དབུ་ཤོག>སྲིད་དོན།
  • རྒྱབ་ཤ་དཀར་པོའི་དེབ་དེར་བོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-19

    ཟླ་4ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《བོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་ག》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་ནས་བོད་འཕེལ་རྒྱས་ཀྱི་ལོ་རྒྱུས་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་བོད་འཕེལ་རྒྱས་ཀྱི་འགྲོ་ལམ་ནི་ལོ་རྒྱུས་ཀྱི་ལྡོག་མེད་གདམ་ག་ཡིན་པའི་ཆོད་གཏམ་གལ་ཆེན་ཁྱོན་ཡོངས་ནས་རྒྱས་བཤད་བྱས་པ་རེད། རྒྱབ་ཤ་དཀར་པོའི་དེབ་དེ་བཏོན་པ་ནས་བཟུང་རང་ལྗོངས་ཀྱི་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་མི་སྣས་རྒྱབ་ཤ་དཀར་པོའི་དེབ་སྐོར་གྱི་ནང་དོན་དང་དོན་སྙིང་གལ་ཆེན་སྐོར་གཅིག་རྗེས་གཉིས་མཐུད་ཀྱིས་གང་བསམ་ལྷུག་པོར་གླེང་གི་ཡོད་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་གི་སློབ་གྲྭའི་ཕྱོགས་བསྡུས་སློབ་ཁྲིད་ཞིབ་འཇུག་པུའུ་ཡི་འབུམ་རམས་པ་ཞུས་ཁྲང་ཅུས་ཀྱིས་རྒྱབ་ཤ་དཀར་པོའི་དེབ་དེས་གཞི་གྲངས་དང་དོན་དངོས་འབོར་ཆེན་དྲངས་ཏེ་ལམ་ལུགས་རྙིང་པ་བོད་ཀྱི་ལོ་རྒྱུས་ཀྱི་གར་སྟེགས་ནས་ཕྱིར་འཐེན་བྱས་པ་དེ་ལྡོག་ཏུ་མེད་པ་དང་། བོད་གསར་པས་འཕེལ་རྒྱས་ཀྱི་འགྲོ་ལམ་ཡང་དག་ཐོག་བསྐྱོད་པ། “དབུ་མའི་ལམ”གྱི་ངོ་བོ་ནི་ཀྲུང་གོ་ཁ་ཕྲལ་གཏོང་རྒྱུ་དེ་ཡིན་པ། “ཞི་བ”དང“འཚེ་མེད”ཀྱི་རྫུན་རྣམ། ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་འཛིན་པའི་སྲིད་ཇུས་བཅས་ཕྱོགས་ལྔའི་ཐད་ནས་བོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་ག་ངོ་སྤྲོད་བྱས་ཡོད་ཅེས་བཤད་པ་རེད།

    སྤྱི་ཚོགས་རྙིང་པར་སྐྱེས་པ་དང་དར་དམར་འོག་འཚར་ལོངས་བྱུང་ནས་མུག་ནག་དང་གདུག་རྩུབ་ཀྱི་སྤྱི་ཚོགས་རྙིང་པ་བརྒྱུད་མྱོང་ཡོད་ལ་སྤྱི་ཚོགས་གསར་པའི་ཉི་འོད་འོག་འོད་སྟོང་འཕྲོ་བ་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་ཁྱིམ་ནི་གཞིས་རྩེར་ཡོད་པའི་ལས་འཁྱུར་ངལ་གསོ་བརྒྱབ་པའི་ལས་བྱེད་པ་ཏང་ཡོན་རྒན་གྲས་སྤེན་པ་ཚེ་རིང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས་གསར་འགོད་པར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མིས་འགྲེལ་བཤད་བརྒྱབ་ནས་རང་ཉིད་ཀྱིས《བོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་ག》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་དོན་གཙོ་བོ་ཤེས་བྱུང་ཞེས་བཤད། ཁོང་གིས་རང་ཉིད་ལྟར་མུན་ནག་དང་རྗེས་ལུས་ཀྱི་བོད་རྙིང་པ་བརྒྱུད་མྱོང་ཡོད་མཁན་ཚང་མས་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ཐད་ཐོབ་པའི་གྲུབ་འབྲས་ལ་སྙིང་དབུས་ནས་བསྔགས་བརྗོད་བྱེད་ངེས་ཡིན། བོད་འདི་ཉིད་ད་ཆའི་འཕེལ་རྒྱས་འགྲོ་ལམ་ཐོག་སྐྱོད་ཐུབ་པ་དེ་མི་དམངས་ཀྱི་གདམ་ག་དང་ལོ་རྒྱུས་ཀྱི་གདམ་ག་རེད་ལ་དེང་རབས་ཤེས་དཔལ་འཕེལ་རྒྱས་འགྲོ་བའི་ཕྱི་རོལ་ཡུལ་གྱི་བླང་བྱ་ཞིག་ཀྱང་ཡིན་པ་དེ་བོད་ཀྱི་དོན་དངོས་དང་མཐུན་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་མཐུན་ཡོད། ད་ཆ་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་འགྲོ་ལམ་དེ་བརྒྱུད་བདེ་སྐྱིད་འཚོ་བ་སྐྱེལ་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱས་ནས་རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་བཅས་ཀྱི་བདག་པོར་གྱུར་ཡོད། བོད་འདི་ཉིད་དབུལ་ཕོངས་དང་རྗེས་ལུས་ནས་འབྱོར་ཕྱུག་དང་ཤེས་དཔལ་གྱི་ཕྱོགས་སུ་མཆོང་སྐྱོད་བྱུང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་ཞི་མཐུན་མཉམ་གནས་དང་བདེ་སྡུག་མཉམ་མྱོང་བྱས་ཏེ་བདེ་སྐྱིད་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་ཐུན་མོང་ཐོག་གཏོད་བཞིན་ཡོད། བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ཐད་གྲུབ་འབྲས་རབ་དང་རིམ་པ་ཐོབ་པ་དེ་ཐོག་ནས་ང་ཚོའི་དེང་དུས་ཀྱི་འགྲོ་ལམ་ནི་རྦད་དེ་ཡང་དག་པའི་འགྲོ་ལམ་ཞིག་ཡིན་པ་གང་ལེགས་མཚོན་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།