དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་འགན་ལེན་ལྔའི་རྒན་རྒོན་དང་ཕན་བདེ་ཁང་གི་བྱིས་པར་འཚམས་འདྲི་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-25

    འདི་ནི་མལ་གྲོ་གུང་དཀར་རྫོང་སྤྱི་ཚོགས་ཕན་བདེ་ཁང་དུ་བློ་བཟང་རྒྱལ་མཚན་གྱིས་རྒན་རྒོན་ཚོར་དཀར་གཙང་མཇལ་དར་བསྒྲོན་ནས་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུ་བའི་གནས་ཚུལ་ཡིན་པ།

     བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་སྐབས་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དང་། སྟག་རྩེ་རྫོང་། ཁྲེང་ཀོན་ཆུས་སྤྱི་ཚོགས་ཕན་བདེ་ཁང་། ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་བཅས་སུ་འགན་ལེན་ལྔའི་རྒན་རྒོན་དང་ཕན་བདེ་ཁང་གི་བྱིས་པར་འཚམས་འདྲི་གནང་བར་ཕེབས་ཏེ་ལྗོངས་ཏང་ཨུད་དང་སྲིད་གཞུང་། རང་སྐྱོང་ལྗོངས་འཚམས་འདྲི་སྤྱི་ཁྱབ་ཚོགས་པ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་བཅས་ཀྱི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་འགན་ལེན་ལྔའི་རྒན་རྒོན་དང་། དྭ་ཕྲུག་དང་དབང་པོ་སྐྱོན་ཅན་བྱིས་པ། སྤྱི་ཚོགས་ཕན་བདེའི་ལས་ཀ་བྱེད་མཁན་བློ་མཐུན་བཅས་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་རེད།

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སྐབས་བློ་བཟང་རྒྱལ་མཚན་གྱིས་མལ་གྲོ་གུང་དཀར་རྫོང་དང་། སྟག་རྩེ་རྫོང་། ཁྲེང་ཀོན་ཆུས་བཅས་རྫོང་རིམ་པའི་སྤྱི་ཚོགས་ཕན་བདེ་ཁང་གསུམ་དུ་འཚོ་བ་སྐྱེལ་མཁན་འགན་ལེན་ལྔའི་རྒན་རྒོན་དང་ཞབས་ཞུ་མི་སྣར་འཚམས་འདྲི་གནང་བར་ཕེབས་ཏེ་ཚང་མར་དཀར་གཙང་མཇལ་དར་སྒྲོན་པ་དང་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཡང་ཞུས་པ་རེད། བློ་བཟང་རྒྱལ་མཚན་ཟ་ཁང་དང་རྒན་རྒོན་སྡོད་སར་ཕེབས་ནས་རྒན་རྒོན་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་བྱེད་ཚུལ་དང་། རྒན་རྒོན་གྱི་འཚོ་བ། སྨན་བཅོས་ཞབས་ཞུའི་གནས་ཚུལ་བཅས་ཤེས་རྟོགས་གཏིང་ཟབ་གནང་བ་དང་འགན་ལེན་ལྔ་གཅིག་སྡུད་བསྙེན་བཀུར་བྱེད་ཚུལ་དང་བསྙེན་བཀུར་གྱི་ཚད་གཞི་སོགས་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། གཅིག་གྱུར་ཐོག་ཉོས་པའི་ལོ་གསར་གྱི་གྱོན་ཆས་རྒན་རྒོན་ཚོས་གྱོན་པ་དང་། ཕན་བདེ་ཁང་གི་སྒྲིག་ཆས་ཆ་ཚང་བ། ཞབས་ཞུའི་འགན་ལེན་ཁག་ཡག་པ། ལྷ་ས་གྲོང་ཁྱེར་གྱི་འགན་ལེན་ལྔའི་རྒན་རྒོན་གཅིག་སྡུད་བསྙེན་བཀུར་གྱི་འདོད་པ་ཡོད་མཁན་100%ཟིན་པ་བཅས་མཐོང་ཐོས་བྱུང་སྐབས་བློ་བཟང་རྒྱལ་མཚན་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་རྒན་བཀུར་རྒན་གཅེས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དང་རྒན་གཅེས་རྒན་རོགས་ནི་སྤྱི་ཚོགས་ཧྲིལ་པོའི་ཐུན་མོང་གི་འགན་འཁྲི་རེད། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དགའ་གཏོང་བྱེད་པའི་སྐབས་སུ་ངས་ཚང་མ་དང་ལྗོངས་ཡོངས་ཀྱི་འགན་ལེན་ལྔའི་རྒན་རྒོན་ལ་དཔྱིད་གསར་གྱི་སྨོན་འདུན་དང་རྒན་རྒོན་གྱི་ཞབས་ཞུའི་ལས་ཀའི་ནང་ཞུགས་མཁན་བློ་མཐུན་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་དང་བློ་བཟང་རྒྱལ་མཚན་གྱིས་རང་ལྗོངས་ཀྱི་འགན་ལེན་ལྔ་བྱ་ཡུལ་རྫོང་རིམ་པ་ཡན་དུ་གཅིག་སྡུད་བསྙེན་བཀུར་བྱེད་པའི་འདུ་འགོད་ལ་སྐུལ་མ་ཤུགས་ཆེན་གཏོང་བ་དང་ཆབས་ཅིག་རང་ལྗོངས་ཀྱི་སྤྱི་ཚོགས་ཕན་བདེ་ཁང་དེ“ལྟོ་གོས་རྣམ་པ”ནས“ལོངས་སྤྱོད་རྣམ་པར”འགྱུར་ལྡོག་ཡོང་རྒྱུ་རེད། ངེས་པར་དུ་མི་ཆོས་ཅན་དང་། ཚད་ལྡན་ཅན། དེང་རབས་ཅན་བཅས་ཀྱི་དོ་དམ་བླང་བྱ་ལྟར་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་མཛའ་སེམས་རྣམ་པ་ཟབ་མོ་ཞིག་བཏོད་ནས་འགན་ལེན་ལྔའི་རྒན་རྒོན་རྒས་དུས་འཚོ་རྟེན་ཡོད་པ་དང་རྒས་དུས་སྤྲོ་སྣང་ལྡན་པའི་རྒན་ལེན་བྱེད་དགོས། རྒྱ་ཆེའི་རྒན་གསོའི་མི་སྣས་རང་ཉིད་ཀྱི་ཕ་མར་བྱེད་པ་ལྟར་འགན་ལེན་ལྔའི་རྒན་རྒོན་ལ་དེ་ལྟར་བྱས་ནས་རྒན་རྒོན་ཚང་མ་འཚོ་བ་སྐྱིད་པོ་དང་བློ་བདེ་བག་ཕེབས་ཡོང་བ་བྱས་ནས་ཚང་མ་ནད་མེད་ཚེ་རིང་དང་བདེ་སྐྱིད་ལྡན་པའི་ཚེ་མཇུག་སྐྱེལ་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

    ལྷ་ས་གྲོང་ཁྱེར་བྱིས་པ་ཕན་བདེ་ཁང་དུ་བློ་བཟང་རྒྱལ་མཚན་གྱིས་ཚང་མར་མཇལ་དར་བསྒྲོན་པ་དང་ལོ་གསར་གྱི་ཤོག་ཆག་གནང་བ་དང་ཆབས་ཅིག་ཕྲུ་གུ་ཚོ་དང་མཉམ་དུ་དཔྱིད་གསར་དུས་ཆེན་དགའ་གཏོང་གནང་ཞིང་། བློ་བཟང་རྒྱལ་མཚན་གྱིས་ཁོང་ཚོར་སློབ་སྦྱོང་ཧུར་ཐག་བྱས་ནས་ལོ་གསར་པའི་ནང་ཡར་རྒྱས་གསར་པ་ཡོང་བ་དང་ཆེན་པོ་ཆགས་རྗེས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པའི་ཤེས་ལྡན་པར་འགྱུར་རྒྱུའི་སྐུལ་ལྕག་གནང་བ་དང་ཁོང་གིས་ལས་དོན་མི་སྣར་དྭ་ཕྲུག་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུ་འགན་ལེན་བྱས་ཏེ་ཁོང་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐུབ་པ་བྱ་རྒྱུ་ནི་ང་ཚོ་ཐུན་མོང་གི་འགན་འཁྲི་ཡིན་པས་ཁོང་ཚོར་སེམས་ཁུར་དེ་བས་མང་བ་དང་བྱམས་སྐྱོང་དེ་བས་མང་བ་བྱས་ཏེ་ཕྲུ་གུ་ཚང་མར་བདེ་སྐྱིད་དང་སྤྲོ་སྣང་ལྡན་པའི་བྱིས་པའི་འཚོ་བ་ཞིག་སྐྱེལ་ཐུབ་པ་བྱེད་དགོས་པའི་ཞལ་ཏ་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས“བརྒྱ་གཉིས་གཅིག་སྡུད་གཉིས”གཅེས་སེམས་འདུ་འགོད་ལག་ལེན་བསྟར་ཚུན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། གཞུང་ཁོངས་ཁེ་ལས་ཆེ་གྲས་བཅས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་སྤྱི་ཚོགས་ལས་རིགས་ཁག་གི་སེམས་ཁུར་རྒྱབ་སྐྱོར་འོག་འཛུགས་སྐྲུན་རྣམ་གྲངས་ལ་བདེ་བླག་ངང་སྐུལ་མ་གཏོང་བཞིན་ཡོད་པ་དང་མིག་སྔར་འགན་ལེན་ལྔའི་འདོད་པ་ཡོད་མཁན་72%གཅིག་སྡུད་བསྙེན་བཀུར་བྱེད་པ་དང་དྭ་ཕྲུག་5900ལྷག་ཙམ་ལ་རོགས་སྐྱོར་ནུས་ལྡན་ཐོབ་ཡོད། འདི་ལོར་འགན་ལེན་ལྔ་གཅིག་སྡུད་གསོ་ཉར་སྒྲིག་གཞི་63དང་ས་ཁུལ་དང་གྲོང་ཁྱེར་རིམ་པའི་བྱིས་པ་ཕན་བདེ་ཁང་9སྒོ་ཀུན་ནས་འཛུགས་རྒྱུ་ཡིན་པ་དང་འདོད་པ་ཡོད་པའི་འགན་ལེན་ལྔ་བྱ་ཡུལ་རྫོང་རིམ་པ་ཡན་དུ་100%གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་རྣམས་ས་ཁུལ་དང་གྲོང་ཁྱེར་རིམ་པ་ཡན་དུ་100%གཅིག་སྡུད་གསོ་ཉར་གྱི་དམིགས་ཚད་དུས་བཀག་གོང་དུ་མངོན་འགྱུར་ཡོང་རྒྱུ་རེད། འབྲེལ་ཡོད་སྡེ་ཚན་ཁག་གིས་ངོས་འཛིན་དང་། བྱ་ཐབས། ལས་དོན་བཅས་གནས་སྨིན་ཡོང་བ་བྱས་ནས་འགན་ལེན་ལྔ་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་གྱི་ལས་དོན་ཏན་ཏན་ཏིག་ཏིག་ངང་ལེགས་པར་བསྒྲུབས་ནས་ལྗོངས་ཡོངས་ཀྱི་འགན་ལེན་ལྔའི་རྒན་རྒོན་དང་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་བྱིས་པ་ཚོར་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་རྒྱུ་ཡོང་བ་དང་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དངོས་འབྲེལ་ཚོར་ཐུབ་པ་བྱེད་དགོས་ཞེས་མཛུབ་སྟོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།