ་དང་རེར་སྒོར་500རི་བའི་དངུལ་སྣོན་གཱ་རེ་བྱ་དགར་སྤྲོད་རྒྱུ་བཅས་རེད། འཕྲིན་ཐུང་བརྒྱུད་གཏོང་གི་རིམ་པ་དང་པོའི་བྱ་དགའ་5དང་རེར་སྒོར་2000ཙམ་རི་བའི་ལག་ཁྱེར་ཁ་པར་རེ་བྱ་དགར་སྤྲོད་རྒྱུ་དང་། རིམ་པ་གཉིས་པའི་བྱ་དགའ་5དང་རེར་སྒོར་500ཡོད་པའི་སྒུལ་བདེའི་དངུལ་སྣོན་གཱ་རེ་བྱ་དགར་སྤྲོད་རྒྱུ། རིམ་པ་གསུམ་པའི་བྱ་དགའ་10དང་རེར་སྒོར་200ཡོད་པའི་སྒུལ་བདེའི་དངུལ་སྣོན་གཱ་རེ་བྱ་དགར་སྤྲོད་རྒྱུ་བཅས་དང་གཞན་ཡང་སྒྲིག་འཛུགས་ཀྱི་བྱ་དགའ་10བཟོས་ཏེ་ཕུལ་དུ་བྱུང་བའི་སྒྲིག་འཛུགས་བྱེད་མཁན་ཚན་པར་གཟེངས་བསྟོད་བྱ་རྒྱུ་རེད།
བྱེད་སྒོའི་ནང་སྤྱི་ཕན་རང་བཞིན་གྱི་རྩ་དོན་མཐའ་འཁྱོངས་བྱས་ནས་འཕྲིན་ཐུང་གཏོང་བར་ཆ་འཕྲིན་གྱི་འགྲོ་གྲོན་མི་བསྡུ་རྒྱུ་དང་འཕྲིན་ཐུང་རེར་རྒྱུན་གཏན་གྱི་ཆ་འཕྲིན་འགྲོ་གྲོན་བསྡུ་རྒྱུ་དང་འཕྲིན་གཏོང་འགྲོ་གྲོན་གྱི་ཡོང་འབབ་ཚང་མ་ཀྲུང་གོ་དང་བླངས་ཞབས་ཞུའི་ཐེབས་རྩ་ལྷན་ཚོགས་ལ་འབུལ་རྒྱུ་ཡིན་པ་བཅས།
བོད་རང་སྐྱོང་ལྗོངས་དཔལ་ཡོན་སྲོལ་གཏོད་གཞུང་ལས་ཁང་།
2009ལོའི་ཟླ་8ཚེས་14ཉིན།