དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-03-12

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང“སྒོ་ཀུན་ནས་བཞིར”བརྟེན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཡོང་རྒྱུར་ཁྲིད་སྟོན་བྱས་ཏེ་བོད་འདི་ཉིད་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་དང་སྣོད་བཅུད་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་། མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁུལ་དང་སྤྱི་པའི་ཞབས་ཞུའི་སྔོན་སྐྱོད་དཔེ་སྟོན་ཁུལ། འཐབ་ཇུས་ཐོན་ཁུངས་གྲབས་གསོག་རྟེན་གཞི་དང་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་ཁུལ།  འཛམ་གླིང་གི་ཡུལ་སྐོར་བྱེད་ཡུལ། དྭངས་གཙང་ནུས་རྒྱུའི་རྟེན་གཞི་བཅས་དང་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་ཆེན་པོ་བཅས་ཡིན་པར་བརྟེན་2020ལོར་སླེབས་སྐབས་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། འཆར་གཞིའི་སྙན་སྒྲོན། སྔོན་རྩིས་སྙན་སྒྲོན། མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ལས་དོན་སྙན་སྒྲོན་བཅས་ཀྱི་ནང་དོན་བབ་ཆགས་དང་། ཁྲིད་སྟོན་ཁ་གསལ། བྱ་ཐབས་ནུས་ལྡན་བཅས་ཡིན་པས་བསམ་བློའི་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཤུགས་ཆེན་ལྡན་ལ། “སྒོ་ཀུན་ནས་བཞིའི”བསམ་བློ་གསར་པ་དང་། འདུ་ཤེས་གསར་པ། ཁྱབ་ཚུལ་གསར་པ་བཅས་གཏིང་ཟབ་མངོན་པས་ངས་རྦད་དེ་མོས་མཐུན་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས“སྒོ་ཀུན་ནས་བཞི”ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་སྟངས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ལྟེ་བ་ཡིན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་འཐབ་ཇུས་ཁྱབ་ཚུལ། མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་ལག་ལེན་དངོས་ཟུང་འབྲེལ་བྱེད་པའི་མཆོང་སྐྱོད་གསར་པ། ཏང་དང་རྒྱལ་ཁབ་ཀྱི་མཛུབ་ཁྲིད་དགོངས་པ་གལ་ཆེན་བཅས་རེད། “སྒོ་ཀུན་ནས་བཞིས”འཕེལ་རྒྱས་དང་བརྟན་ལྷིང་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱས་ཏེ་ཆུ་འཐུང་དུས་ཆུ་འགོ་དྲན་དགོས་པ་དང་། དཀའ་སྤྱད་འབད་བརྩོན་དང་། ཡིད་ཆེས་ཆེར་གཏོང་། སྟོབས་ཤུགས་གཅིག་སྡུད་བཅས་བྱས་ནས་ཕུལ་བྱུང་གི་སྦྱངས་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་བསུ་བ་ཞུས་ཏེ་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་དེ་བས་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བ་སྐྱེལ་དུ་འཇུག་དགོས་ཞེས་བསྟན་པ་སྟེ། གཅིག་ནས་སྒྱུར་བཅོས་ཀྱི་ལས་འགན་སྒོ་ཀུན་ནས་དོན་འཁྱོལ་བྱས་ཏེ་རྒྱུན་རྣམ་གསར་པ་དང་འཚམ་ཞིང་གསོན་ཤུགས་གསར་པ་འཕེལ་བ་བྱེད་དགོས་པ་དང་། གཉིས་ནས་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ་འཕེལ་རྒྱས་གསར་པ་ཡོང་བ་བྱེད་དགོས་པ། གསུམ་ནས་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བའི་ནང་དོན་གསར་པ་གཏོད་དགོས་པ། བཞི་ནས་ཁྲིམས་ལྟར་བོད་སྐྱོང་རྒྱུར་སྒོ་ཀུན་ནས་སྐུལ་འདེད་བཏང་སྟེ་སྲིད་གཞུང་རང་ངོས་ཀྱི་འཛུགས་སྐྱོང་ལ་ཕན་འབྲས་གསར་པ་ཐོབ་པ་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།