དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-04-13

    《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་བསམ་ཕྱོགས》ལ་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་བ། 

    ཉེ་ཆར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་བསམ་ཕྱོགས》ལ་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་གནས་བབ་དང་གཞི་རྩའི་བསམ་ཕྱོགས་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལས་རིགས་ཁག་གི་འཆར་འགོད་བཟོ་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱ་རྒྱུ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”ལས་དོན་ཁག་ཁྲོད་ནས་མཚོན་པ་བྱས་ཏེ་འཆར་གཞི་དེ་ལེགས་གྲུབ་ཡོང་བ་བྱས་ཐོག་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནི་བོད་ཀྱིས་མུ་མཐུད་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་བའི་འགག་རྩའི་དུས་མཚམས་ཤིག་དང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འཐབ་ཇུས་དུས་སྐབས་ཤིག་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཡག་པོ་བཟོ་རྒྱུ་དེ་ནི་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་དང་འབྲེལ་བ་ཡོད་པས་དོན་སྙིང་ཧ་ཅང་ཟབ་མོ་ལྡན་ཡོད།

    ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་གིས་གྲུབ་འབྲས་ཐོབ་པའི་དུས་འགོའི་ལས་ཀའི་རྨང་གཞིའི་ཐོག་མུ་མཐུད་དམ་པ་དོན་གཉེར་གྱིས་འཆར་འགོད་ཁག་ཡག་པོ་བཟོ་རྒྱུར་སྐུལ་མ་གཏོང་དགོས། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས་གཞི་རྩའི་བསམ་ཕྱོགས་སྔར་བས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་གནས་བབ་ཁྱོན་ཡོངས་ནས་མངོན་པ་བྱེད་དགོས། ས་ཁུལ་དང་གྲོང་ཁྱེར་ཁག་དང་སྡེ་ཚན་ཁག་གིས་གཞི་རྩའི་བསམ་ཕྱོགས་གཞིར་བཟུང་། “ལོ་ལྔ་ཚན་བཅུ་གསུམ་པའི”རྣམ་གྲངས་གལ་ཆེན་དང་། ལས་གྲྭ་གལ་ཆེན། སྲིད་ཇུས་གལ་ཆེན་བཅས་འཆར་འགོད་ཧུར་ཐག་བྱས་ནས་གཞི་རྩའི་བསམ་ཕྱོགས་དེ་ལས་ཀའི་བྱེད་ཐབས་དངོས་ལ་འགྱུར་བ་བྱེད་དགོས། ས་ཁུལ་དང་གྲོང་ཁྱེར་ཁག་དང་། འབྲེལ་ཡོད་སྡེ་ཚན་ཁག གཙོ་གནད་ལས་རིགས་དང་ས་ཁོངས་ཁག་བཅས་ཀྱིས་འཆར་འགོད་བཟོ་བའི་ལས་དོན་འཕྲལ་མར་སྤེལ་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་བརྟག་ཞིབ་གཏིང་ཟབ་དང་། ཕྱོགས་མང་པོས་མཐུན་སྦྱོར་གཞོགས་འདེགས། མི་རྒྱུ་དངོས་གསུམ་འགན་ལེན་ནན་པོ་བཅས་བྱས་ཏེ་འཆར་འགོད་བཟོ་བའི་ལས་དོན་ཁག་བདེ་བླག་ངང་སྤེལ་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།