ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གི་དེ་སྔའི་ཐིང་ཀྲང་གཞོན་པ་བློ་མཐུན་སུའུ་ལིའུ་སྙུང་གཞིས་རྐྱེན་པས་2015ལོའི་ཟླ་3ཚེས་19ཉིན་པེ་ཅིང་དུ་སྐུ་གཤེགས་པ་དང་དགུང་ལོ་90ཕེབས་ཡོད་པ་རེད།
བློ་མཐུན་སུའུ་ལིའུ་ནི་1925ལོའི་ཟླ་བཅུ་གཉིས་པར་ཨན་ཧུའེ་ཞིང་ཆེན་སུའེ་ཤིས་རྫོང་དུ་འཁྲུངས་ཤིང་། 1938ལོའི་ཟླ་བཅུ་གཅིག་པར་གསར་བརྗེའི་ལས་དོན་ནང་ཞུགས་པ་དང་། 1942ལོའི་ཟླ་དགུ་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་རེད། ཁོང་གིས་དེ་སྔོན་དམག་དཔུང་ཞིན་སི་ཅུན་ཡན་ལག་རུ་ཁག་དྲུག་པ་དང་། ཧུའེ་བྱང་ཡན་ལག་དམག་ཁུལ་བརྒྱད་པ། ཧོ་ནན་ཨན་ཧུའེ་ཅང་སུའུ་དམག་ཁུལ། དམག་སྡེ་བཅོ་བརྒྱད་པ་བཅས་ཀྱི་འཕྲོད་བསྟེན་པུའུ་རུ་ཕྱག་ལས་གནང་མྱོང་བ་དང་། 1951ལོའི་ཟླ་གསུམ་པར་དམག་སྡེ་བཅོ་བརྒྱད་པ་དང་མཉམ་དུ་བོད་དུ་ཕེབས་ནས་དམག་སྡེ་བཅོ་བརྒྱད་པའི་ཧྲི་ང་གཉིས་པའི་འཕྲོད་བསྟེན་ཁྲུའི་ཁྲུའུ་ཀྲང་གཞོན་པ་དང་། བོད་ལྗོངས་རྒྱལ་རྩེ་འཕྲོད་བསྟེན་ཁོའོ་ཡི་ཁོའོ་ཀྲང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཡོན་ཀྲང་གཞོན་པ། པེ་ཅིང་སློབ་ཆེན་སློབ་གྲྭའི་སྨན་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཡོན་ཀྲང་། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གི་ཐིང་ཀྲང་གཞོན་པ་སོགས་ཀྱི་འགན་སྔ་རྗེས་སུ་བཞེས་ཤིང་། 1988ལོའི་ཟླ་གསུམ་པར་རྩ་འཛུགས་ཀྱིས་ཆོག་མཆན་གནང་བ་བརྒྱུད་ལས་བྲལ་ངལ་གསོ་གནང་བ་རེད།
ཁོང་སྐུ་གཤེགས་པ་ལས་ང་ཚོར་ཏང་ཡོན་ཡག་པོ་ཞིག་དང་བློ་མཐུན་ཡག་པོ་ཞིག་ཉུང་དུ་ཕྱིན་པ་རེད།