ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་བཏོན་པའི《བོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་ག》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་རང་སྐྱོང་ལྗོངས་ཀྱི་རིམ་བཞིའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་34244ཡི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱི་འཐུས་མི་31901ཡོད་པ་དེས་93%ཡན་བཟུང་ཡོད་ལ་མོན་པ་རིགས་དང་། ལྷོ་པ་རིགས། འཇང་རིགས། ཧུད་རིགས། ཀྲོང་རིགས་སོགས་ཀྱི་འཐུས་མི་ཡང་ཡོད། མི་གྲངས་44ལས་གྲུབ་པའི་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་མི་སྣའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱི་མི་སྣ་25ཡོད་པ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ་14ཡོད་པའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱི་མི་སྣ་8ཡོད་ཅེས་བསྟན་ཡོད།
མིག་སྔར་བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པའི་དཔུང་ཁག་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་གྱི་ལས་བྱེད་པས་70.95%བཟུང་ཡོད།