དབུ་ཤོག>སྲིད་དོན།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་རྒྱུན་རྣམ་གསར་པའི་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཚུལ་སྐོར་གླེང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-16

    རྒྱུན་རྣམ་གསར་པའི་འོག་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་ནི། བོད་ཀྱི་དོན་དངོས་དང་བསྟུན་ནས་རྒྱུན་རྣམ་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱེད་པ། རྒྱུན་རྣམ་གསར་པ་དོན་འཁྱོལ་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས་གནོད་མེད་དང་། ཐཱན་ཉུང་། འཁོར་རྒྱུག་བཅས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དེ་རྒྱལ་ཡོངས་ཀྱི་འཕེལ་རྒྱས་དང་ཧེ་བག་ཆུང་དུ་ཧུར་ཐག་བཏང་ནས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་གོམ་སྟབས་ཀྱི་རྗེས་སུ་གང་མགྱོགས་བསྙེགས་པ་དང་ཆབས་ཅིག་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ལ་སྔར་བས་དོ་སྣང་དང་གནོད་མེད་རྒྱུན་མཐུད་ཀྱི་འཕེལ་རྒྱས་ལ་དེ་བས་དོ་སྣང་བྱས་ཏེ་རྒྱལ་ཡོངས་དང་གོམ་སྟབས་གཅིག་མཚུངས་ཐོག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས།

    ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་སྒོ་ནས་གོང་འཕེལ་བྱུང་སྟེ་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་ཕྱིར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ཡོད། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་འོག་བོད་ཀྱིས་དོན་དངོས་དང་བསྟུན་ནས་རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱས་ཏེ་རྒྱལ་ཡོངས་འཕེལ་རྒྱས་ཀྱི་གོམ་སྟབས་ཀྱི་རྗེས་སུ་གང་མགྱོགས་བསྙེག་རྒྱུ་རེད། པེ་ཅིང་དུ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་བརྗོད་གཞི་དེའི་ཐད་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་བ་རེད།

    “སྤྱི་འབོར་མང་གཏོང་དང་། སྤུས་ཚད་ལ་སྣང་ཆེན། མགྱོགས་མྱུར་རྗེས་སྙེག”བྱ་རྒྱུ་ཡིན་པ། 

    གསར་འགོད་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་འོག་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་གཙོ་བོ་གང་ཡིན་ནམ། འཕར་གཞི་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག འཕེལ་རྒྱས་ལ་སྐུལ་གཏོང་སོགས་དོན་འཁྱོལ་ཐད་གསར་གཏོད་ཀྱི་བྱ་ཐབས་གང་ཡོད་དམ།

    བློ་བཟང་རྒྱལ་མཚན། བོད་འདི་ཉིད་མཐའ་མཚམས་ས་ཁུལ་དང་། མི་རིགས་ས་ཁུལ། གཅིག་སྡུད་ཡུག་འབྲེལ་གྱི་དབུལ་པོའི་ས་ཁུལ་བཅས་ཡིན་པའི་ངོས་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ད་དུང་ཅུང་དམའ་བའི་བང་རིམ་དུ་གནས་པས་ནང་སའི་འཕེལ་རྒྱས་ཀྱི་ཆུ་ཚད་དང་གཅིག་མཚུངས་མིན།རྒྱུན་རྣམ་གསར་པའི་འོག་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་ནི། བོད་ཀྱི་དོན་དངོས་དང་བསྟུན་ནས་རྒྱུན་རྣམ་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། རྒྱུན་རྣམ་གསར་པ་དང་རང་འགུལ་ངང་འཚམ་པ་བྱེད་པ། རྒྱུན་རྣམ་གསར་པ་དོན་འཁྱོལ་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས་གནོད་མེད་དང་། ཐཱན་ཉུང་། འཁོར་རྒྱུག་བཅས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དེ་རྒྱལ་ཡོངས་ཀྱི་འཕེལ་རྒྱས་དང་ཧེ་བག་ཆུང་དུ་གཏོང་གང་ཐུབ་བྱས་ནས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་གོམ་སྟབས་གང་མགྱོགས་རྗེས་སྙེག་དང་ཆབས་ཅིག འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ལ་སྔར་བས་དོ་སྣང་དང་གནོད་མེད་རྒྱུན་མཐུད་ཀྱི་འཕེལ་རྒྱས་ལ་དེ་བས་དོ་སྣང་བྱས་ཏེ་རྒྱལ་ཡོངས་དང་གོམ་སྟབས་གཅིག་མཚུངས་ཐོག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་དགོས་པ་སྟེ།

    གཅིག་ནི་འཕར་གཞི་བརྟན་པོ་ཡོང་བའི་ཐད་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་དམིགས་ཚད་ཀྱི་བླང་བྱ་ནས་འགོ་བཙུགས་ཏེ་དཔལ་འབྱོར་འཕར་གཞི་བལྟོས་བཅས་ཀྱིས་ཅུང་མཐོ་བའི་མྱུར་ཚད་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དམའ་བ་དང་། འགོ་འཛུགས་ཕྱི་བ། རྨང་གཞི་ཞན་པ་བཅས་ཀྱིས་རྐྱེན་པས་མིག་སྔར་སྤྱི་འབོར་དང་གཞི་ཁྱོན་ཧ་ཅང་ཆུང་ངུ་ཡིན་ཞིང་། 2014ལོར་བོད་ས་ཁུལ་གྱི་ཐོན་སྐྱེད་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་དེ་རྒྱལ་ཡོངས་ཀྱི་GDPསྤྱི་འབོར་གྱི་0.14%ལས་བཟུང་མེད་པ་དང“སྤྱི་འབོར་མང་གཏོང་དང་། སྤུས་ཚད་ལ་སྣང་ཆེན། མགྱོགས་མྱུར་རྗེས་བསྙེགས”བཅས་ཡོང་བ་བྱ་རྒྱུ་ནི་སྔར་བཞིན་ད་ལྟའི་དུས་མཚམས་ཀྱི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྡོག་མེད་བླང་བྱ་ཞིག་རེད། རྒྱུན་རྣམ་གསར་པའི་འོག་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་ཅུང་ཆག་ཀྱང་འཕར་ཚད་དེ་སྔར་བཞིན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱེད་དགོས། དེ་ལྟར་བྱུང་ཚེ་གཞི་ནས་རྒྱལ་ཡོངས་ཀྱི་འཕེལ་རྒྱས་གོམ་སྟབས་ཀྱི་རྗེས་སུ་བསྙེགས་ཐུབ།

    སླད་ཕྱིན་ཀྲུང་དབྱང་གིས་མཐའ་མཚམས་མི་རིགས་ས་ཁུལ་གྱི་ནོར་སྲིད་གཏོང་སྤྲོད་སྤོ་སྒྱུར་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཐད་ཀྱི་གཏོང་ཆ་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པའི་རྨང་གཞིའི་ཐོག བོད་ཀྱིས་རང་སྟོབས་རང་འཕེལ་དང་དཀའ་སྤྱད་འབད་འཐབ་བྱས་ནས་བལྟོས་བཅས་ཀྱིས་འཕར་ཚད་མྱུར་པོ་རྒྱུན་འཁྱོངས་བྱེད་དགོས་ངེས་ཡིན་ལ་ལག་ལེན་ཐོག་འཁྱོལ་ཐུབ་ངེས་ཀྱང་ཡིན་པ་དང་།

    གཉིས་ནི་གྲུབ་ཆ་ལེགས་སྒྲིག་ཐད་སྤུས་ཚད་ལེགས་སུ་གཏོང་རྒྱུར་དེ་བས་སྣང་ཆེན་བྱས་ཏེ་སྔོ་ལྗང་དང་ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་འཕེལ་རྒྱས་ལ་གཙོ་གནད་ཐོག་དམ་འཛིན་བྱེད་དགོས། རང་ལྗོངས་ཀྱི་ཐོན་ལས་བསྡོམས་འབོར་ཉུང་བ་དང་། འབྲེལ་ཐག་ཐུང་བ། སྣེ་འདྲེན་རྐང་འཛིན་ཁེ་ལས་དཀོན་པ། ཁྲོམ་རའི་འགྲན་ནུས་ཞན་པ་བཅས་ཀྱི་ད་ལྟའི་གནས་ཚུལ་ལ་དམིགས་ནས། ཐོན་ཁུངས་ཀྱི་ལེགས་ཆ་དང་ཚད་བསྡུར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཚན་རིག་དང་མཐུན་པའི་ངང་ཐོན་ལས་བཀོད་སྒྲིག་འཆར་འགོད་ཀྱིས་ཡུལ་སྐོར་རིག་གནས་དང་། ནུས་རྒྱུ་གཙང་མ། རང་བྱུང་འཐུང་ཆུ་སོགས་གནོད་མེད་དང་། ཐཱན་ཉུང་། འཁོར་རྒྱུག་བཅས་ཀྱི་ཐོན་ལས་དེ་རང་སྐྱོང་ལྗོངས་སྟོབས་ཆེར་གཏོང་བའི་ཐོན་ལས་ལ་བརྩིས་ཏེ་གཙོ་གནད་ཐོག་སྐྱེད་སྲིང་བྱེད་དགོས། ན་ནིང་རང་ལྗོངས་སུ་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་ཐོག་མ་དེ་བདེ་བླག་ངང་གཉེར་བ་དང“མི་ཡུལ་གྱི་གནས་མཆོག·མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་སྤུས་རྟགས་གཟུགས་བརྙན་གྱི་ཤུགས་རྐྱེན་བཟང་པོ་ཐོན་པ།

    གསུམ་ནི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ཐད་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་སྔར་བས་བྱས་ཏེ་ཁྲོམ་རའི་གསོན་ཤུགས་གང་ལེགས་འཕེལ་བ་བྱེད་དགོས། སྒྱུར་བཅོས་སྒོ་ཀུན་ནས་གཏིང་ཟབ་ཏུ་གཏོང་བའི་རྒྱབ་ལྗོངས་ཆེན་པོའི་འོག་ཐོན་ཁུངས་བཀོད་སྒྲིག་ཐད་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་སྲིད་གཞུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཐད་ཀྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་བྱས་ནས་ཁྲོམ་རའི་དཔལ་འབྱོར་ལ་ཞིབ་འཇུག་དང་། ཁྲོམ་རའི་བྱ་ཐབས་སྤྱོད་པ། ཁྲོམ་རའི་སྒྲིག་སྲོལ་ལ་བརྩི་བཀུར་ཞུ་བ་བཅས་ལ་སྣེ་ཁྲིད་དེ་ཁྲོམ་རའི་སྟོབས་ཤུགས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་ཤེས་པ་བྱས་ཐོག “ནུས་ལྡན་གྱི་ཁྲོམ་ར་སྐྱེད་སྲིང་དང་བྱས་རྗེས་འཇོག་ཐུབ་པའི་སྲིད་གཞུང”ཧུར་ཐག་འཛུགས་དགོས། ལྷག་དོན་དུ། ང་ཚོས་རྒྱལ་ཁབ་ཀྱིས་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་རྒྱུའི་བརྩོན་ལེན་བྱེད་པ་དང་ཆབས་ཅིག “ཁྲོམ་རའི་སྐུལ་འདེད”དང“དངུལ་རྩའི་རོགས་སྐྱོར”གྱི་ནུས་པར་དེ་བས་སྣང་ཆེན་གྱིས་མ་འཇོག་དང་མ་རྩ་མཉམ་འདྲེས་བྱ་ཐབས་ཟམ་མི་ཆད་པར་གསར་གཏོད་བྱས་ཏེ་སྤྱི་ཚོགས་ཧྲིལ་པོར་མ་དངུལ་གཏོང་ཤུགས་དང་མ་རྩ་མཉམ་འདྲེས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་དགོས་པ་བཅས་རེད།

    “རང་རྒྱལ་གྱི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་ཆེ་མོ”བཏོད་པ།

    གསར་འགོད་པ། བོད་འདི་ཉིད་རྒྱལ་ཁབ་ཀྱི“ཁུལ་གཅིག་དང་ལམ་གཅིག”གི་འཐབ་ཇུས་ནང་ཧུར་ཐག་ཞུགས་པའི་ཐད་དམིགས་བསལ་གྱི་ལེགས་ཆ་དང་བསམ་ཚུལ་གང་ཞིག་ཡོད་དམ།

    བློ་བཟང་རྒྱལ་མཚན། རྒྱལ་ཁབ་ཀྱི“ཁུལ་གཅིག་དང་ལམ་གཅིག”གི་འཐབ་ཇུས་ཀྱིས་བོད་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུའི་ཐད་ཐོབ་པར་དཀའ་བའི་ལོ་རྒྱུས་ཀྱི་གོ་སྐབས་བྱུང་ཡོད། བོད་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་མང་པོའི་ས་གཤིས་ཕན་ཚུལ་འབྲེལ་ཡོད་པ་དང་ལོ་རྒྱུས་ཐོག་དཔལ་འབྱོར་ཚོང་དོན་དང་རིག་གནས་ཕན་ཚུན་འགྲོ་འོང་ཟམ་མི་ཆད་པར་བྱུང་བས་རང་རྒྱལ་གྱི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་འཐབ་ཇུས་ཀྱི་ལྟེ་གནས་ཤིག་རེད། རང་རྒྱལ་གྱི་ལྷོ་ནུབ་དང་འབར་མ་དང་རྒྱ་གར་གྱི་རི་མཐོ་གཡང་གཟར་དབར་ལྷོ་ནུབ་དབུས་ཁུལ་འབྲེལ་བ་དང་། འགྲོ་ལམ་སྐམ་མཚོ་དང་འབྲེལ་བ། མངའ་ཁོངས་ཕྱི་ནང་འབྲེལ་བ་བཅས་ཀྱི་འགྲིམ་འགྲུལ་གྱི་མདོ་གནད་ཅིག་ཡོད་པ་དེར“གནའ་བོའི་ལྷོ་ཕྱོགས་ཀྱི་དར་གོས་ལམ་བུ”ཞེས་བརྗོད་ཀྱི་ཡོད། བོད་འདི་ཉིད་དར་གོས་ལམ་བུའི་སྐམ་ལམ་གྱི་འབུར་ཚིགས་སུ་གནས་ཡོད་པས་རང་རྒྱལ་གྱི་ཨེ་ཤེ་ཡ་ལྷོ་མར་སྐྱོད་པའི་ཟམ་སྣེའི་བཙན་རྫོང་ཞིག་རེད།

    མིག་སྔར་རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མའི་འཐབ་ཇུས་ཀྱི་ཤུགས་རྐྱེན་ལ་ཤུགས་སྣོན་རྒྱག་དགོས་གལ་ཆེ་བ་དང་། ཨེ་ཤེ་ཡ་ལྷོ་མའི་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱ་ཆེར་གཏོང་དགོས་གལ་ཆེ་བ། ཨེ་ཤེ་ཡ་ལྷོ་མའི་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་དགོས་གལ་ཆེ་བ་ཞིག་ཡོད། ཕྱོགས་ཚང་མའི་ཐད་ནས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་སྟེ་མེས་རྒྱལ་ནང་སའི་ཁྲོམ་ར་ཆེ་མོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་མ་ལག་འབྲེལ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་མ་བཏང་ནས“རང་རྒྱལ་གྱི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་རྒྱལ་སྤྱིའི་བགྲོད་ལམ་ཆེ་མོ”གཏོད་རྒྱུ་དེ་ནི་རང་ལྗོངས་ཀྱིས་རེས་སྐོར་གསར་པའི་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་འཐབ་ཇུས་ཀྱི་རྣམ་པ་གཏོད་པའི་དགོས་ངེས་ཀྱི་འཕེལ་ཕྱོགས་ཤིག་རེད། བོད་ལྟེ་བར་བྱས་པའི“བགྲོད་ལམ་ཆེ་མོའི”ནུབ་བྱང“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”དང་འབྲེལ་བ་དང་ལྷོ་ངོས“དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུའི”ཨེ་ཤེ་ཡ་ལྷོ་མའི་མཚོ་རྒྱུད་ཁུལ་དང་འབྲེལ་ཡོད་པ་དེ་ནི་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་སྤྱི་ཡོངས་འཐབ་ཇུས་བཀོད་སྒྲིག་ཕུན་སུམ་ཚོགས་སུ་དང་འཐུས་ཚང་དུ་བཏང་བ་ཞིག་ཡིན་པས“ཁུལ་གཅིག་དང་ལམ་གཅིག”གི་འཐབ་ཇུས་རྒྱ་སྐྱེད་གཏོང་བའི་འདེགས་སྐྱོར་གལ་ཆེན་གྱི་གྲས་ཤིག་རེད། མིག་སྔར་བོད་ཀྱིས་ཕྱོགས་དེའི་ཐད་ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད།

    གསར་འགོད་པ། ཉེ་བའི་ལོ་ཤས་རིང་བོད་ཀྱི་མཐའ་མཚམས་ཚོང་དོན་འཕེལ་རྒྱས་ལ་གྲུབ་འབྲས་གང་དག་ཐོབ་ཡོད་པ་དང་སླད་ཕྱིན་འཆར་གཞི་གང་ཡོད་དམ།

    བློ་བཟང་རྒྱལ་མཚན། བོད་འདི་ཉིད་མེས་རྒྱལ་གྱི་ལྷོ་ནུབ་ཏུ་གནས་པ་དང་ལྷོ་འབར་མ་དང་། རྒྱ་གར། འབྲུག་ཡུལ། ནེ་པ་ལ་སོགས་རྒྱལ་ཁབ་དང་འབྲེལ་བ་དང་ནུབ་ཁེ་ཧྲི་སྨིར་ས་ཁུལ་དང་འབྲེལ་ཡོད་པ་དེ་ནི་རང་རྒྱལ་གྱི་ཨེ་ཤེ་ཡ་ལྷོ་མར་སྐྱོད་པའི་སྒོ་མོ་གལ་ཆེན་ཞིག་ཡིན། ལོ་རྒྱུས་ཐོག་བོད་དང་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་དབར་དུས་ཡུན་རིང་པོའི་ཚོང་དོན་གྱི་སྲོལ་རྒྱུན་ལྡན་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་། བོད་ཀྱིས་ས་བབ་ཀྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱས་ནས་འགག་སྒོ་འཛུགས་སྐྲུན་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་པ་དང་། མཐའ་མཚམས་ཚོང་དོན་འཕེལ་རྒྱས་ཤུགས་ཆེན་གཏོང་བ། རང་བཟོས་ཐོན་རྫས་ཕྱིར་གཏོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་པས་ཕྱི་ཕྱོགས་ཚོང་དོན་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད།

    གོམ་སྟབས་རྗེས་མར། བོད་ཀྱིས“རང་རྒྱལ་གྱི་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་བགྲོད་ལམ་ཆེ་མོ”གཏོད་པའི་དམིགས་ཚད་ལ་དམ་པོར་དམིགས་ནས་གཞིས་རྩེ་ནས་སྐྱིད་གྲོང་དང་། གཞིས་རྩེ་ནས་གྲོ་མོ་བར་གྱི་ལྕགས་ལམ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། ཀྲུང་ནེ་གཞུང་ལམ་རིམ་སྤོར་སྒྱུར་བཀོད་བྱེད་མགྱོགས་སུ་གཏོང་བ། འགག་སྒོ་དང་དེ་བཞིན་འགག་སྒོའི་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཁྱོན་ཡོངས་ནས་ལེགས་སུ་གཏོང་བ། ཧི་མ་ལ་ཡའི་མཐའ་འཁོར་གྱི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཀྲུང་ནེའི་ས་ཁོངས་སྒྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད། ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་གཏོང་སྟངས་ཟམ་མི་ཆད་པར་བསྒྱུར་ནས་རང་བཟོས་ཐོན་རྫས་ཕྱིར་གཏོང་བྱ་ཤུགས་ཆེ་རུ་གཏོང་བ་དང་། དངོས་ཟོག་ཉོ་ཚོང་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་བ། ས་ཁོངས་སྒྲོལ་བའི་ཡུལ་སྐོར་སོགས་ཞབས་ཞུའི་ཚོང་དོན་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཚོང་དོན་འགག་སྒྲོལ་སྟབས་བདེ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ནེ་པ་ལ་དང་རྒྱ་གར་དུ་ཚོང་དོན་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་བ་དང་བོད་ཀྱི་མཐའ་མཚམས་གསར་སྤེལ་སྒོ་དབྱེའི་ཚད་གཞི་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་སྒོ་དབྱེ་མཉམ་ལས་ཀྱི་སྤྱི་ཚོགས་རིང་ལུགས་བོད་གསར་ཀྱི་གཟུགས་བརྙན་བཟང་པོ་གཏོད་རྒྱུ་རེད།

    རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་པ།

    གསར་འགོད་པ། བོད་འདི་ཉིད་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་རིང་ཁོར་ཡུག་སྲུང་སྐྱོང་ཐད་འབད་བརྩོན་གང་དག་བྱས་ཡོད་དམ།

    བློ་བཟང་རྒྱལ་མཚན། ཉེ་བའི་ལོ་ཤས་རིང་བོད་ཀྱི་སྣོད་བཅུད་ཁོར་ཡུག་བཟང་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱུང་ཡོད། ང་ཚོས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་དམིགས་ནས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མ་མཐའི་མཚམས་ཐིག་དང་། དམར་ཐིག་ནུས་ཤུགས་ཡོད་རྒུས་མཐོ་སྣོན་གློག་སྐུད་བཅས་ལ་བརྩིས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་འཛུགས་སྐྲུན་བྱས་ཡོད།

    སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་ཆེད་ང་ཚོས་ནུས་རྒྱུ་ཟད་གྲོན་ཆེ་བ་དང་། སྦགས་བཙོག་ཆེ་བ། ཕྱིར་འབུད་ཚད་མཐོ་བ་བཅས་ཀྱི་རྣམ་གྲངས་ནང་འདྲེན་བྱ་རྒྱུ་ནན་འགོག་བྱེད་པ་དང་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་ཁེ་ལས་དང་ཐོན་ལས་རང་ལྗོངས་སུ་གཞིས་ཆགས་རྒྱུ་ནན་འགོག་བྱས་ཏེ་གཏེར་ཐོན་ཐོན་ཁུངས་གསར་སྤེལ་དེ་རང་སྐྱོང་ལྗོངས་སྲིད་གཞུང་ཁོ་ནས་ཞིབ་མཆན་འགོད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཡག་པོ་མཐའ་གཅིག་ཏུ་བྱས་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་ཆུའི་ཁོར་ཡུག་དང་རླུང་ཁམས་ཆེ་མོའི་ཁོར་ཡུག་ལ་སྤྱིར་ན་སྦགས་བཙོག་ཕོག་མེད་པ་དང་། གཙང་པོ་དང་མཚོ་མཚེའུ་དང་དེ་བཞིན་ས་འོག་ཆུའི་ཆུ་སྤུས་ཚང་མ་རིགས་དང་པོ་དང་གཉིས་པའི་ཆུ་སྤུས་ཚད་གཞིར་སླེབས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་མཁའ་རླུང་སྤུས་ཚད་ལེགས་གྲས་ཀྱི་ཚད་གཞིར་སླེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།