དབུ་ཤོག>སྲིད་དོན།
  • བོད་རྙིང་པའི་ཞལ་ལྕེའི་ནང་ཐ་མའི་ཐ་མའི་མིའི་སྟོང་ལ་དྲེས་ཐག་གཅིག་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-04-19

    རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས་15ཉིན་བཏོན་པའི《བོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་ག》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་རྙིང་པར་ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང《ཞལ་ལྕེ་བཅུ་གསུམ》དང《ཞལ་ལྕེ་བཅུ་དྲུག》ལག་བསྟར་བྱས་ཏེ་མི་ལ་རབ་འབྲིང་ཐ་གསུམ་དང་རིམ་པ་དགུར་དབྱེ་ནས་རིམ་པ་ནན་པོའི་ལམ་ལུགས་དེ་བཅའ་ཁྲིམས་སུ་གྱུར་ཡོད་ཅེས་བཤད་པ་རེད།

    ཞལ་ལྕེའི་ནང“མི་ལ་རབ་འབྲིང་ཐ་གསུམ་དབྱེ་བ་དང་རིམ་པ་རེ་རེར་སླར་ཡང་རབ་འབྲིང་ཐ་གསུམ་དབྱེ་ཡོད། རབ་འབྲིང་ཐ་གསུམ་དེ་ནི་རིགས་རྒྱུད་མཐོ་དམན་ལ་བརྟེན་ནས་གཏན་འཁེལ་བྱེད་ཀྱི་ཡོད”“མི་ལ་རབ་འབྲིང་ཐ་གསུམ་ཡོད་སྟབས་ཁོང་ཚོའི་སྟོང་ལའང་མཐོ་དམའ་ཡོད”པ་དང“མི་རབ་ཀྱི་རབ་ཀྱི་སྟོང་ནི་དེ་དག་གི་རོ་དང་གསེར་མཉམ་བརྗེ་བྱེད་པ”དང“ཐ་མའི་ཐ་མའི་སྟོང་ལ་དྲེས་ཐག་གཅིག”ཡིན་པའི་གཏན་འབེབས་བྱས་ཡོད།

    དུས་རབས་20པའི་ལོ་རབས་50པའི་དུས་མཇུག་ཏུ་བོད་ཀྱི་མི་འབོར་གྱི་5%ཡང་ཟིན་མེད་པའི་མངའ་བདག་ཆེན་པོ་གསུམ་དང་དེའི་ངོ་ཚབ་ཀྱིས་བོད་ཀྱི་རྨོ་ཞིང་དང་། འབྲོག་ར། ནགས་ཚལ། རི་ཀླུང་། ཆུ་རྒྱུན། གྲམ་ཐང་བཅས་དང་དེ་བཞིན་ཕྱུགས་ཟོག་ཕལ་ཆེ་བ་བཟུང་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཁྱིམ་རྒྱུད་ཀྱིས་གཞིས་ཀ་27དང་འབྲོག་ར་30བཟུང་བ་དང་ཞིང་བྲན་6000ལྷག་ཙམ་ཡོད་པ་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལག་ཏུ་གསེར་སྲང་ཁྲི་16དང་། དངུལ་སྲང་ཁྲི་9500 རྩ་ཆེའི་གཡང་ཊིའི་ཡོ་ཆས་ཁྲི་2ལྷག་ཙམ། དར་གོས་རིགས་དང་རྩ་ཆེའི་པགས་པའི་གྱོན་གོས་ཁྲི་1ལྷག་ཙམ་བཅས་ཡོད་ཅིང་། བོད་ཀྱི་མི་འབོར་གྱི་95%ཟིན་པའི་ཞིང་བྲན་དང་བྲན་གཡོག་ལ་གང་ཡང་མེད་པ་དང་ཡ་ང་བའི་གནས་སུ་ལྷུངས་པ་མ་ཟད་འགྲོ་བ་མིའི་ཐོབ་ཐང་སྤུ་ཙམ་ཡང་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།