སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ཚོགས་འདུ་ཐེངས་28པའི་ཐོག་ཞིབ་འཇུག་བྱས་པ་བརྒྱུད། སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་12པ་དེ་2015ལོའི་ཟླ་4ཚེས་22ཉིན་ལྷ་སར་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད། ཚོགས་འདུའི་གྲོས་རིམ་གཙོ་བོ་ནི་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་12པའི་གྲོས་རིམ་ལ་གྲོས་ཞིབ་གྲོས་འཆམ་དང་། རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས”ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས”ཀྱི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། དོན་ཚན་གཞན་ལ་ཞིབ་འཇུག་བཅས་ཡིན་པ་རེད།