དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱི་2014ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2015ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-11

    བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་།

    འཐུས་མི་རྣམ་པ།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་བོད་རང་སྐྱོང་ལྗོངས་ཀྱི་2014ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2015ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་འདི་ད་ལྟ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་དང་སྦྲགས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་གནང་།

    གཅིག 2014ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ།

    2014ལོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གི་བསྒྱུར་བཅོས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་ལོ་དང་པོ་དེ་རེད་ལ། “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ལག་བསྟར་བྱ་རྒྱུར་སྔ་འཛིན་ཕྱི་གཏོད་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་རེད། ལྗོངས་ཡོངས་ཀྱི་རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་དང་། མི་དམངས་འཐུས་ཚོགས་དང་སྲིད་གྲོས། དེ་བཞིན་སྤྱི་ཚོགས་ཕྱོགས་ཁག་བཅས་ཀྱི་ལྟ་སྐུལ་མཛུབ་ཁྲིད་འོག དཔལ་འབྱོར་གོང་འཕེལ་གྱི་རྒྱུན་རྣམ་གསར་པར་ཕྱོགས་ནས་མི་གཏོང་ཀ་མེད་ཀྱི་གཏོང་སྒོ་ཤུགས་ཆེ་འཕར་བ་དང་ལེགས་སྒྲིག་ཚོད་འཛིན་བྱེད་ཁུངས་ཁག་ཏུ་འགྲོ་བའི་གནས་ཚུལ་འོག་བརྟན་ཐོག་ཡར་འཕེལ་ཡོང་བའི་ལས་ཀའི་རྩ་བའི་དགོངས་གཞི་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ“འགན་ལེན་གསུམ”དང་།“འཛིན་ཐབས་ཆ་དྲུག” “བྱ་ཐབས་དྲུག” “མཐའ་ཚད་གསུམ”བཅས་ཀྱི་ལས་ཀའི་བླང་བྱ་དང་བསམ་གཞིར་དམ་པོར་དམིགས་ནས་དུས་གནས་དཔྱོད་ཞིབ་དང་། བབ་བསྟུན་སྣེ་ཁྲིད། དུས་བསྟུན་ལས་བརྩོན་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འཕར་སྣོན་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག་སྒྱུར་བཅོས་ལ་སྐུལ་འདེད། དམངས་འཚོར་ཕན་སྦྱར། བརྟན་ལྷིང་འགན་སྲུང་། ཉེན་ཁར་འགོག་ཟོན་སོགས་བྱ་རྒྱུའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ཞིང་ཅུང་མྱུར་བའི་སྒོ་ནས་གོང་འཕེལ་ཡོང་བར་ནུས་ཤུགས་གང་ཡོད་ཀྱིས་སྐུལ་སྤེལ་བཏང་བས་ལོ་འཁོར་གྱི་དམིགས་ཚད་ཁག་བདེ་བླག་ངང་ལེགས་གྲུབ་ཡོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཐུབ་ནས་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་ཡག་པོ་བྱུང་ཡོད།

    (གཅིག)2014ལོའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བའི་རང་སྐྱོང་ལྗོངས་ཀྱི་2014ལོའི་ནོར་སྲིད་སྔོན་རྩིས་ནི། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྤྱིའི་འབྱོར་སྟོབས་སྒོར་ཁྲི་8,749,892ཡིན། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི་736,868ཡིན་པ་དང་། ཀྲུང་དབྱང་ནས་གནང་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི་

    6,812,405ཡིན་པ། ལོ་གོང་མའི་འཕྲོས་སྒྱུར་སྒོར་ཁྲི་1,200,619ཡིན། སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་གཏོང་སྒོ་སྒོར་ཁྲི་8,749,892བཏང་ཡོད། 2014ལོར་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་ཡོང་སྒོར་ཁྲི་232,056བཀོད་སྒྲིག་བྱས་ཡོད། ལོ་འཁོར་གྱི་སྔོན་རྩིས་དོན་འཁྱོལ་བྱེད་པའི་ནང་འབྱོར་སྟོབས་འགྱུར་བ་འགྲོ་ཚུལ་ལ་གཞིགས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་མོས་མཐུན་བྱུང་དོན་བཞིན་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་ཡོང་དེ་སྒོར་ཁྲི་11,713,840ལ་ལེགས་སྒྲིག་བྱས་ཡོད་པ་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་ཡོང་དེ་སྒོར་ཁྲི་309,730ལ་ལེགས་སྒྲིག་བྱས་ཡོད།

    2014ལོའི་ནོར་སྲིད་སྔོན་རྩིས་དོན་འཁྱོལ་བྱས་འབྲས་ནི། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྤྱིའི་འབྱོར་སྟོབས་སྒོར་ཁྲི་13,238,646ཡིན་པ་དེ་ལོ་འགོའི་སྔོན་རྩིས་ལས་སྒོར་ཁྲི་4,488,754མང་དུ་བཏང་ཡོད་པས་51.3%འཕར་ཡོད་པ་དང་། འགྱུར་བ་བཏང་བའི་སྔོན་རྩིས་འབྱོར་སྟོབས་ལས་སྒོར་ཁྲི་1,524,806མང་དུ་བཏང་ཡོད་པས་13%འཕར་ཡོད། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི་1,242,695བྱུང་ཡོད་པ་དེ་སྔོན་རྩིས་ཀྱི་168.6%ཡིན་ཞིང་། ལོ་གོང་མའི་ངེས་རྩིས་ཡོང་འབབ་ལས་30.8%འཕར་ཡོད། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་ཁྲི་11,854,594བཏང་ཡོད་པ་དེ་ལོ་གོང་མའི་ངེས་རྩིས་གཏོང་སྒོ་ལས་སྒོར་ཁྲི་1,711,466མང་དུ་བཏང་ཡོད་པས་16.9%འཕར་ཡོད། གོང་འཕོས་གཏོང་སྒོ་སྒོར་ཁྲི་2,367ཡིན་པ་བཅས་གཏོང་ཡོང་མགོ་ཐུག་བཏང་བའི་ཐོག་ཕྱི་ལོར་འཕྲོས་སྒྱུར་བྱས་པའི་གཏོང་སྒོ་སྒོར་ཁྲི་1,373,483འཐེན་རྗེས། ལོ་དེ་གར་འཕྲོས་ལྷག་ཁེ་གཙང་སྒོར་ཁྲི་8,202བྱུང་ཞིང་། དེའི་ནང་རང་སྐྱོང་ལྗོངས་ཀྱི་འཕྲོས་ལྷག་ཁེ་གཙང་སྒོར་ཁྲི་8,202ཡོད་པས་གཏོང་ཡོང་མགོ་ཐུག་བྱུང་ཁར་འཕྲོས་ལྷག་ཕྲན་བུ་ཡོད།

    སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་འབྱོར་སྟོབས་སྒོར་ཁྲི་677,930ཡིན་ཞིང་། དེའི་ནང་ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི་405,211བྱུང་བ་དང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་ཁྲི་525,240བཏང་ཡོད། གཏོང་ཡོང་མགོ་ཐུག་བཏང་རྗེས་འཕྲོས་ལྷག་མ་དངུལ་སྒོར་ཁྲི་152,690དེ་ཕྱི་ལོར་མུ་མཐུད་བེད་སྤྱོད་གཏོང་རྒྱུར་འཕྲོས་སྒྱུར་བྱས་ཡོད།

    གོང་གསལ་སྔོན་རྩིས་དོན་འཁྱོལ་བྱས་འབྲས་ཐད་ས་གནས་ཀྱི་ནོར་སྲིད་ངེས་རྩིས་ཕྱོགས་བསྡུས་བྱས་རྗེས་འགྱུར་བ་ཕྲན་བུ་ཡོང་སྲིད། (གཉིས) 2014ལོའི་ནོར་སྲིད་ཀྱི་ལས་དོན་གཙོ་བོ།

    1.རྨང་གཞི་བརྟན་དུ་བཏང་ནས་ཞིང་འབྲོག་ལས་གོང་འཕེལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་ཇེ་མགྱོགས་སུ་བཏང་བ། ཞིང་འབྲོག་ལས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་རང་ལྗོངས་ཀྱི་གོང་འཕེལ་དང་བརྟན་ལྷིང་གི་སྤྱི་ཡོངས་དུས་བབ་ནང་བཟུང་བའི་རྨང་གཞིའི་གནས་བབ་ལ་ངོས་འཛིན་གང་ལེགས་བྱས་ཏེ་ཞིང་འབྲོག་ལས་གོང་འཕེལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་སྐུལ་སྤེལ་ཤུགས་ཆེ་བཏང་ཡོད།

    ནོར་སྲིད་ཀྱི་ཞིང་སྐྱོར་སྲིད་ཇུས་ཚགས་ཚུད་དུ་བཏང་ནས་ཞིང་འབྲོག་ལས་རྒྱུན་མཐུད་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད། 2014ལོར་ལྗོངས་ཡོངས་སུ་ནོར་སྲིད་ནས་ཞིང་སྐྱོར་ཐད་སྔོན་རྩིས་གཏོང་སྒོ་སྒོར་ཁྲི་1,680,000བཏང་བ་དེ་ལོ་གོང་མ་ལས་སྒོར་ཁྲི་75,000མང་དུ་སོང་ཡོད་པས་དུས་མཚུངས་དང་བསྡུར་ན་6.5%འཕར་ཡོད། དེ་ཡང་གཅིག་ནི་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་ཤུགས་ཆེར་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པའི་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་ཡོད། “བརྒྱད་འཛོམས་ཞིང་དུད”ལས་གཞི་མུ་མཐུད་སྐུལ་སྤེལ་བཏང་ནས་མ་དངུལ་སྒྲིལ་སྤྱོད་ཀྱིས་སྒོར་ཁྲི་114,813བཏང་སྟེ་སྲིད་འཛིན་གྲོང་ཚོ་1000ཡི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ་ལེགས་སྒྲུབ་བྱུང་བས་ལྗོངས་ཡོངས་ཀྱི་གྲོང་ཚོ་96ལ་གྲོང་ཚོ་རིམ་པའི་སྤྱི་ཕན་བྱ་གཞག་གི་དོན་རེར་གྲོས་རེ་བྱེད་པའི་ནོར་སྲིད་ཀྱིས་བྱ་དགའི་ཁ་གསབ་དང་། “མཛེས་སྡུག་ལྡན་པའི་གྲོང་གསེབ”ཅེས་པའི་རྣམ་གྲངས་འཛུགས་སྐྲུན་སྤེལ་ཐུབ་པ་བྱུང་ཡོད། མ་དངུལ་སྒོར་ཁྲི་111,964དོན་འཁྱོལ་བྱས་ཏེ་གྲོང་གསེབ་ཀྱི་དུད་ཚང་ཁྲི་6.33གྱི་ཉེན་ཆེའི་ཁང་པ་བཟོ་བཅོས་དང་དུད་ཚང་ཁྲི་1.48ཀྱི་ཞིང་པའི་ཁང་པ་བཟོ་སྐྲུན་གྱི་ནུས་རྒྱུ་གྲོན་ཆུང་དཔེ་སྟོན་བཟོས་ཡོད། མ་དངུལ་སྒོར་ཁྲི་11,550དོན་འཁྱོལ་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་རང་བྱུང་གྲོང་ཚོའི(ཡུལ་མི་ཚོགས་ཆུང)རྩ་འཛུགས་ཀྱི་བྱེད་སྒོ་སྤེལ་གནས་ཁག་385འཛུགས་སྐྲུན་བྱས་ཡོད། ཞིང་ནང་ཆུ་བེད་འཛུགས་སྐྲུན་གྱི་ཁ་གསབ་མ་དངུལ་སྒོར་ཁྲི་125,503དོན་འཁྱོལ་བྱས་ནས་ས་ཞིང་ཆུང་གྲས(འབྲོག་ཁུལ)66གི་ཆུ་བེད་དང་ཆུ་ལོག་གི་གནོད་འཚེ་འགོག་སེལ་བྱེད་གནས་10དང་ཤང་གྲོང་39ཡི་ཆུ་ལོག་སྔོན་འགོག་གི་ཆུ་རགས་འཛུགས་སྐྲུན་བྱ་རྒྱུའི་རྣམ་གྲངས་ལག་བསྟར་བྱས་ཡོད། ཆུ་བོ་ཆུང་འབྲིང་རྒྱུགས་ཁུལ་བཅོས་སྐྱོང་བྱ་རྒྱུའི་རྣམ་གྲངས་ཁག་30ལག་བསྟར་བྱས་ཡོད། གཉིས་ནི་ནོར་སྲིད་ཀྱི་ཁ་གསབ་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱ་བསྐྱེད་བཏང་ཡོད། ཞིང་ལས་སྐྱེ་དངོས་དང་། ཕྱུགས་རིགས་རྒྱུད་བཟང་། ཞིང་འཕྲུལ་ཡོ་ཆས་ཉོ་སྒྲུབ། འབྲུ་རིགས་ཐད་གསབ། ཞིང་ལས་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་སོགས་ཐོན་སྐྱེད་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་73,185དོན་འཁྱོལ་བྱས་པས་ལྗོངས་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་འདེབས་གསོ་དང་ཁྱབ་གདལ་བཏང་བའི་རྒྱ་ཁྱོན་མུའུ་ཁྲི་194ཟིན་པ་དང་། ཕྱུགས་རིགས་རྒྱུད་བཟང་ཁྱབ་གདལ་བཏང་བའི་མགོ་གྲངས་ཁྲི་12.2ཟིན་པ། ཞིང་འཕྲུལ་ཡོ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་དེ་དངོས་རྫས་ཆེ་རིགས་11དང་ཆུང་རིགས་26གི་རྣམ་གྲངས་60ལ་ཁེབས་པ། ས་དཔྱད་ལུད་སྦྱོར་རྒྱ་ཁྱོན་མུའུ་ཁྲི་60ཟིན་ཡོད། མ་དངུལ་སྒོར་ཁྲི་7,877དོན་འཁྱོལ་བྱས་ནས་ཞིང་འབྲོག་པ་མི་ཐེངས་60716ལ་སྦྱོང་བརྡར་སྤྲས་པ་དང་། ཞིང་འབྲོག་པའི་རྩལ་ནུས་སྦྱོང་བརྡར་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ནུས་ལྡན་གྱིས་ཤུགས་ཆེར་སོང་ཡོད། མ་དངུལ་སྒོར་ཁྲི་19,991དོན་འཁྱོལ་བྱས་ནས་ཞིང་ལས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་དང་ཐོན་སྐྱེད་ཀྱི་གེགས་སེལ་ནུས་པ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། འགན་བཅོལ་ཞུ་གྲོན་ཁ་གསབ་མ་དངུལ་སྒོར་ཁྲི་32,013དོན་འཁྱོལ་བྱས་ནས་སྲིད་ཇུས་རང་བཞིན་གྱི་ཞིང་ལས་དང་འབྲེལ་ཡོད་ཀྱི་འགན་བཅོལ་ལས་དོན་སྐུལ་སྤེལ་ཤུགས་ཆེ་བཏང་ཡོད། དེ་སྔའི་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་སྐྱེལ་གྱི་ཁ་གསབ་མ་དངུལ་གཙང་རྩིས་བརྒྱབ་ཟིན་པ་མ་ཟད། གྲོང་ཁྱེར་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་དེ་ཁ་གསབ་བྱེད་ཁོངས་ནང་བཅུག་ཡོད་པས་སྔ་ཕྱི་བསྡོམས་ཁ་གསབ་མ་དངུལ་སྒོར་ཁྲི་43,986སྤྲད་ཡོད། གསུམ་ནི་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་ཚད་མཐོ་རུ་བཏང་ཡོད། ཞིང་ལས་ཕྱོགས་བསྡུས་གསར་སྤེལ་ཐད་མ་དངུལ་སྒོར་ཁྲི་64,991དོན་འཁྱོལ་བྱས་ནས་ས་ཆ་བཅོས་སྐྱོང་དང་ཐོན་ལས་ཅན་གྱི་གཉེར་སྐྱོང་རྣམ་གྲངས་ཁག་93ལག་བསྟར་བྱས་པ་དང་། ས་ཆ་མུའུ་ཁྲི་52.35གསར་སྤེལ་བཅོས་སྐྱོང་བྱས་པས་ལོ་འདིར་འབྲུ་རིགས་ཐོན་འབོར་ཀྲོན་ཁྲི་1.8འཕར་ཡོད། མ་དངུལ་སྒོར་ཁྲི་17,319དོན་འཁྱོལ་བྱས་ནས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་8.7འཛུགས་སྐྲུན་བྱས་ཡོད། མ་དངུལ་སྒོར་ཁྲི་119,093སྒྲིལ་སྤྱོད་བཀོད་སྒྲིག་བྱས་ཏེ་དེང་དུས་ཞིང་ལས་དང་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་ཤུགས་ཆེ་བྱས་ཏེ་སྤུས་ལེགས་ནས་ཀྱི་ཐོན་སྐྱེད་རྟེན་གཞི་མུའུ་ཁྲི་37དང་མི་འདེབས་གཟན་ཆག་རྟེན་གཞི་མུའུ་ཁྲི་5.4དང་སྡོམ་གསོས་དྲོད་ལྷས་ཁྲི་3.1འཛུགས་སྐྲུན་བྱས་ཡོད། བཞི་ནི་དབུལ་སྐྱོར་གྱི་གཙོ་གནད་མངོན་ཆེར་བཟུང་ནས་ནོར་སྲིད་དབུལ་སྐྱོར་ལས་དོན་ལ་སྐུལ་སྤེལ་གཏིང་ཟབ་བཏང་ཡོད། ནོར་སྲིད་ཀྱི་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་ཁྲི་206,777དོན་འཁྱོལ་བྱས་ནས་ཤང་དང་གྲོང་རྡལ་189ལ་ཤང་ཡོངས་སྐུལ་འདེད་དང་། ཐོན་ལས་དབུལ་སྐྱོར། ངོས་ཐོག་གི་དབུལ་སྐྱོར། མཐའ་དར་དམངས་ཕྱུག དེ་བཞིན་གུད་ཚབ་ལས་སྤྲོད་བཅས་ཀྱི་རྣམ་གྲངས་2763ལག་བསྟར་བྱས་ཡོད། ལྔ་ནི་གྲོང་གསེབ་ཀྱི་ས་ཞིང་དོ་དམ་ཚད་ལྡན་བཟོས་ནས་ཞིང་ལས་རྒྱུན་མཐུད་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ཡོད། མ་དངུལ་སྒོར་ཁྲི་7,694དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་ཁང་ས་གཏན་འཁེལ་དབང་ཆ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་ལ་རྒྱབ་སྐྱོར་བྱས་པ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་ས་ཆའི་བདག་དབང་གི་གཏན་འཁེལ་དབང་ཆ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་སྤེལ་འགོ་ཚུགས་ཡོད། 2014ལོར་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་འབབ་སྨར་སྒོར་7471ཟིན་པ་དང་། ནོར་སྲིད་ཀྱིས་ཞིང་འབྲོག་མང་ཚོགས་ལ་ཐད་ཀར་དང་གཞན་བརྒྱུད་ཐོག་ནས་ཁ་གསབ་བྱས་པ་མི་རེར་ཆ་སྙོམས་སྒོར་3629ཟིན་ཡོད།

    རྣམ་གྲངས་ཀྱིས་སྐུལ་ཁྲིད་བྱེད་པའི་ནུས་པ་མངོན་ཆེར་བཟུང་ནས་རྣམ་གྲངས་འཛུགས་སྐྱོང་བྱ་རྒྱུའི་ཁོར་ཡུག་ལེགས་སུ་བཏང་ཡོད། མ་འཇོག་གི་སྐུལ་སྤེལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལྗོངས་ཡོངས་ཀྱི་གཞི་རྩའི་འཛུགས་སྐྲུན་ཐད་མ་འཇོག་སྒོར་ཁྲི་3,596,500དོན་སྨིན་བྱུང་བ་དེ་ལོ་གོང་མ་ལས་སྒོར་ཁྲི་1,368,000མང་དུ་སོང་བས་61.4%འཕར་ཡོད། ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་དང་། ཆུ་བེད། ནུས་ཁུངས། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་འགག་སྒྲོལ་ཆེན་པོ་བྱུང་ཡོད། མ་དངུལ་སྒོར་ཁྲི་1,326,900དོན་འཁྱོལ་བྱས་ནས་འགྲིམ་འགྲུལ་བྱ་གཞག་མཆོང་སྐྱོད་ལྟ་བུའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་ཅིང་། དེའི་ནང་མ་དངུལ་སྒོར་ཁྲི་500,000བཀོད་སྒྲིག་བྱས་ནས་ལྷ་ཉིང་རིམ་མཐོའི་གཞུང་ལམ་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སོགས་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་ཆེ་རིགས་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི་33,307དོན་འཁྱོལ་བྱས་ནས་ཕུ་མདོ་ཆུ་བེད་ལྟེ་གནས་དང་། ལ་ལྷོ་ཆུ་བེད་ལྟེ་གནས་སོགས་ཆུ་བེད་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི་57,797དོན་འཁྱོལ་བྱས་ནས་གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་དང“གསེར་ཉི”ལས་གཞིའི་དཔེ་སྟོན་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུ་ཇེ་མགྱོགས་སུ་བཏང་ཡོད། མ་དངུལ་སྒོར་ཁྲི་62,000དོན་འཁྱོལ་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་ད་ཡོད་ཨར་སྐྲུན་གྱི་ནུས་བསྲི་བསྒྱུར་བཀོད་ཐད་ལ་རྒྱབ་སྐྱོར་བྱས་ཡོད། འགན་ལེན་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ་མ་དངུལ་སྒོར་ཁྲི་565,247དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་ལས་ཤག་ཆ་སྒྲིག་20058དང་། ཁང་གླ་ཁེ་བའི་སྡོད་ཁང་ཆ་སྒྲིག་6000 སྤྱི་པའི་བོགས་གཏོང་སྡོད་ཁང་19000བཅས་འཛུགས་སྐྲུན་བྱ་རྒྱུ་དང་སྡོད་ཁང་སྐྱོ་ཁུལ་17216བསྒྱུར་བཀོད་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི་25,843དོན་འཁྱོལ་བྱས་ནས་རྫོང་གྲོང་གི་ཆུ་འདོན་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། མ་དངུལ་སྒོར་ཁྲི་70,000དོན་འཁྱོལ་བྱས་ནས་རང་ལྗོངས་ཀྱི་གཙོ་གནད་གྲོང་ཁྱེར་གྲོང་རྡལ་གྱི་བྱེད་ནུས་ཚང་སྒྲིག་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། བོད་སྐྱོར་མ་དངུལ་གྱིས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་རྒྱུན་མཐུད་ནས་རྒྱབ་སྐྱོར་ཤུགས་ཆེ་བྱས་ཤིང་། ལོ་ཧྲིལ་པོར་ས་གནས་ནོར་སྲིད་བརྒྱུད་དེ་གཏོང་སྤྲོད་བྱས་པའི་བོད་སྐྱོར་མ་དངུལ་སྒོར་ཁྲི་313,336ཟིན་ཡོད།

    2.གཙོ་གནད་མངོན་ཆེར་བཟུང་ནས་ཁྱད་ལྡན་ཐོན་ལས་གོང་འཕེལ་དང་འབྱུང་ཁམས་དཔལ་ཡོན་དར་སྤེལ་གཏོང་རྒྱུར་སྐུལ་སྤེལ་བཏང་བ། ཁེ་ལས་ལ་རོགས་སྐྱོར་བྱ་རྒྱུའི་མ་དངུལ་སྒྲིལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྱད་ལྡན་ལེགས་ཆའི་ཐོན་ལས་གོང་འཕེལ་གཏོང་རྒྱུར་སྐུལ་སྤེལ་དང་། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དང་ས་མཐོའི་འབྱུང་ཁམས་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ནས་ཐོན་ཁུངས་དང་འབྱུང་ཁམས་ཀྱི་ལེགས་ཆ་དེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དངོས་ཡོད་ཀྱི་སྒུལ་ཤུགས་སུ་འགྱུར་བ་བྱས་ཡོད།

    མ་དངུལ་ཐད་ནས་རོགས་སྐྱོར་བྱ་རྒྱུའི་བྱ་ཐབས་གསར་གཏོད་བྱས་ཏེ་ཐོན་ལས་ཁ་སྒྱུར་རིམ་སྤོར་བྱ་རྒྱུར་སྐུལ་སྤེལ་བཏང་བ། ཐོན་ལས་དང་། ཁེ་ལས་འབྲིང་ཆུང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སོགས་ཁེ་ལས་ལ་རོགས་སྐྱོར་བྱ་རྒྱུའི་མ་དངུལ་སྒོར་ཁྲི་55,000སྒྲིལ་སྤྱོད་དང་། རོགས་སྐྱོར་བྱ་ཐབས་འགྱུར་ལྡོག་བཏང་སྟེ་སྐྱེད་སྦྱར་དང་། མ་རྩ་དང་མ་རྐང་འཇོག་པ། མ་དངུལ་བྱ་དགར་སྒྱུར་བ། ཐེབས་རྩ་འཛུགས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཁེ་ལས་དང་ཐོན་ལས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱས་པས་མ་དངུལ་བེད་སྤྱོད་བྱེད་པའི་ནུས་ཆོད་ཆེ་རུ་སོང་ཡོད། གཞུང་ཁོངས་ཁེ་ལས་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་10,462དོན་འཁྱོལ་བྱས་ཏེ་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་དང་ལུགས་སྒྱུར་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི་3,000དོན་འཁྱོལ་བྱས་ཏེ་ཆབ་མདོ་དང་། གཞིས་རྩེ། མངའ་རིས་བཅས་ས་གནས་གསུམ་ལ་ཁག་ཐེག་མ་ལག་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཡོད། འཛམ་གླིང་ཡུལ་སྐོར་དམིགས་ས་གང་མགྱོགས་གཏོད་ཐུབ་པ་བྱས་ཏེ་ཡུལ་སྐོར་གོང་འཕེལ་གཏོང་རྒྱུའི་ཕྱི་ནང་མཐུན་རྐྱེན་ལེགས་བཅོས་བྱས་ཤིང་། ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་རྒྱུར་མ་དངུལ་སྒོར་ཁྲི་12,000དོན་འཁྱོལ་བྱས་ཏེ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཁག་30ལག་བསྟར་བྱས་ནས་ཡུལ་སྐོར་དྲིལ་བསྒྲགས་བྲིན་སྐུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས་སྐབས་དང་པོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་ལམ་ལྷོངས་ངང་ཚོགས་ཐུབ་པ་བྱུང་ཡོད། བོད་ལྗོངས་ཀྱི་དམངས་སྤྱོད་མཁའ་འགྲུལ་བྱ་གཞག་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་མཁའ་ལམ་གྱི་ཁ་གསབ་དང་དངུལ་བུན་སྐྱེད་སྦྱར་མ་དངུལ་སྒོར་ཁྲི་18,300དོན་འཁྱོལ་བྱས་ཡོད། གཏེར་ཁའི་ཐོན་ཁུངས་རྩད་ཞིབ་བྱ་རྒྱུར་མ་དངུལ་སྒོར་ཁྲི་24,658དོན་འཁྱོལ་བྱས་ནས་གཏེར་ཁ་འཚོལ་བའི་འགག་སྒྲོལ་བྱ་སྤྱོད་ལག་བསྟར་བྱ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་པས་གཏེར་ཁའི་ཐོན་ཁུངས་གསར་སྤེལ་རྟེན་གཞི་དང་གཏེར་ཁའི་ཐོན་ཁུངས་འཐབ་ཇུས་ཀྱི་གྲབས་གསོག་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་ཇེ་མགྱོགས་སུ་སོང་ཡོད། མ་དངུལ་སྒོར་ཁྲི་4,832དོན་འཁྱོལ་བྱས་ནས་འགག་སྒོ་འཛུགས་སྐྲུན་དང་ཕྱིར་གཏོང་ཐོན་རྫས་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་པས་ཕྱི་ནང་གི་ཚོང་དོན་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ཐེབས་ཡོད།

    འབྱུང་ཁམས་སྲུང་སྐྱོབ་ཀྱི་མཐའ་ཚད་བརྟན་སྲུང་གིས་ས་མཐོའི་འབྱུང་ཁམས་སྲུང་བཅད་བཏོད་པ། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ་ཐབས་ཧུར་ཐག་བྱས་ཏེ་བོད་ཀྱི་རྒྱལ་ཁབ་རིམ་པའི་གཙོ་གནད་འབྱུང་ཁམས་སྙོམས་ཁུལ་རྫོང་8ནས་18བར་མང་དུ་བཏང་བ་དང་། རྒྱལ་ཁབ་རིམ་པའི་འབྱུང་ཁམས་སྙོམས་ཁུལ་ལ་མ་དངུལ་སྒྱུར་སྤྲོད་སྒོར་ཁྲི་108,300དོན་འཁྱོལ་བྱས་ཡོད། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་པའི་རྫོང་ལ་བྱ་དགའ་སྤྲད་ཡོད། མ་དངུལ་སྒོར་ཁྲི་210,981དོན་འཁྱོལ་བྱས་ཏེ་རྩྭ་ཐང་འབྱུང་ཁམས་སྲུང་སྐྱོབ་ཀྱི་བྱ་དགའ་སྤྲོད་སྲོལ་མུ་མཐུད་ལག་བསྟར་བྱས་པས་རྩྭ་ཁ་བསྙལ་བ་དང་རྩྭ་ཕྱུགས་དོ་སྙོམས་བྱ་རྒྱུ་རྒྱ་ཁྱོན་མུའུ་དུང་ཕྱུར་10.25ཟིན་ཡོད། ནགས་ལས་འབྱུང་ཁམས་སྲུང་སྐྱོབ་སྲིད་ཇུས་ལག་བསྟར་ནན་ཏན་བྱས་ཤིང་། མ་དངུལ་སྒོར་ཁྲི་77,223དོན་འཁྱོལ་བྱས་ནས་རྫོང་ཁག་65ལ་ནགས་ཚལ་འབྱུང་ཁམས་ཀྱི་ཕན་འབྲས་སྐྱོང་གསབ་ལམ་སྲོལ་ལག་བསྟར་བྱས་པ་དང་། གཞུང་ཁོངས་དང་ས་གནས་ཀྱི་རྒྱལ་ཁབ་རིམ་པའི་གཙོ་གནད་སྤྱི་ཕན་ནགས་གླིང་བདག་སྲུང་བྱེད་པའི་རྒྱ་ཁྱོན་མུའུ་ཁྲི་15169ཟིན་ཡོད། མ་དངུལ་སྒོར་ཁྲི་64,967དོན་འཁྱོལ་བྱས་ཏེ་ནགས་སྦོལ་ཞིང་ཁ་ནགས་སུ་བསྒྱུར་རྒྱུ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོབ། གཙོ་གནད་ཁུལ་གྱི་ནགས་བཟོ། བྱེ་སྐྱོན་འགོག་བཅོས་སོགས་ཀྱི་ལས་དོན་སྤེལ་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི་9,000དོན་འཁྱོལ་བྱས་ནས་ཆུའི་འབྱུང་ཁམས་དང་བཤེར་ས་སྲུང་སྐྱོབ་བྱེད་པའི་ཚོད་ལྟའི་ལས་དོན་སྤེལ་བས་ཆུའི་འབྱུང་ཁམས་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཐུབ་ཡོད། མ་དངུལ་སྒོར་ཁྲི་19,176དོན་འཁྱོལ་བྱས་ནས་མཚོ་མཚེའུ་ཡི་ཁོར་ཡུག་སྲུང་སྐྱོབ་དང་། གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་ཀྱི་ཆུ་འགོ་སྲུང་སྐྱོབ། བཙོག་ཆུ་གཙང་གསིང་། ལྗིད་འདུས་ལྕགས་རིགས་ཀྱི་བཙོག་སྐྱོན་འགོག་བཅོས་དང་ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱ་རྒྱུར་བཏང་ཡོད།

    3.འགན་སྲུང་བྱ་རྒྱུར་ཤུགས་སྣོན་བརྒྱབ་པས་དམངས་འཚོ་ལེགས་བཅོས་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་སྒྲུབ་ནུས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་ཐེབས་པ། མ་དངུལ་གྲབས་གསོག་ཧུར་ཐག་བྱས་ནས་མ་དངུལ་སྒོར་ཁྲི་711,000བཀོད་སྒྲིག་བྱས་ཏེ་སྤྱི་ཚོགས་འགན་སྲུང་དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན་སོགས“དམངས་འཚོའི་བྱ་བ་དངོས་བཅུ”ཡག་པོ་བསྒྲུབས་པ་དང་། དམངས་ལ་བདེ་སྐྱིད་སྐྲུན་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་མཚུངས་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་གཏོང་བ། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།

    སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་དམངས་འཚོ་འགན་སྲུང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ། 2014ལོར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་བྱ་རྒྱུའི་ཐད་གཏོང་སྒོ་སྒོར་ཁྲི་818,113བཏང་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་88,717གྱིས་མང་བ་ཡོད་པས་12.2%འཕར་ཡོད། དེ་ཡང་གཅིག་ནི་སྤྱི་ཚོགས་འགན་བཅོལ་སྲིད་ཇུས་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་བ། ལོ་བཅུ་བསྟུད་མར་ཚད་གཞི་མཐོ་རུ་བཏང་བས་ཁེ་ལས་ཀྱི་ལས་བྲལ་རྒན་ཡོལ་ཞུས་པའི་ལས་བཟོའི་རྒན་གསོའི་འགན་བཅོལ་གྱི་གཞི་རྩའི་རྒན་གསོའི་འཚོ་དངུལ་ཐོབ་ཐང་ཟླ་རེར་མི་རེར་ཆ་སྙོམས་སྒོར་3320ཟིན་ཡོད། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གསར་པའི་རྨང་གཞིའི་རྒན་གསོའི་འཚོ་དངུལ་ཟླ་རེར་མི་རེར་ཆ་སྙོམས་སྒོར་105ཡིན་པ་ནས་སྒོར་120ལ་སྤར་ཡོད་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྤྱི་ཚོགས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ལམ་ལུགས་གཞི་གཅིག་ཅན་དུ་གྱུར་ཡོད། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ནོར་སྲིད་ནས་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་དེ་མི་རེར་ཆ་སྙོམས་སྒོར་300ཡིན་པ་ནས་སྒོར་340ལ་སྤར་ཡོད། ལས་རྨས་འགན་བཅོལ་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་གཞུང་ལས་པ་དང་གཞུང་ལས་པའི་བཅའ་ཁྲིམས་གཞིར་བཟུང་ནས་དོ་དམ་བྱེད་པའི་བྱ་གཞག་ཚན་པ་དང་སྤྱི་ཚོགས་ཚོགས་པའི་ལས་བྱ་ཡོངས་རྫོགས་ལས་རྨས་འགན་བཅོལ་གྱི་འགན་སྲུང་བྱེད་ཁོངས་ནང་བཅུག་ཡོད། དམངས་ཡོངས་ཀྱི་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་སྲིད་ཇུས་བརྟན་པོའི་ངང་ལག་བསྟར་བྱས་ཡོད། གཉིས་ནི་སྤྱི་ཚོགས་རོགས་སྐྱོབ་སྲིད་ཇུས་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་བ། ལོ་འདིའི་ནང་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཐེངས་གཉིས་མཐོ་རུ་བཏང་ཞིང་། གྲོང་ཁྱེར་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་440ཡིན་པ་ནས་སྒོར་540ལ་སྤར་བ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་1750ཡིན་པ་ནས་སྒོར་2150ལ་སྤར་བ། གྲོང་གསེབ་ཀྱི་འགན་ལེན་ལྔའི་ཁྱིམ་ཚང་གི་འཚོ་སྐྱོང་ཚད་གཞི་དེ་ལོ་རེར་མི་རེར་སྒོར་2600ཡིན་པ་ནས་སྒོར་3650ལ་སྤར་ཡོད། སྤྱི་ཚོགས་རོགས་སྐྱོབ་དང་འགན་སྲུང་བྱ་རྒྱུའི་ཚད་གཞི་དེ་ཟོག་གོང་འཕར་འགྲོ་བ་དང་སྦྲེལ་མཐུད་བྱེད་པའི་མཉམ་སྒུལ་ལམ་སྲོལ་དུས་ཐོག་ཏུ་ལག་བསྟར་བྱེད་འགོ་བཙུགས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི་40ཙམ་ལ་ཕན་པ་ཐོབ་ཡོད། ཡོང་འབབ་དམའ་བའི་རིགས་གྲས་ལ“དུས་ཆེན་གསུམ”རིང་གི་སྤྲོད་གཅིག་མའི་འཚོ་བའི་ཁ་གསབ་མུ་མཐུད་སྤྲད་པ། འགན་ལེན་ལྔའི་མི་སྣ་གཅིག་སྡུད་ཐོག་འཚོ་སྐྱོང་དང་དྭ་ཕྲུག་གཅིག་སྡུད་ཐོག་གསོ་ཉར་བྱེད་པའི་ལས་དོན་སྐུལ་སྤེལ་གང་མགྱོགས་བཏང་ཞིང་། མ་དངུལ་སྒོར་ཁྲི་93,526དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་རྫོང་གི་འགན་ལེན་ལྔའི་མི་སྣ་གཅིག་སྡུད་ཐོག་འཚོ་སྐྱོང་བྱེད་པའི་ཚན་པ་ཁག་43དང་། ས་གནས(གྲོང་ཁྱེར)རིམ་པའི་དྭ་ཕྲུག་གཅིག་སྡུད་ཐོག་གསོ་ཉར་བྱེད་པའི་ཚན་པ་ཁག་9བཙུགས་ཡོད། རང་བྱུང་གནོད་འཚེའི་རྒུད་སྐྱོབ་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་གནོད་འཚེའི་དངོས་ཟོག་གྲབས་གསོག་བྱ་རྒྱུར་མ་དངུལ་སྒོར་ཁྲི་20,082དོན་འཁྱོལ་བྱས་ཡོད། དགུན་དཔྱིད་གཉིས་ཀྱི་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་སྒོར་ཁྲི་3,100དོན་འཁྱོལ་བྱས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དཀའ་ངལ་ཐག་གཅོད་བྱས་ཡོད། མ་དངུལ་སྒོར་ཁྲི་4,440དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་རྫོང་ཚང་མར་རྒུད་སྐྱོབ་འཕྲལ་སྡོམ་ཆེད་སྤྱོད་རླངས་འཁོར་ཉོས་ནས་སྒྲིག་སྦྱོར་བྱས་ཡོད། གསུམ་ནི་ལས་ཞུགས་བྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་བ། ལས་ཞུགས་ཀྱི་དམངས་ཕན་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་ལས་ཞུགས་དང་ལས་ཞུགས་བསྐྱར་མ་བྱ་རྒྱུའི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་9,440དོན་འཁྱོལ་བྱས་ནས་སློབ་ཆེན་ཐོན་པའི་སློབ་མ་ཞིང་འབྲོག་ཁུལ་དང་ཁེ་ལས་སུ་ལས་ཀ་བྱེད་པར་འགྲོ་རྒྱུར་རྒྱབ་སྐྱོར་བྱས་པ་དང་། རང་བརྟེན་ལས་འཚོལ་དང་རང་བརྟེན་ལས་གཏོད་བྱ་རྒྱུར་སྐུལ་ལྕག་བྱས་པས་ཐེམ་ཁོངས་བོད་ནས་ཡིན་པའི་ད་ཐོན་སློབ་ཆེན་སློབ་མ་ཡོངས་རྫོགས་ལས་ཞུགས་ཐུབ་པ་བྱུང་ཡོད། སྲིད་གཞུང་ནས་ཉོ་སྒྲུབ་བྱས་པའི་སྤྱི་ཕན་རང་བཞིན་གྱི་ལས་གནས་བཟོ་འདོན་དང་དེར་དོ་དམ་བྱ་རྒྱུ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཞིང་། མ་དངུལ་སྒོར་ཁྲི་38,729དོན་འཁྱོལ་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁྲི་2.6གི་གླ་ཕོགས་དང་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་གཏོང་སྒོ་འགན་ལེན་བྱས་ཡོད། བཞི་ནི་ཕྱོགས་ཡོངས་ནས་ཡོང་འབབ་བགོ་བཤའ་རྒྱག་སྲོལ་ལ་མུ་མཐུད་ནས་བསྒྱུར་བཅོས་གཏིང་ཟབ་བྱས་པ། སྡོད་ཁང་གི་ཟླ་རེའི་ཁ་གསབ་དང་སྡོད་ཁང་གི་སྤྱི་གསོག་མ་དངུལ་སྲིད་ཇུས་བརྟན་གནས་ཐུབ་ཡོད། མ་དངུལ་སྒོར་ཁྲི་22,000དོན་འཁྱོལ་བྱས་ཏེ་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིར་དྲོད་གཏོང་སོལ་རླངས་སྤྱོད་རྒྱུའི་ཐད་ཁ་གསབ་བྱ་རྒྱུར་བཏང་ཡོད། ཚད་གཞི་སྔར་བས་མཐོ་རུ་བཏང་སྟེ། ལྟེ་གནས་ས་ཁུལ་གྱི་གྲོང་ཚོའི་ཧྲུའུ་ཅི་ཀྲུའུ་རེན་དང་། གྲོང་ཚོའི་ལས་བྱེད་པ་གཞན་དག་གི་གཞི་རྩའི་གླ་ཆ་དང་ལས་རྗེས་ཞིབ་དཔྱད་ཀྱི་བྱ་དགའི་ཁ་གསབ་རོགས་དངུལ་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་9126དང་སྒོར་4568ཡིན་པ་ནས་ཁག་སོ་སོར་སྒོར་10404དང་སྒོར་5208ལ་སྤར་བ་དང་། མཐའ་མཚམས་ས་ཁུལ་གྱི་གྲོང་ཚོའི་ཧྲུའུ་ཅི་ཀྲུའུ་རེན་དང་། གྲོང་ཚོའི་ལས་བྱེད་པ་གཞན་དག་གི་གཞི་རྩའི་གླ་ཆ་དང་ལས་རྗེས་ཞིབ་དཔྱད་ཀྱི་བྱ་དགའི་ཁ་གསབ་རོགས་དངུལ་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་9444དང་སྒོར་4830ཡིན་པ་ནས་ཁག་སོ་སོར་སྒོར་10766དང་སྒོར་5506ལ་སྤར་བ། “རྒན་གྲས་གསུམ”གྱི་མི་སྣའི་འཚོ་བའི་ཁ་གསབ་རོགས་དངུལ་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་50སྤར་ཡོད། ལས་བྱེད་ལས་བཟོའི་དྲོད་གཏོང་དུས་ཚོད་ནང་གི་ཁ་གསབ་ཚད་གཞི་དེ་ཟླ་རེར་སྒོར་220ཡིན་པ་ནས་སྒོར་250ལ་སྤར་ཡོད། ལྔ་ནི་སྤྱི་ཚོགས་ཀྱི་གཟིགས་སྐྱོང་བཀོད་སྒྲིག་ལས་དོན་ཡག་པོ་བསྒྲུབས་པ། མ་དངུལ་སྒོར་ཁྲི་102,577དོན་འཁྱོལ་བྱས་ནས་རང་བརྟེན་ལས་འཚོལ་བྱེད་མཁན་དམག་དཔུང་གི་ལས་སྒྱུར་ལས་བྱེད་པ་དང་། དམག་དཔུང་ནས་ས་གནས་ལ་བཀོད་སྒྲིག་རྩིས་སྤྲོད་བྱས་པའི་ལས་བྲལ་རྒན་ཡོལ་ཞུས་པའི་མི་སྣ། དེ་བཞིན་དམག་ཞབས་ཐིམས་པའི་འོས་འགན་དམག་མི་བཅས་ཀྱི་ལས་ཀ་བཀོད་སྒྲིག་བྱ་རྒྱུའི་ཐད་ཀྱི་གཏོང་སྒོ་འགན་ལེན་བྱས་ཡོད། དམིགས་བསལ་དཀའ་ངལ་ཡོད་པའི་ལས་བྲལ་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་རོགས་སྐྱོར་བྱ་རྒྱུའི་ལས་གཞི་ལག་བསྟར་བྱེད་པ་དང་། ལས་བྲལ་རྒན་ཡོལ་ཞུ་མཁན་གྱི་ཏང་ཀྲི་པུའུ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ལས་བྱེད་པ་རྒན་གྲས་ལུས་གསོ་དང་ལྟ་སྐོར་དུ་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཡོད།

    སྤྱི་ཚོགས་བྱ་གཞག་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཏེ་སྤྱི་པའི་ཞབས་ཞུ་སྒྲུབ་ནུས་ཆེ་རུ་བཏང་བ། དེ་ཡང་གཅིག་ནི་སློབ་གསོའི་བྱ་གཞག་སྔོན་དུ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ། 2014ལོར་ལྗོངས་ཡོངས་ཀྱི་སློབ་གསོའི་ཐད་གཏོང་སྒོ་སྒོར་ཁྲི་1,458,006བཏང་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་386,230ཡིས་མང་བ་བཏང་ཡོད་པས། 36%འཕར་ཡོད། “འགན་ལེན་གསུམ”གྱི་འགྲོ་གྲོན་འགན་སྲུང་ཚད་གཞི་སྔར་བས་མཐོ་རུ་བཏང་ཞིང་། ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་2,900ཟིན་པ་དང་། ལྗོངས་ཡོངས་ཀྱི“འགན་ལེན་གསུམ”གྱི་གྲོན་དངུལ་གཏོང་སྒོ་སྤྱི་འབོར་སྒོར་ཁྲི་149,300ཟིན་ནས་ཞིང་འབྲོག་པའི་བུ་ཕྲུག་དང་གྲོང་ཁྱེར་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་ཁྲི་52ཙམ་ལ་ཕན་པ་ཐོབ་ཡོད། མ་དངུལ་སྒོར་ཁྲི་24,738དོན་འཁྱོལ་བྱས་ཏེ་འགན་བབས་སློབ་གསོ་ཐོབ་མཁན་ཞིང་འབྲོག་པའི་བུ་ཕྲུག་གི་འཚོ་བཅུད་ལེགས་གཏོང་འཆར་གཞི་ཡོངས་སུ་ཁེབས་ཐུབ་པ་བྱུང་ཞིང་། འགན་བབས་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་སློབ་མ་ཁྲི་38ཙམ་ལ་ཕན་པ་ཐོབ་ཡོད། མ་དངུལ་སྒོར་ཁྲི་207,600དོན་འཁྱོལ་བྱས་ནས་ཞིང་འབྲོག་ཁུལ་གྱི་སློབ་ཞུགས་མ་བྱས་གོང་གི་སློབ་གསོ་འཛུགས་སྐྱོང་བྱས་པ་དང་། གྲོང་གསེབ་ཀྱི་འགན་བབས་སློབ་གསོ་ཉམས་ཞན་ཡིན་པའི་སློབ་གྲྭ་བསྒྱུར་བཀོད་བྱས་པ། དེ་བཞིན་ས་ཁད་མཐོ་ལ་གྲང་ངར་ཆེ་བའི་སློབ་གྲྭ་འབྲིང་ཆུང་གི“ཡོད་པ་བཞིའི་ལས་གཞི”ལག་བསྟར་བྱས་ཡོད། ལས་རིགས་སློབ་གསོ་དང་དམིགས་བསལ་སློབ་གསོ་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་པ། མ་དངུལ་སྒོར་ཁྲི་43,712དོན་འཁྱོལ་བྱས་ནས་མཐོ་རིམ་སློབ་གྲྭ་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་མཐོ་རིམ་སློབ་གྲྭའི་ཁྱད་ལྡན་དགེ་མཚན་ལྡན་པའི་རིག་ཚན་འཛུགས་སྐྱོང་དང་གཙོ་གནད་ཚོད་ལྟ་ཁང་འཛུགས་སྐྲུན་བྱ་རྒྱུར་སྐུལ་སྤེལ་བཏང་ཡོད། གཉིས་ནི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་སྒྲུབ་ཤུགས་ཆེ་རུ་བཏང་བ། 2014ལོར་ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཐད་གཏོང་སྒོ་སྒོར་ཁྲི་496,982བཏང་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་94,080ཡིས་མང་བ་ཡོད་པས། 23.4%འཕར་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་རིན་པ་མི་དགོས་པར་གཟུགས་པོ་བརྟག་དཔྱད་བྱེད་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་པ། སྨན་བཅོས་འགྲོ་གྲོན་འགན་སྲུང་ཚད་གཞི་མཐོ་རུ་བཏང་ཞིང་། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཐད་ནོར་སྲིད་ནས་གཏོང་རྒྱུའི་ཁ་གསབ་རོགས་དངུལ་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་340ཡིན་པ་ནས་སྒོར་380ལ་སྤར་བ་དང་། གྲོང་གསེབ་ཀྱི་སྨན་པ་དང་ཕྱུགས་རིགས་སྨན་པའི་ཐོབ་ཐང་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་300ཡིན་པ་ནས་སྒོར་600ལ་སྤར་བ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་ཚད་གཞི་དེ་སྒོར་35ཡིན་པ་ནས་སྒོར་45ལ་སྤར་ཡོད། སྤྱི་པའི་འཕྲོད་བསྟེན་ཐད་གཏོང་ཆ་མང་དུ་བཏང་ནས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་སྒྲུག་བཤེར་སྨན་བཅོས་བྱ་རྒྱུ་རྒྱུན་རྣམ་ཅན་དུ་འགྱུར་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་སྤེལ་བཏང་བ་དང་། ཕྲུ་གུ་མ་འཁོར་གོང་དང་འཁོར་རིང་དབང་སྐྱོན་རིགས་མི་སྐྱེ་བའི་རིམ་པ་དང་པོའི་སྔོན་འགོག་ལས་གཞི་ལག་བསྟར་བྱས་ཤིང་། ནད་ཡམས་སྔོན་འགོག་དང་ཚོད་འཛིན། མ་བུ་འཕྲོད་བསྟེན་འཕྲོད་སྦྱོར། གནོད་མེད་བཟའ་བཅར་ལྟ་འདོམས་བྱེད་པ་སོགས་ཀྱི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་པ། ཆབ་མདོ་ས་ཁུལ་གྱི་གྲུམ་བུ་ཚིགས་ཆེན་ནད་ཕོག་པའི་མང་ཚོགས་ས་ཆ་གཞན་དུ་གནས་སྤོ་བྱ་རྒྱུ་དང་ཕྱོགས་བསྡུས་འགོག་བཅོས་བྱ་རྒྱུའི་ལས་དོན་ཡག་པོ་སྤེལ་ཡོད། བོད་ལུགས་གསོ་རིག་སྨན་རྫས་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་བས་གཞི་རིམ་བོད་ལུགས་གསོ་རིག་སྨན་རྫས་ཐད་ཀྱི་ཞབས་ཞུ་དང་སྨན་བཅོས་བྱེད་ནུས་ཆེ་རུ་སོང་ཡོད། གསུམ་ནི་གཞི་རིམ་གྱི་རིག་གནས་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པ། 2014ལོར་ལྗོངས་ཡོངས་ཀྱི་རིག་གནས་ལུས་རྩལ་དང་སྨྱན་སྦྱོར་ཐད་གཏོང་སྒོ་སྒོར་ཁྲི་328,241བཏང་ཡོད་པ་དེ་ལོ་གོང་མ་ལས་སྒོར་ཁྲི་103,071གིས་མང་བ་ཡོད་པས། 45.8%འཕར་ཡོད། མ་དངུལ་དོན་འཁྱོལ་བྱས་ནས་མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་། རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་ཁུལ། གདོད་རྣམ་གྱི་སྲོལ་རྒྱུན་གླུ་གར《ཤམ་བྷ་ལ་འཚོལ་བ》སོགས་རྣམ་གྲངས་ལ་གཙོ་གནད་དུ་རོགས་སྐྱོར་བྱས་ཡོད། གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་འགན་སྲུང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞིར་སྐུལ་སྤེལ་བཏང་ཞིང་། རིག་གནས་དང་ལུས་རྩལ་སོགས་སྤྱི་པའི་རིག་གནས་སྤེལ་ཡུལ་རིན་པ་མི་དགོས་པར་སྒོ་མོ་འབྱེད་རྒྱུར་རྒྱབ་སྐྱོར་བྱས་པ་དང་། དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། རིག་གནས་ཁང་། དེ་བཞིན་ལུས་རྩལ་ཁང་སོགས་རིན་པ་མི་དགོས་པར་སྒོ་མོ་ཕྱེ་མཁན་ཚན་པར་ནོར་སྲིད་ནས་ཁ་གསབ་སྤྲད་ཡོད། མ་དངུལ་སྒོར་ཁྲི་54,856དོན་འཁྱོལ་བྱས་ཏེ་གཙོ་གནད་ཀྱི་དགོན་པ་དང་རིག་དངོས་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་། རྒྱུན་འཛིན། གསར་སྤེལ་བཅས་བྱ་རྒྱུར་སྐུལ་ལྕག་བྱས་པ། རླུང་འཕྲིན་བརྙན་འཕྲིན་བྱ་གཞག་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་པ་དང་། བོད་ཀྱི་བརྗོད་གཞི་ཡིན་པའི་རིག་རྩལ་དང་། གློག་བརྙན་བརྙན་འཕྲིན་བརྩམ་བྱ་གསར་རྩོམ་བྱ་རྒྱུར་རྒྱབ་སྐྱོར་བྱས་པས་ཕུལ་བྱུང་གི་རིག་གནས་བརྩམ་བྱ་གཟུགས་སྟོན་བརྙན་ཡོལ་ཐོག་སྟོན་རྒྱུར་སྐུལ་འདེད་ཐེབས་ཡོད། མང་ཚོགས་ཀྱི་ལུས་རྩལ་ཐད་གཏོང་ཆ་མང་དུ་བཏང་ནས་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་ཡོང་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། སྐབས་བཅུ་གཅིག་པའི་ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་ལམ་ལྷོངས་ངང་གཉེར་ཐུབ་པ་བྱུང་ཡོད། བཞི་ནི་གཞུང་ལམ་བདག་སྐྱོང་བྱ་གཞག་གོང་འཕེལ་འགྲོ་རྒྱུར་སྐུལ་སྤེལ་བཏང་བ། གཞུང་ལམ་བདག་སྐྱོང་ཐད་མ་དངུལ་སྒོར་ཁྲི་192,167དོན་འཁྱོལ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་འགན་སྲུང་སྲ་ཞིང་བརྟན་པ་བྱས་ཡོད།

    4.འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་རིག་ལག་རྩལ་ཁྱབ་གདལ་དང་ཤེས་ལྡན་པ་ནང་འདྲེན་བྱ་རྒྱུར་རྒྱབ་སྐྱོར་བྱས་པ། ཚན་རྩལ་གསར་གཏོད་ཐད་འདེད་སྒུལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དངོས་སྤྱོད་ལག་རྩལ་ཞིབ་འཇུག་དང་འབྲས་བུ་དངོས་སྒྱུར་བྱ་རྒྱུར་སྐུལ་སྤེལ་བཏང་བ་དང་། ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་དེ་ཐོན་སྐྱེད་ནུས་ཤུགས་དངོས་ལ་འགྱུར་ཐུབ་པ་བྱས་ཡོད། ཤེས་ལྡན་མི་སྣ་སྟོབས་ཆེའི་ཁུལ་གྱི་འཐབ་ཇུས་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་གོང་འཕེལ་གཏོང་རྒྱུ་དང་མི་ཤུགས་ཐོན་ཁུངས་འཛུགས་སྐྱོང་ཅུང་རྗེས་ལུས་ཡིན་པའི་དབར་གྱི་འགལ་ཟླ་སེལ་ཡོད།

    ཚན་རྩལ་དངོས་སྤྱོད་ཆུ་ཚད་མཐོ་རུ་དང་ཚན་རྩལ་གྱི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བ། ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་རྒྱུར་དམིགས་ནས་མ་དངུལ་སྒོར་ཁྲི་19,288དོན་འཁྱོལ་བྱས་ཤིང་། དངོས་སྤྱོད་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་བྱ་རྒྱུའི་ཐད་གཏོང་ཆ་མང་དུ་བཏང་སྟེ། ནས་ཀྱི་རྒྱུད་གྲུབ་འཆར་གཞི་དང་། ཞིང་ལས་ཚན་རྩལ་འབྲས་བུ་དངོས་སྒྱུར། ཞིང་ལས་ཚན་རྩལ་ཁྱབ་གདལ། གཞི་རིམ་གྱི་ཞིང་ལས་ཚན་རྩལ་ཁྱབ་གདལ་མ་ལག་འཛུགས་སྐྱོང་སོགས་ཀྱི་ལས་དོན་མུ་མཐུད་སྤེལ་ཡོད། ཚན་རྩལ་ཆེད་མངགས་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཚན་རྩལ་ཆེད་མངགས་པའི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི་3,583དོན་འཁྱོལ་བྱས་པས་ཞིང་འབྲོག་ཚན་རྩལ་ཆེད་མངགས་པའི་ཧུར་སེམས་སྐུལ་སློང་གང་ལེགས་ཐུབ་ཡོད། ཚན་རིག་ཁྱབ་གདལ་གྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་3,345དོན་འཁྱོལ་བྱས་ནས་ཚན་རིག་ལག་རྩལ་དྲིལ་བསྒྲགས་སློབ་གསོ་དང་ཁྲིད་སྟོན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད།

    མི་ཤུགས་ཐོན་ཁུངས་འདོན་སྤྲོད་བྱ་རྒྱུ་ཤུགས་ཆེར་བཏང་ནས་རིག་སྟོབས་ཐད་རྒྱབ་སྐྱོར་དང་གོང་འཕེལ་གཏོང་རྒྱུར་ཁྲིད་སྟོན་བྱས་པ། ཤེས་ལྡན་མི་སྣའི་ལས་དོན་ཐད་མ་དངུལ་གཏོང་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སློབ་གསོ་དང་། ཚན་རྩལ། འཕྲོད་བསྟེན་སོགས་ལ་དགོས་མཁོ་ཆེ་ཞིང་དཀོན་པའི་ཤེས་ལྡན་མི་སྣ་ནང་འདྲེན་ཁ་སྐོང་བྱ་རྒྱུར་མ་དངུལ་ཐོག་ནས་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི་28,504དོན་འཁྱོལ་བྱས་ནས་ཤང་དང་གྲོང་རྡལ་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོའི་འཚོ་བའི་ཁ་གསབ་ལམ་ལུགས་བཙུགས་ཏེ་གཞི་རིམ་ལས་བྱེད་ལས་བཟོ་པས་སེམས་རྣལ་དུ་ཕབ་ནས་ལས་ཀ་བྱ་རྒྱུར་སྐུལ་ལྕག་བཏང་ཡོད། དགེ་རྒན་ལ་སྦྱོང་བརྡར་སྤྲོས་རྒྱུའི་ཐད་གཏོང་ཆ་མང་དུ་བཏང་ཞིང་། མ་དངུལ་སྒོར་ཁྲི་6,336དོན་འཁྱོལ་བྱས་ནས་དགེ་རྒན་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་པས་དགེ་རྒན་གྱི་སློབ་ཁྲིད་ཆུ་ཚད་མཐོ་རུ་སོང་ཡོད། གཞི་རིམ་གྱི་འཕྲོད་བསྟེན་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཅིང་། མ་དངུལ་སྒོར་ཁྲི་2,000དོན་འཁྱོལ་བྱས་ནས་ཤང་དང་གྲོང་ཚོའི་སྨན་དོན་མི་སྣར་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་བ་དང་། སྨན་བཅོས་དང་འཕྲོད་བསྟེན་ཆེད་ལས་སློབ་ཆེན་ཐོན་པའི་ཕུལ་བྱུང་སློབ་མ་གཞི་རིམ་གི་སྨན་བཅོས་ཚན་པའི་ནང་ལས་ཀ་བྱེད་པར་འགྲོ་རྒྱུར་ཁྲིད་སྟོན་བྱས་ཡོད། མ་དངུལ་སྒོར་ཁྲི་1,000དོན་འཁྱོལ་བྱས་ནས་གཞུང་ཁོངས་ཁེ་ལས་ཀྱི་གཉེར་སྐྱོང་དོ་དམ་གྱི་ཤེས་ལྡན་པར་སྦྱོང་བརྡར་སྤྲོས་རྒྱུའི་རྣམ་གྲངས་62བཀོད་སྒྲིག་བྱས་ཏེ། གཞུང་ཁོངས་ཁེ་ལས་མི་སྣའི་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་ཁེ་ལས་ཀྱི་རིག་གནས་གཏོད་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་ཁྲི་5,000དོན་འཁྱོལ་བྱས་ནས་ཤང་གྲོང་དང་། གྲོང་ཚོ་གྲོང་ལྷན་གྱི་རྩ་འཛུགས་འགན་འཁུར་བར་སྦྱོང་བརྡར་སྤྲོས་རྒྱུའི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད། མ་དངུལ་སྒོར་ཁྲི་1,665དོན་འཁྱོལ་བྱས་ནས་སློབ་ཆེན་སློབ་མས་ནུབ་རྒྱུད་ལ་དང་བླངས་ཞབས་ཞུ་སྒྲུབ་པའི་འཆར་གཞི་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱས་ཤིང་། ལྗོངས་ཡོངས་སུ་སློབ་ཆེན་གྱི་སློབ་མ་དང་བླངས་པ་མི་གྲངས་2000ཟིན་ཡོད་པས་ཤེས་ལྡན་མི་སྣའི་གྲུབ་ཆ་སྔར་བས་ལེགས་སུ་སོང་ཡོད།

    5. རྨང་རྩ་གཉིས་བརྟན་ཡོང་བ་བྱས་པས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ཇེ་ཟབ་ཏུ་སོང་བ། ནོར་སྲིད་ནས་མ་དངུལ་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱས་ཏེ་སྤྱི་པའི་དོ་དམ་དང་སྤྱི་ཚོགས་བཅོས་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་དང་མི་དམངས་བདེ་འཁོད་ལས་བརྩོན་ཡོང་རྒྱུར་སྐུལ་སྤེལ་བཏང་ཡོད།

    མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་སྐྱོང་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཤིང་། དགོན་སྡེ་དོ་དམ་བྱ་རྒྱུར་ཤུགས་སྣོན་དང་གསར་གཏོད་བྱས་ཐོགདགོན་སྡེ་དང་གྲྭ་བཙུན་ལ་ཕན་འདོགས་པའི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱེད་པའི་འགྲོ་གྲོན་སྒོར་ཁྲི་11,175དོན་འཁྱོལ་བྱས་པས་རྒྱ་ཆེའི་གྲྭ་བཙུན་གྱི་རྒྱལ་གཅེས་ཁྲིམས་སྲུང་གི་སེམས་ཤུགས་འཕེལ་བ་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་འགྲོ་རྒྱུར་སྔར་བས་ཁྲིད་སྟོན་བྱས་ཡོད། མ་དངུལ་སྒོར་ཁྲི་1,502དོན་འཁྱོལ་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱས་ཡོད། རྨང་བརྟན་དམངས་ཕན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུར་མུ་མཐུད་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཤིང་། ལྗོངས་ཡོངས་ཀྱི་རིམ་ཁག་ནོར་སྲིད་ནས་རྨང་བརྟན་དམངས་ཕན་གྱི་ཆེད་སྤྱོད་མ་དངུལ་ཁྱོན་སྒོར་ཁྲི་180,000དོན་འཁྱོལ་བྱས་ཏེ་བྱ་བ་དངོས་སྒྲུབ་རྒྱུ་དང་། རུ་མིར་འཚོ་སྣོན་སྤྲོད་རྒྱུ། འཕྲལ་མྱུར་དོན་སྨིན་ཐུབ་པའི་རྣམ་གྲངས་ལག་བསྟར་བྱེད་པའི་འགྲོ་གྲོན་དགོས་མཁོ་སྐོང་ཐུབ་པ་བྱས་ཡོད། མ་དངུལ་སྒོར་ཁྲི་23,536དོན་འཁྱོལ་བྱས་ཏེ“གཉིས་ལྡན་དུད་སྦྲེལ”གྱི་འཛུགས་སྐྱོང་དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཡོད། ལྕགས་ལམ་གྱི་ལམ་སྐྱོང་མཉམ་འགོག་ཐད་འགྲོ་གྲོན་འགན་སྲུང་ཡག་པོ་བྱས་ཏེ་མཚོ་བོད་དང་ལྷ་གཞིས་ལྕགས་ལམ་གྱི་ལམ་སྐྱོང་མཉམ་འགོག་ཐད་འགྲོ་གྲོན་སྒོར་ཁྲི་13,610དོན་འཁྱོལ་བྱས་ཡོད། “བརྒྱད་པའི་དགུ”དང་“བརྒྱད་པའི་བཅོ་བརྒྱད”ཀྱི་ཚབས་ཆེའི་འགྲིམ་འགྲུལ་བྱུར་རྐྱེན་གྱི་རྗེས་འཇུག་ལས་དོན་ཐག་གཅོད་གང་འཚམ་བྱས་ཏེ“ཚོད་འཛིན་གཉིས་དང་ཉེན་རྟོག་གཅིག”གི་སྲིད་ཇུས་ཀྱི་བླང་བྱར་གཞིགས་ནས་མ་དངུལ་སྒོར་ཁྲི་6,171དོན་འཁྱོལ་བྱས་ཏེ་རྒྱ་ལམ་འགྲུལ་སྐྱེལ་གྱི་རྒྱུན་བཙུགས་འགྲོ་ལམ་ཐོག་འཁོར་རིགས་བདེ་འཇགས་ངང་ལས་གཉེར་བྱ་རྒྱུ་དང་ཁྲོམ་ར་བརྟན་གནས་ཐུབ་པ་བྱས་ཡོད། ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ནས“ཨུ་ལྷནགཉིས”ཀྱི་ཚན་ཁག་སྐབས་བརྗེ་དང་། ཧྲུའུ་ཅི་ཨང་དང་པོ། ཤང་ཀྲང་དང་ཀྲེན་ཀྲང་། དེ་བཞིན་གཞི་རིམ་ཏང་ཡོན་བཅས་ལ་སྦྱོང་བརྡར་སྤྲོས་པའི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཡོད།

    བརྟན་ལྷིང་སྲུང་སྐྱོང་ཐད་ཀྱི་གཏོང་ཆ་མང་དུ་བཏང་བ་དང་ཆབས་ཅིག་གཞི་རིམ་སྲིད་གཞུང་དང་། མཐའ་མཚམས་ས་ཁུལ། ནོར་སྲིད་ཁ་འཐེང་བའི་ས་ཁུལ་བཅས་ལ་འབྱོར་སྟོབས་སྔར་བས་འཕར་གཟིགས་བྱས་ཏེ་གཞི་རིམ་སྲིད་གཞུང་གི་སྟངས་འཛིན་བྱེད་ནུས་ཆེ་རུ་གཏོང་བ་དང་གཞི་རིམ་སྲིད་གཞུང་གི་སྤྱི་པའི་ཞབས་ཞུ་སྒྲུབ་ཚད་མཐོ་རུ་བཏང་ཡོད། རང་སྐྱོང་ལྗོངས་ཀྱིས་གཤམ་འོག་ལ་དོ་སྙོམས་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱེད་རྒྱ་མུ་མཐུད་ཆེ་རུ་བཏང་ཞིང་། 2014ལོར་རང་སྐྱོང་ལྗོངས་ཀྱིས་ས་གནས(གྲོང་ཁྱེར)དང་རྫོང་ལ་དོ་སྙོམས་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་བྱེད་རྒྱ་སྒོར་ཁྲི་1,207,596ཟིན་པ་དེ་2013ལོ་དང་བསྡུར་ན་སྒོར་ཁྲི་251,599མང་དུ་སོང་བས་26,3%འཕར་ཡོད། རྫོང་རིམ་པའི་གཞི་རྩའི་འབྱོར་སྟོབས་འགན་སྲུང་དང་བྱ་དགའི་སྐྱོང་གསབ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་བྱ་དགའི་སྐྱོང་གསབ་ཐད་མ་དངུལ་སྒོར་ཁྲི་64,880བཀོད་སྒྲིག་བྱས་ཏེ་དཀའ་ངལ་ཡོད་པའི་རྫོང་གི་འབྱོར་སྟོབས་གནས་ཚུལ་ལེགས་སུ་བཏང་ཡོད། མཐའ་མཚམས་ས་ཁུལ་གྱི་མ་དངུལ་སྒྱུར་སྤྲོད་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས“ཀུན་ཕན་རང་བཞིན་”གྱི་མཐའ་མཚམས་ཡུལ་མིར་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་སྔར་བས་མཐོ་རུ་བཏང་ཞིང་། ས་ཡུལ་དང་པོ་དང་གཉིས་པའི“ཀུན་ཕན་རང་བཞིན”གྱི་མཐའ་མཚམས་ཡུལ་མིར་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་དེ་ཁག་སོ་སོར་དེ་སྔའི་ལོ་རེར་མི་རེར་ཆ་སྙོམས་སྒོར་1200དང་སྒོར་1000ཡིན་པ་ནས་སྒོར་1400དང་སྒོར་1200ལ་སྤར་བ་དང་། མཐའ་མཚམས་ས་ཁུལ་གྱི་སྒྱུར་སྤྲོད་མ་དངུལ་སྒོར་ཁྲི་81,100དོན་འཁྱོལ་བྱས་པ། གཞི་རིམ་སྲིད་དབང་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མ་དངུལ་སྒོར་ཁྲི་38,589དོན་འཁྱོལ་བྱས་ཏེ་གཞི་རིམ་ཤང་གྲོང་ལས་ཁུངས་ཀྱི་གཞུང་ལས་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་བཏང་ཡོད།

    6.བསྒྱུར་བཅོས་གཏིང་ཟབ་བྱས་ནས་ཚད་ལྡན་ཅན་གྱི་དེང་རབས་ནོར་སྲིད་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་པ། ཕྱོགས་ཡོངས་ནས་ནོར་ཁྲལ་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་སྤྱིའི་བླང་བྱར་གཞིགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་རྩ་དོན་སྲུང་རྒྱུ་རྒྱུན་འཁྱོངས་ཀྱིས་སྲིད་གཞུང་གི་འགན་ནུས་བརྗེ་སྒྱུར་ཇེ་མགྱོགས་སུ་བཏང་ནས་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། དོ་དམ་བྱ་ཐབས་གསར་གཏོད་བྱེད་པ། དོ་དམ་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ནས་མ་དངུལ་འཕར་མ་གང་ལེགས་སྤྱད་དེ་ནོར་སྲིད་ཀྱི་དོ་དམ་སྔར་བས་ཚད་ལྡན་དང་། ནོར་སྲིད་ཀྱི་ཉེན་ཁར་འགོག་ཟོན། ལྟ་སྐུལ་ནུས་ལྡན་བཅས་བྱས་ཏེ་མ་དངུལ་གཏོང་སྤྲོད་ཀྱི་ཕན་འབྲས་ཆེ་རུ་བཏང་ཡོད།

    ནོར་སྲིད་ལམ་ལུགས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནོར་ཁྲལ་གྱི་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ། སྲིད་གཞུང་གི་ཁྱབ་ཆེའི་སྔོན་རྩིས་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྔོན་རྩིས་ཀྱི་གཏོང་ཡོང་ཁྱབ་ཁོངས་ཁག་བཞི་གསལ་པོ་བཟོས་ནས་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་དང་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་དེ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དང་གཅིག་གྱུར་འཆར་འགོད་བྱེད་པའི་ལམ་སྲོལ་འཛུགས་རྒྱུ་ཞིབ་འཇུག་བྱས་ཡོད། མི་སྣའི་སྒྲིག་གྲངས་དང་རྒྱུ་ནོར་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་སྣའི་སྒྲིག་གྲངས་དང་རྒྱུ་ནོར་དོ་དམ་བྱ་རྒྱུ་དེ་སྔོན་རྩིས་དོ་དམ་བྱ་རྒྱུ་དང་སྦྲེལ་མཐུད་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད། འཕྲོས་ལྷག་འཕྲོས་སྒྱུར་མ་དངུལ་ལ་དོ་དམ་བྱ་རྒྱུ་ཚད་ལྡན་བཟོས་ཏེ་འཕྲོས་སྒྱུར་དང་འཕྲོས་ལྷག་མ་དངུལ་དུས་བཅད་ཐོག་གཙང་བཤེར་བྱེད་པའི་ལམ་སྲོལ་དང་སྔོན་རྩིས་བཟོ་སྒྲིག་བྱ་རྒྱུ་དེ་འཕྲོས་སྒྱུར་འཕྲོས་ལྷག་མ་དངུལ་དང་ཕན་ཚུན་སྦྲེལ་མཐུད་བྱེད་པའི་དོ་དམ་ལམ་སྲོལ་བཙུགས་ཡོད། གཞུང་ཁོངས་མ་རྩའི་གཉེར་སྐྱོང་གི་སྔོན་རྩིས་བཟོ་སྒྲིག་ཁྱབ་ཁོངས་མུ་མཐུད་རྒྱ་ཆེར་བཏང་ནས་གཞུང་ཁོངས་མ་རྩའི་ཁེ་འབབ་བསྡུ་འཇལ་བྱེད་པའི་བསྡུར་ཚད་རིམ་བཞིན་མཐོ་རུ་བཏང་ཡོད། རྒྱལ་མཛོད་ནས་གཅིག་སྡུད་གཏོང་སྤྲོད་བྱེད་པའི་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་མ་དངུལ་གཏོང་སྤྲོད་གློག་རྡུལ་ཅན་དུ་བསྒྱུར་བཅོས་བྱ་རྒྱུ་ཚོད་ལྟ་དང་ནོར་སྲིད་དངུལ་འཛིན་གློག་རྡུལ་ཅན་དུ་བསྒྱུར་བཅོས་བྱ་རྒྱུ་སྐུལ་སྤེལ་བཏང་ནས་གཞུང་དོན་གཱའི་བསྒྱུར་བཅོས་དང་ནོར་སྲིད་དཔྱ་ཁྲལ་རྒྱལ་མཛོད་དངུལ་ཁང་བཅས་འཕྲེད་ཕྱོགས་དྲ་སྦྲེལ་བྱེད་པའི་ལས་དོན་བདེ་བླག་ངང་སྤེལ་ཡོད། སྔོན་རྩིས་ལག་བསྟར་བྱས་ཚུལ་ལ་སྟབས་བསྟུན་ལྟ་སྡོམ་བྱ་རྒྱུའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། རང་སྐྱོང་ལྗོངས་རིམ་པའི་ནོར་སྲིད་ཀྱི་རྒྱལ་མཛོད་དངུལ་སྨར་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ནོར་སྲིད་ཀྱི་གཡར་དངུལ(སྔ་འདོན)དང་གཞི་རྩའི་འཛུགས་སྐྲུན་ཐད་ཀྱི་འཕྲོས་ལྷག་མ་དངུལ་སྒོར་དུང་ཕྱུར་52.1དང་། སྔོན་རྩིས་ཚན་པས་འཇལ་དགོས་ངེས་ཀྱི་ཡོང་འབབ་མི་འཇལ་བའི་ཆ་དང་ལོ་2བརྒལ་ཡང་རྣམ་གྲངས་མ་དངུལ་ལག་བསྟར་མི་བྱེད་པ། དེ་བཞིན་འཕྲོས་ལྷག་མ་དངུལ་སྒོར་དུང་ཕྱུར་6.12གཙང་རྩིས་བསྡུ་ལེན་བཅས་བྱས་ཡོད། ཁྲལ་འབབ་ཀྱི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་ཚད་ལྡན་བཟོས་ཏེ་ཁེ་ལས་འབབ་ཁྲལ་གྱི་གཟིགས་སྐྱོང་སྲིད་ཇུས་བཟོ་བཅོས་བརྒྱབ་པ་དང་། ནོར་སྲིད་པུའུ་དང་གཞོགས་འདེགས་བྱས་ཏེ་འབབ་ཁྲལ་ལ་ཆེད་དམིགས་ཞིབ་བཤེར་བྱས་ཡོད།  “ལས་ཁྲལ་ནས་འཕར་ཁྲལ་དུ་སྒྱུར་བའི”ཚོད་ལྟའི་ལས་དོན་བརྟན་པོའི་ངང་སྐུལ་སྤེལ་བཏང་ཡོད། མཚོ་བོད་བཟོ་ལས་གླིང་ཁུལ་གྱི་ནོར་སྲིད་དོ་དམ་སྒྲིག་སྲོལ་དང་ཡོང་སྒོ་མཉམ་སྤྱོད་བྱ་ཐབས་ཞིབ་འཇུག་གཏན་འཁེལ་བྱས་ཡོད། སྲིད་གཞུང་གི་བུ་ལོན་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲིད་གཞུང་གི་བུ་ལོན་གསོག་འབོར་ཞིབ་འབྱེད་བྱ་རྒྱུའི་ལས་དོན་ཡག་པོ་བསྒྲུབས་ནས་ནོར་སྲིད་ཀྱི་ཉེན་ཁ་འགོག་ཟོན་དང་སེལ་ཡོད།

    ནོར་དཔལ་གྱི་སྒྲིག་ཁྲིམས་བཅོས་སྒྲིག་ཤུགས་ཆེ་བྱས་ཏེ་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཚོད་འཛིན་ནན་པོ་བྱས་པ། སྲིད་འཛིན་ཁྲིམས་བཞིན་སྐྱོང་བ་དང་ནོར་དོན་ཁྲིམས་བཞིན་སྐྱོང་བའི་ཐོག་རང་རྟོགས་ངང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་སྤྱི་ཚོགས་ཕྱོགས་ཁག་གི་ལྟ་སྐུལ་དང་ལེན་བྱས་ཡོད། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་བློ་འདྲི་བྱས་པར་དུས་ཐོག་ཏུ་ལེན་འདེབས་བྱས་ཡོད། ནོར་སྐྱོང་བྱེད་ཐབས་ཚད་ལྡན་བཟོས་ཏེ་ཚད་ལྡན་གྱི་གོ་རིམ་དང་བླང་བྱ་ནན་པོ་གཞིར་བཟུང་སྔོན་རྩིས་དང་ངེས་རྩིས་བཟོ་འབུལ་བྱས་ཐོགགཏན་འབེབས་ཀྱི་སྤྱོད་སྒོ་གཞིར་བཟུང་ནོར་སྲིད་མ་དངུལ་གཏོང་སྤྲོད་དང་བེད་སྤྱོད་བྱས་ཏེ་ནོར་སྲིད་མ་དངུལ་ཆད་ལྷག་མེད་པར་འགན་ལེན་ནུས་ལྡན་ཡོང་བ་བྱས་ཡོད། ནོར་དཔལ་གྱི་སྒྲིག་ཁྲིམས་ནན་པོ་བསྲུངས་ཏེ་ནོར་སྲིད་ལྟ་སྡོམ་དང་ནང་ཁུལ་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རིག་དངོས་ཉམས་གསོ་དང་། ཆུ་བེད་འཛུགས་སྐྲུན། དངུལ་མཛོད་ཆུང་ངུ་ཆེད་དམིགས་བཅོས་སྒྲིག་སོགས་བྱེད་པའི་ལྟ་སྐུལ་ཞིབ་བཤེར་ལས་དོན་ཁག་33ལེགས་སྒྲུབ་བྱས་པར་སྒྲིག་འགལ་མ་དངུལ་སྒོར་དུང་ཕྱུར་4.36 རྩད་བཤེར་ཐུབ་ནས་མ་དངུལ་སྒོར་ཁྲི་6044བདའ་འདེད་ཐུབ་ཡོད། ཀྲུང་དབྱང་གི་ལྟ་སྐུལ་དོ་དམ་བྱེད་པའི་འགན་ནུས་ཚབ་སྒྲུབ་ནན་ཏན་བྱས་ཏེ་བོད་དུ་བཅའ་སྡོད་ཀྲུང་དབྱང་སྔོན་རྩིས་ཚན་པ་ཁག་18ཀྱི་རྩིས་ཐོ་ཁག་544ལ་ལོ་འཁོར་ཞིབ་བཤེར་བྱས་ཟིན་པ་དང་། བོད་ལྗོངས་གློག་འཕྲིན་དང་བོད་ལྗོངས་སྒུལ་འཁྱེར་སོགས་བོད་དུ་བཅའ་སྡོད་ཀྲུང་དབྱང་ཁེ་ལས་ལ་རྩིས་གཉེར་ལྟ་སྐུལ་ཞིབ་བཤེར་བྱས་ནས་རིགས་འདྲ་མིན་གྱི་སྒྲིག་འགལ་མ་དངུལ་སྒོར་དུང་ཕྱུར་6.31རྩད་བཤེར་ཐུབ་པ་དང་། ཁྲལ་དངུལ་དང་དངུལ་ཆད་སྒོར་ཁྲི་3,187གསབ་འཇལ་བྱེད་དུ་བཅུག་ཡོད། གྲོན་ཆུང་གིས་འཚོ་བ་སྐྱེལ་བའི་བསམ་བློ་བརྟན་པོ་བཙུགས་ཏེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་གཏན་འབེབས་ལག་བསྟར་ནན་པོ་བྱས་ནས་སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཉུང་དུ་ཤུགས་ཆེ་བཏང་ཞིང་། “གཞུང་གྲོན་གསུམ”གྱི་འགྲོ་གྲོན་དེ་ལོ་གོང་མ་ལས་19%ཉུང་དུ་བཏང་ཡོད། སྔོན་རྩིས་ཡོངས་བསྒྲགས་ལས་དོན་ལ་སྐུལ་སྤེལ་བཏང་ནས་སྡེ་ཚན་གྱི་ངེས་རྩིས་དང་“གཞུང་གྲོན་གསུམ”གྱི་འགྲོ་གྲོན་ཡོངས་བསྒྲགས་བྱེད་ཁོངས་དེ་རང་སྐྱོང་ལྗོངས་ཀྱི་སྡེ་ཚན་ཁག་40དང་ས་གནས(གྲོང་ཁྱེར)དེ་རང་གི་སྔོན་རྩིས་ཚན་པ་ཁག་10བར་མང་དུ་བཏང་ཡོད། སྔོན་རྩིས་ལས་རྗེས་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་རྣམ་གྲངས་ཀྱི་ལས་རྗེས་དཔྱད་གདེང་བྱ་རྒྱུའི་ཚོད་ལྟ་མུ་མཐུད་སྤེལ་ཐོགལས་རྗེས་དཔྱད་གདེང་བྱས་འབྲས་དེ་ལོ་འཁོར་གྱི་སྔོན་རྩིས་བཀོད་སྒྲིག་བྱེད་པའི་གལ་ཆེའི་གཞི་འཛིན་སར་བརྩིས་ཡོད།

    གྲུབ་འབྲས་ལ་ཁས་ལེན་བྱེད་པ་དང་ཆབས་ཅིག་ང་ཚོས་ཀྱང་རང་ལྗོངས་ཀྱི་ནོར་སྲིད་སྔོན་རྩིས་དོ་དམ་ཐད་སྔར་བཞིན་འགལ་ཟླ་དང་གནད་དོན་འགའ་ཤས་ཡོད་པ་རིག་པ་དྭངས་གསལ་གྱིས་ངོས་འཛིན་ཐུབ་པ་བྱ་རྒྱུ་ཡིན་ཞིང་། དེའང་ཕྱོགས་གཅིག་ནས་རྒྱལ་ནང་གི་དཔལ་འབྱོར་གོང་འཕེལ་ལ་དུས་མཚམས་རང་བཞིན་གྱི་ལེགས་སྒྲིག་བྱ་རྒྱུའི་སྐབས་སུ་སླེབས་ཡོད་པས་དཔལ་འབྱོར་འཁོར་སྐྱོད་ཉམས་ཆག་གི་ཁུར་པོ་ལྕི་རུ་སོང་བ་དང་སྲིད་ཇུས་རང་བཞིན་གྱི་ཡོང་སྒོ་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་མང་དུ་སོང་བ། མི་གཏོང་ཀ་མེད་ཀྱི་གཏོང་སྒོའི་གཞི་རྒྱ་ཟམ་མི་ཆད་པར་ཆེ་རུ་སོང་བ་བཅས་ཀྱི་གནས་ཚུལ་འོགརང་ལྗོངས་རིམ་ཁག་ནོར་སྲིད་ཀྱི་གཏོང་ཡོང་འགལ་ཟླ་སྔར་བཞིན་མངོན་གསལ་དོད་པོ་ཡོད། ཕྱོགས་གཞན་ཞིག་ནས་སྔོན་རྩིས་དོ་དམ་དང་ཚོད་འཛིན་བྱེད་སྟངས་ད་དུང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ལོ་དུས་བརྒལ་བའི་སྔོན་རྩིས་དོ་སྙོམས་ལམ་སྲོལ་ད་དུང་བཙུགས་མེད་པ། སྔོན་རྩིས་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། སྔོན་རྩིས་མ་དངུལ་བེད་སྤྱོད་བྱས་འབྲས་ཆེ་རུ་གཏོང་དགོས་པ། ནོར་དཔལ་སྒྲིག་ཁྲིམས་ལ་ད་དུང་ཤུགས་རྒྱག་དགོས་པ་བཅས་ཡིན། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་བྱ་ཐབས་སྤྱད་དེ་ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ལེགས་སུ་བཏང་ནས་སྔོན་རྩིས་དོ་དམ་ཐད་ལེགས་བཅོས་དང་ཤུགས་སྣོན་བརྒྱབ་ཐོག ནོར་དཔལ་སྒྲིག་ཁྲིམས་བཅོས་སྒྲིག་བྱས་ནས་ནོར་སྲིད་ཀྱི་མ་དངུལ་ཆད་ལུས་མེད་པར་འགན་ལེན་ཐུབ་པ་བྱེད་དགོས།

    གཉིས། 2015ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན།

    《སྔོན་རྩིས་བཅའ་ཁྲིམས》དང་《ཀྲུང་དབྱང་གི་སྔོན་རྩིས་དང་ས་གནས་ཀྱི་སྔོན་རྩིས་བཟོ་འགོད་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོའི》(རྒྱལ་སྤེལ[2014]ཡིག་ཨང་54པ)གཏན་འབེབས་དང་བླང་བྱ་གཞིར་བཟུང་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་2015ལོའི་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་སྔོན་རྩིས་འཆར་ཟིན་འདི་བཟོ་འགོད་བྱས་པ་ཡིན།

    (གཅིག)སྔོན་རྩིས་བཟོ་འགོད་བྱེད་པའི་མཛུབ་ཁྲིད་བསམ་བློ།

    ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཐོགཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིའི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན། ལྷག་དོན་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”གལ་ཆེའི་འཐབ་ཇུས་ཀྱི་དགོངས་པ་དང་“བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བར་འབད་བརྩོན་བྱེད་དགོས་པའི”གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“བོད་ལྗོངས་ཁྲིམས་བཞིན་སྐྱོང་དགོས་པ་དང་། བོད་ལྗོངས་ཡུན་རིང་འཛུགས་སྐྲུན་བྱེད་དགོས་པ། མི་སེམས་འགུག་ཐབས་བྱེད་དགོས་པ། རྨང་གཞི་བརྟན་དུ་གཏོང་དགོས་པ”བཅས་ཀྱི་གལ་ཆེའི་མཛུབ་ཁྲིད་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་ཀྱིས་བརྟན་ཐོག་ཡར་འཕེལ་ཡོང་བ་བྱེད་པའི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ་རང་འགུལ་ངང་དཔལ་འབྱོར་གོང་འཕེལ་ཁྲོད་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་དང་། བསྒྱུར་བཅོས་གསར་གཏོད་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ཐོག་དཔལ་འབྱོར་གོང་འཕེལ་གཏོང་སྟངས་འགྱུར་ལྡོག་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ། “འཁོར་སྐྱོད་འགན་སྲུང་དང་། དམངས་འཚོ་འགན་སྲུང་། འཕར་སྣོན་འགན་སྲུང་། བརྟན་ལྷིང་འགན་སྲུང་”བཅས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་“འཛིན་ཐབས་ཆ་དྲུག”མངོན་ཆེར་བཟུང་བ་དང་“བྱ་ཐབས་དྲུག”ཤུགས་ཆེར་གཏོང་བ“མཐའ་ཚད་གསུམ”བརྟན་སྲུང་བྱས་ནས་ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་བྱས་ཐོག “ཞིང་གསུམ”དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། སྨན་བཅོས་འཕྲོད་བསྟེན། རིག་གནས། ཚན་རྩལ། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ། སྤྱི་པའི་བདེ་འཇགས། རྨང་བརྟན་དམངས་ཕན། དགོན་སྡེའི་དོ་དམ་གསར་གཏོད་སོགས་ཀྱི་གཙོ་གནད་ལྷུ་ཚིགས་ལས་དོན་དང་། དེ་བཞིན་འགག་རྩའི་ཁྱབ་ཁོངས་ཐད་ཀྱི་གཏོང་ཆ་མང་དུ་གཏོང་རྒྱུ། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཚོད་འཛིན་ནན་པོ་བྱས་ནས་ནོར་དཔལ་གྱི་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུ། ནོར་ཁྲལ་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྲིད་གཞུང་གི་སྔོན་རྩིས་མ་ལག་ཚགས་ཚུད་དུ་གཏོང་བ་དང་། སྔོན་རྩིས་དོ་དམ་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་བ། སྔོན་རྩིས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེར་རུ་གཏོང་བ་བཅས་བྱས་ཏེ། སྔོན་རྩིས་ཡོངས་བསྒྲགས་དང་གསལ་ཆ་ཆེ་རུ་གཏོང་རྒྱུར་སྐུལ་སྤེལ་ཏན་ཏིག་གཏོང་རྒྱུ་བཅས་ཡིན།

    (གཉིས)སྔོན་རྩིས་བཟོ་འགོད་ཀྱི་གཞི་རྩའི་རྩ་དོན།

    1.སྔོན་རྩིས་བཀོད་སྒྲིག་བྱ་རྒྱུ་དེ་ཡོང་སྒོར་བསྟུན་ཏེ་འགྲོ་སོང་གཏོང་རྒྱུ་དང་གཏོང་ཡོང་དོ་སྙོམས་རྒྱུན་འཁྱོངས་བྱ་རྒྱུ། གཏོང་སྒོའི་སྔོན་རྩིས་བཀོད་སྒྲིག་བྱ་རྒྱུ་དེ་འབྱོར་སྟོབས་ཀྱི་དཔག་ཚོད་ལ་བསམ་གཞིགས་གང་ལེགས་བྱས་ནས། གལ་ཆེ་ཆུང་དང་དལ་བྲེལ་ཆེ་ཆུང་གི་གོ་རིམ་གཞིར་བཟུང་མི་གཏོང་ཀ་མེད་དང་གཙོ་གནད་གཏོང་སྒོའི་དགོས་མཁོར་སྔོན་ལ་བསམ་གཞིགས་བྱས་ཏེ་ལོ་འགོའི་སྔོན་རྩིས་བཟོ་འགོད་ཀྱི་གཏོང་ཡོང་དོ་སྙོམས་ཡོང་རྒྱུར་འགན་ལེན་བྱེད་པ་ལས་མཚལ་ཡིག་གི་སྔོན་རྩིས་བཟོ་འགོད་བྱ་རྒྱུ་མིན།

    2.ཡོང་སྒོའི་སྔོན་རྩིས་དེ་དངོས་ཐོག་བདེན་འཚོལ་དང་ཧུར་ཞིང་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ། ཡོང་སྒོའི་སྔོན་རྩིས་བཀོད་སྒྲིག་བྱ་རྒྱུ་དེ་དཔལ་འབྱོར་གོང་འཕེལ་ཁྲོད་ཀྱི་རྒྱུན་རྣམ་གསར་པ་དང་སྲིད་ཇུས་ལེགས་སྒྲིག་བྱེད་པའི་རྒྱུ་རྐྱེན་ལ་བསམ་གཞིགས་གང་ལེགས་བྱས་ཏེ་སྔོན་རྩིས་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་གྱིས་འབབ་འཕར་ངེས་ཅན་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ལ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་དོན་དངོས་དང་ཡང་འཚམ་ཐུབ་པ་བྱ་རྒྱུ་ཡིན། 3.གཏོང་སྒོའི་སྔོན་རྩིས་དེ་བརྩོན་བསྲིས་གྲོན་ཆུང་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་གང་ཐུབ་ཡོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ། གཏོང་སྒོའི་སྔོན་རྩིས་བཀོད་སྒྲིག་བྱ་རྒྱུ་དེ་འགན་སྲུང་ཡོད་ལ་ཚོད་འཛིན་ཡོད་པ་དང་གཙོ་གནད་མངོན་ཆེར་བཟུང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན། དེ་ཡང་ཕྱོགས་གཅིག་ནས་འཚོ་བ་སྐྱེལ་མཁས་པོའི་བསམ་བློ་བརྟན་པོ་བཙུགས་ཏེ་སྡེ་ཚན་ཁག་གི་ལས་ཁུངས་འཁོར་སྐྱོད་འགྲོ་གྲོན་དང་། གཞུང་ལས་ཐོག་ཁང་དང་ཚོགས་ཁང་སོགས་ཀྱི་གཏོང་སྒོ་ཚོད་འཛིན་ནན་པོ་བྱས་ཏེ“གཞུང་གྲོན་གསུམ”མུ་མཐུད་ཉུང་དུ་གཏོང་རྒྱུ། ཕྱོགས་གཞན་ཞིག་ནས་འབྱོར་སྟོབས་དེ་བས་མང་བ“ཞིང་གསུམ”དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། སྨན་བཅོས་འཕྲོད་བསྟེན། རིག་གནས། ཚན་རྩལ། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་འཕར་གཟིགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྨང་བརྟན་དམངས་ཕན་དང་། བརྟན་ལྷིང་སྲུང་སྐྱོང་། ལས་ཞུགས་ལ་སྐུལ་འདེད་སོགས་ཀྱི་གཙོ་གནད་ལས་དོན་ཡག་པོ་སྒྲུབ་རྒྱུར་མ་དངུལ་འགན་ལེན་བྱ་རྒྱུ་ཡིན།

    4.སྔོན་རྩིས་དོ་དམ་བྱ་རྒྱུ་དེ་ནོར་དོན་ཁྲིམས་བཞིན་སྐྱོང་རྒྱུ་དང་ལྟ་སྐུལ་ནུས་ལྡན་བྱ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ། སྡེ་ཚན་གྱི་སྔོན་རྩིས་དོན་འཁྱོལ་བྱེད་པའི་གཙོ་རྐང་གི་འགན་འཁྲི་ཤུགས་ཆེར་བཏང་ནས་སྔོན་རྩིས་ཀྱི་ལས་རྗེས་དོ་དམ་ལས་དོན་ལ་སྐུལ་སྤེལ་བཏང་ཐོག་ནོར་སྲིད་མ་དངུལ་སྤྱོད་ནུས་ཆེ་རུ་གཏོང་རྒྱུ། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་ཚད་ལྡན་བཟོས་ཏེ་ཚོང་དང་མ་རྩ་འདྲེན་འགུགས་ཀྱི་གཏན་འབེབས་དང་འགལ་ཏེ་དཔྱ་ཁྲལ་སྔོན་ལ་བསྡུས་རྗེས་ཕྱིར་སློག་བྱེད་པའི་སྲིད་ཇུས་རང་འཚམ་གྱིས་བཟོ་རིགས་ལ་སྔོན་རྩིས་ནས་གཏོང་སྒོ་བཀོད་སྒྲིག་བྱ་རྒྱུ་མིན། ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྲིད་གཞུང་གི་བུ་ལོན་ཉེན་ཁ་འགོག་ཟོན་ཏན་ཏིག་བྱ་རྒྱུ།

    5.སྔོན་རྩིས་བཟོ་འགོད་བྱ་རྒྱུ་དེ་ཕྱོགས་ཡོངས་དང་ཆ་ཚང་བ་བྱ་རྒྱུ་དང་ལས་རྗེས་ཐོན་པ་བྱ་རྒྱུ། སྲིད་གཞུང་གི་ཡོང་འབབ་དང་གཏོང་ཆ་ཚང་མ་སྔོན་རྩིས་དོ་དམ་བྱེད་ཁོངས་ནང་འཇུག་རྒྱུ། རང་སྐྱོང་ལྗོངས་ཀྱིས་གཤམ་འོག་ལ་མ་དངུལ་སྒྱུར་སྤྲོད་བྱས་པ་དེ་སྔ་སྣུར་དུ་བརྡ་ལན་གཏོང་རྒྱུའི་ཁྱབ་ཁོངས་དང་གཞི་རྒྱ་སྔར་བས་ཆེ་རུ་བཏང་སྟེ་མ་དངུལ་རྣམས་ཞིབ་ཕྲའི་རྣམ་གྲངས་དང་ཚན་པའི་ཐོག་འཁྱོལ་གང་ཐུབ་བྱ་རྒྱུ། སློབ་གསོ་དང་། ཚན་རྩལ། ཞིང་སྐྱོར་བཅས་ཐད་ཀྱི་གཏོང་ཆ་དང་དམིགས་ཚད་གཞན་དག་དང་འབྲེལ་མཐུད་བྱེད་ལམ་མེད་པ་བཟོས་ནས་དོན་དངོས་ལྟར་རྣམ་གྲངས་ཀྱི་གཏོང་སྒོའི་སྔོན་རྩིས་བཀོད་སྒྲིག་བྱ་རྒྱུ། འཕྲོས་ལྷག་འཕྲོས་སྒྱུར་མ་དངུལ་རྣམས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་གསོག་ཐེབས་མ་དངུལ་ཕན་སྒྱུར་གྱིས་མ་དངུལ་བསྙལ་རིགས་ཉུང་དུ་གཏོང་རྒྱུ་ཡིན།

    (གསུམ)2015ལོའི་སྔོན་རྩིས་བཀོད་སྒྲིག་བྱེད་ཕྱོགས་ཀྱི་སྤྱིའི་གནས་ཚུལ། 1.སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་བཀོད་སྒྲིག་བྱས་ཚུལ། 2015ལོའི་ལྗོངས་ཡོངས་ཀྱི་སྤྱིར་བཏང་རང་བཞིན་གྱི་སྤྱི་པའི་སྔོན་རྩིས་ཀྱི་སྤྱིའི་འབྱོར་སྟོབས་སྒོར་ཁྲི་10,531,661ཡིན་པ་དེ་བསྡུར་གཞི་གཅིག་མཚུངས་བཞིན་བརྩིས་ན་ལོ་གོང་མ་ལས་སྒོར་ཁྲི་1,603,510མང་དུ་སོང་ཡོད་པས་21.2%འཕར་ཡོད་ཅིང་། དེའི་ནང་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་ནས་2014ལོའི་ཐེངས་གཅིག་རང་གི་ཡོང་འབབ་འཐེན་པའི་ཐོག་ཁེ་ལས་ཀྱི་འབབ་ཁྲལ་ས་གནས་ནས་བསྡུ་བའི་ཆ་ཤས་རྩ་ཆག་གཏོང་རྒྱུ་བསམ་གཞིགས་བྱས་རྗེས་སྒོར་ཁྲི་963,099བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་བསྡུར་གཞི་གཅིག་མཚུངས་བཞིན་བརྩིས་ན་ལོ་གོང་མ་ལས་15%འཕར་ཡོད། ཀྲུང་དབྱང་གིས་གནང་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི་8,189,684ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་1,377,279མང་དུ་སོང་ཡོད་པས་20.2%འཕར་ཡོད། ལོ་གོང་མའི་འཕྲོས་སྒྱུར་མ་དངུལ་སྒོར་ཁྲི་1,378,878(སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྤྱིར་བཏང་གི་སྔོན་རྩིས་མ་དངུལ་ནང་སྒོར་ཁྲི་5,395སྒྱུར་བ་ཚུད)ཡིན། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་ཁྲི་10,531,661བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་བསྡུར་གཞི་གཅིག་མཚུངས་བཞིན་བརྩིས་ན་ལོ་གོང་མ་ལས་སྒོར་ཁྲི་1,603,510མང་དུ་སོང་ཡོད་པས་21.2%འཕར་ཡོད་ཅིང་། དེའི་ནང་རང་སྐྱོང་ལྗོངས་རིམ་པ་འདི་གའི་གཏོང་སྒོ་སྒོར་ཁྲི་4,813,576བཀོད་སྒྲིག་བྱ་རྒྱུ་ཡིན་པས་ལོ་གོང་མའི་འཕྲོས་སྒྱུར་འབྱོར་སྟོབས་འཐེན་རྗེས་ལོ་གོང་མ་ལས་སྒོར་ཁྲི་165,180མང་དུ་སོང་ཡོད་པས་5.1%འཕར་ཡོད་ཅིང། ལོ་དེ་གའི་སྔོན་རྩིས་འབྱོར་སྟོབས་བསྡུར་གྲངས་ཀྱི་37.5%ཟིན་པ་དང་། ལོ་གོང་མ་ལས་བརྒྱ་ཆའི་གྲངས་5.8ཆག་ཡོད། ས་གནས(གྲོང་ཁྱེར)རིམ་པའི་གཏོང་སྒོ་སྒོར་ཁྲི་5,718,085བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་1,438,330མང་དུ་སོང་ཡོད་པས་62.5%འཕར་ཡོད་ཅིང་། ལོ་དེ་གའི་སྔོན་རྩིས་འབྱོར་སྟོབས་བསྡུར་གྲངས་ཀྱི་62.5%ཟིན་པ་དང་། ལོ་གོང་མ་ལས་བརྒྱ་ཆའི་གྲངས་5.8མཐོ་རུ་སོང་ཡོད།

    2.སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་བཀོད་སྒྲིག་བྱས་ཚུལ། 2015ལོར་ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་འབྱོར་སྟོབས་སྒོར་ཁྲི་432,889ཡིན་ཞིང་། དེའི་ནང་ས་གནས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི་285,594ཡིན། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་ཁྲི་432,889ཡིན།

    3.སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་བཀོད་སྒྲིག་བྱས་ཚུལ། 2015ལོར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི་734,286ཡིན་པ་དང་། གཏོང་སྒོ་སྒོར་ཁྲི་581,909བཀོད་སྒྲིག་བྱ་རྒྱུ་ཡིན་པས་སྤྱི་ཚོགས་འགན་བཅོལ་གྱི་སྲིད་ཇུས་ཁག་བརྟན་པོའི་ངང་འཁོར་རྒྱུག་ཐུབ་རྒྱུ་རེད། (བཞི)2015ལོའི་སྔོན་རྩིས་བཀོད་སྒྲིག་བྱ་རྒྱུའི་གཙོ་གནད།

    1.ཞིང་འབྲོག་ལས་གོང་འཕེལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུའི་རྨང་གཞི་གཉིས་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱ་རྒྱུ། ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་ཕན་སྦྱར་ཐོབ་པ་བྱ་རྒྱུའི་ཐད་གཏོང་ཆ་མང་དུ་བཏང་སྟེ་གྲོང་ཁྱེར་གྲོང་གསེབ་གཅིག་གྱུར་འཆར་འགོད་དང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཞིང་སྐྱོར་ཐད་གཏོང་ཆ་སྒོར་ཁྲི་1,191,361བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་བསྡུར་གཞི་གཅིག་མཚུངས་བཞིན་བརྩིས་ན་ལོ་གོང་མ་ལས་སྒོར་ཁྲི་127,325མང་དུ་སོང་ཡོད་པས་12%འཕར་ཡོད། དེ་ཡང་གཅིག་ནི་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཐད་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་79,601སྒྲིལ་སྤྱོད་བྱ་རྒྱུ་ཡིན་ཞིང་། དེའི་ནང་ས་གནས་སྔོན་རྩིས་ཀྱི་འབྱོར་སྟོབས་མ་དངུལ་སྒོར་ཁྲི་10,450བཀོད་སྒྲིག་བྱས་ཏེ་སྲིད་འཛིན་གྲོང་ཚོ་898ཡི་མིའི་འཚོ་སྡོད་བྱེད་སའི་ཁོར་ཡུག་ལེགས་སྐྱོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གཞི་མུ་མཐུད་ལག་བསྟར་བྱ་རྒྱུ། གྲོང་གསེབ་ཀྱི་ཉེན་ཆེའི་ཁང་པ་བཟོ་བཅོས་བྱ་རྒྱུ་དང་ཞིང་པའི་སྡོད་ཁང་བཟོ་སྐྲུན་གྱི་ནུས་རྒྱུ་གྲོན་ཆུང་གི་དཔེ་སྟོན་ལས་དོན་ལ་སྐུལ་སྤེལ་གང་མགྱོ གས་གཏོང་རྒྱུ། གྲོང་གསེབ་ཀྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོབ་དང་ཞིང་འབྲོག་ཁུལ་གྱི་ཉི་ནུས་ཀྱི་གཟུགས་འཁྲུ་ཁང་སྐྲུན་རྒྱུའི་ཚོད་ལྟའི་ལས་དོན་ལ་སྔར་བས་སྐུལ་སྤེལ་གཏོང་རྒྱུ། གཉིས་ནི་ཞིང་འབྲོག་ལས་ཀྱི་སྲིད་ཇུས་རང་བཞིན་གྱི་ཁ་གསབ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ཡིན། ཞིང་འཕྲུལ་ཡོ་བྱད་ཉོ་སྒྲུབ་དང་། རྫས་ལུད། ཕྱུགས་རིགས་རྒྱུད་བཟང་། འབྲུ་རིགས་ཀྱི་ཐད་གསབ། ཞིང་ལས་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་སོགས་ཞིང་འབྲོག་ལས་ཐད་ཁ་གསབ་མ་དངུལ་སྒོར་ཁྲི་65,078བཀོད་སྒྲིག་བྱ་རྒྱུ་ཡིན། གསུམ་ནི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་ཆུ་ཚད་གོང་མཐོར་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་145,576བཀོད་སྒྲིག་བྱས་ནས་ཞིང་ལས་ཕྱོགས་བསྡུས་གསར་སྤེལ་དང་ས་རྒྱུ་བཅོས་སྐྱོང་དང་ཐོན་ལས་ཅན་གྱི་གཉེར་སྐྱོང་ལ་རྒྱབ་སྐྱོར་བྱས་ཏེ་དེང་རབས་ཞིང་ལས་དང་། ཁྱད་ལྡན་ཐོན་ལས། ཞིང་པའི་མཉམ་ལས་དཔལ་འབྱོར་རྩ་འཛུགས་བཅས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་བྱ་རྒྱུ་ཡིན། བཞི་ནི་གྲོང་གསེབ་ཀྱི་ཕྱོགས་བསྡུས་ཞབས་ཞུའི་འགྲོ་གྲོན་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ཡིན། གྲོང་གསེབ་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་ཐད་ཁ་གསབ་རོགས་དངུལ་སྒོར་ཁྲི་55,207བཀོད་སྒྲིག་བྱས་ཏེ“མཛེས་སྡུག་ལྡན་པའི་གྲོང་གསེབ”འཛུགས་སྐྲུན་བྱ་རྒྱུའི་འཕེལ་རིམ་ཇེ་མགྱོ གས་སུ་གཏོང་རྒྱུ་ཡིན། མ་དངུལ་སྒོར་ཁྲི་43,221བཀོད་སྒྲིག་བྱས་ནས་ཤ་མར་ཚལ་གསུམ་གྱི་ལས་གཞི་དང་། ཞིང་འབྲོག་པའི་རྩལ་ནུས་སྦྱོང་བརྡར། ཞིང་འབྲོག་ལས་ཀྱི་ལག་རྩལ་ཁྱབ་གདལ། དེ་བཞིན་ཞིང་ལས་ཐོན་ཁུངས་སྲུང་སྐྱོབ་བཅས་བྱ་རྒྱུར་རོགས་སྐྱོར་ཤུགས་ཆེ་བྱས་ཏེ་གྲོང་གསེབ་ཀྱི་ཆ་འཕྲིན་དང་། འགྲིམ་འགྲུལ། གསོག་དངུལ་སོགས་ཕྱོགས་བསྡུས་ཞབས་ཞུ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་ས་ཆའི་བདག་དབང་གི་གཏན་འཁེལ་དབང་ཆ་ཐོ་འགོད་བྱེད་པའི་ལས་དོན་སྐུལ་སྤེལ་གཏོང་རྒྱུ་ཡིན། མ་དངུལ་སྒོར་ཁྲི་10,000བཀོད་སྒྲིག་བྱས་ཏེ་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་གཤམ་སྐྱེལ་གྱི་ཁ་གསབ་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན། ལྔ་ནི་ཞིང་འབྲོག་ལས་ཀྱི་གེགས་འགོག་གེགས་སེལ་ཐད་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་39,011བཀོད་སྒྲིག་བྱས་ནས་སྲིད་ཇུས་རང་བཞིན་གྱི་ཞིང་འབྲེལ་འགན་བཅོལ་ཁ་གསབ་སྲིད་ཇུས་དོན་འཁྱོལ་ནན་པོ་བྱས་ཏེ་ཞིང་ལས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་དང་ཐོན་སྐྱེད་ཀྱི་གེགས་སེལ་ནུས་པ་ཆེ་རུ་གཏོང་རྒྱུ་དང་། གྲོང་ཚོ་རིམ་པའི་སྲོག་ཆགས་ཀྱི་རིམས་འགོག་སྨན་པའི་ཁ་གསབ་རོགས་དངུལ་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་600ཡིན་པ་ནས་སྒོར་900ལ་སྤོར་རྒྱུ་ཡིན། དྲུག་ནི་ཆུ་བེད་བསྒྱུར་བཅོས་བྱས་ཏེ་མགྱོ གས་མྱུར་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་99,310བཀོད་སྒྲིག་བྱས་ནས་ཞིང་ནང་ཆུ་བེད་ལས་གྲྭ་ཆུང་གྲས་འཛུགས་སྐྲུན་དང་། ཞོད་ཐན་སྔོན་འགོགས་ཆུ་སྲུང་འཛིན། རྩྭ་ཐང་ལ་ཆུ་འདྲེན་རྒྱུ། ཆུའི་འབྱུང་ཁམས་སྲུང་སྐྱོབ་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱ་རྒྱུ། ཆུ་འདྲེན་ཁུལ་འབྲིང་གྲས་དང་ཆུ་གྲོན་ཆུང་ལེགས་བཅོས་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། བདུན་ནི་ནོར་སྲིད་ནས་ཕྱོགས་བསྡུས་དབུལ་སྐྱོར་བྱ་རྒྱུའི་ཐད་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་སྒོར་ཁྲི་188,927བཀོད་སྒྲིག་བྱ་རྒྱུ་ཡིན་པས་སྒོར་ཁྲི་34,107མང་དུ་སོང་ཡོད་པས་22%འཕར་ཡོད།

    རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུའི་ཐད་གཏོང་ཆ་མང་དུ་བཏང་ནས་དཔལ་འབྱོར་གོང་འཕེལ་གཏོང་བའི་རྨང་གཞི་བརྟན་དུ་གཏོང་རྒྱུ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུའི་ཐད་གཏོང་ཆ་སྒོར་ཁྲི་1,528,126བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་སྒོར་ཁྲི་593,903མང་དུ་སོང་ཡོད་པས་64.9%འཕར་ཡོད། དེའང་གཅིག་ནི་ས་གནས་ཀྱི་གཞི་རྩའི་འཛུགས་སྐྲུན་ཐད་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། ས་གནས་སྔོན་རྩིས་ནང་གཞི་རྩའི་འཛུགས་སྐྲུན་ཐད་གཏོང་ཆ་སྒོར་ཁྲི་100,000བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་སྒོར་ཁྲི་10,000འཕར་ཡོད། གཉིས་ནི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏོང་རྒྱུ་དེ་ཡིན། འཁོར་རིགས་ཉོ་སྒྲུབ་ཀྱི་དཔྱ་ཁྲལ་ནང་ནས་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ཐད་མ་དངུལ་སྒོར་ཁྲི་1,000,000དང་། གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་ཐད་མ་དངུལ་སྒོར་ཁྲི་20,000གཞུང་ལམ་བཟོ་བཅོས་ཆེ་འབྲིང་ཐད་ཆེད་སྤྱོད་མ་དངུལ་སྒོར་ཁྲི་45,000རྒྱལ་ལམ་དང་ཞིང་ལམ་བདག་སྐྱོང་བྱ་རྒྱུའི་ཐད་མ་དངུལ་སྒོར་ཁྲི་196,164བཅས་བཀོད་སྒྲིག་བྱ་རྒྱུ་ཡིན། གསུམ་ནི་གཙོ་གནད་གྲོང་ཁྱེར་གྲོང་རྡལ་གྱི་བྱེད་ནུས་ཚང་སྒྲིག་བཟོ་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་50,000བཀོད་སྒྲིག་བྱས་ནས་གཙོ་གནད་གྲོང་ཁྱེར་གྲོང་རྡལ་གྱི་སྤྱི་པའི་ཞབས་ཞུ་དང་ལས་ཞུགས་པ་བསྡུ་ལེན་བྱེད་ནུས་ཆེ་རུ་གཏོང་རྒྱུའི་ཐད་སྤྱོད་རྒྱུ་ཡིན། བཞི་ནི་འགན་སྲུང་རང་བཞིན་གྱི་སྡོད་ཁང་ཐད་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་90,532བཀོད་སྒྲིག་བྱས་ནས་ལྗོངས་ཡོངས་ཀྱི་ལས་ཤག་དང་། སྤྱི་པའི་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་བྱ་རྒྱུ་དང་སྡོད་ཁང་སྐྱོ་ཁུལ་བསྒྱུར་བཀོད་བྱ་རྒྱུའི་ཐད་རྒྱབ་སྐྱོར་བྱ་རྒྱུ་ཡིན། ལྔ་ནི་དེ་མིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུའི་ཐད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། འགག་སྒོ་འཛུགས་སྐྲུན་བྱ་རྒྱུའི་ཐད་མ་དངུལ་སྒོར་ཁྲི5,000དང་། ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་བྱ་རྒྱུའི་ཐད་མ་དངུལ་སྒོར་ཁྲི་5,000 གསེར་ཉིའི་དཔེ་སྟོན་ལས་གཞིར་ས་གནས་ཀྱི་ཚང་སྒྲིག་མ་དངུལ་སྒོར་ཁྲི་10,000བཅས་བཀོད་སྒྲིག་བྱ་རྒྱུ་ཡིན།

    2.ཁྱད་ལྡན་ཐོན་ལས་གོང་འཕེལ་དང་འབྱུང་ཁམས་དཔལ་ཡོན་དར་སྤེལ་གཏོང་རྒྱུའི་གཙོ་གནད་གཉིས་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱ་རྒྱུ། ཐོན་ལས་ལ་རོགས་སྐྱོར་བྱ་རྒྱུའི་མ་དངུལ་སྒྲིལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ་དཔལ་འབྱོར་རྒྱུན་མཐུད་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་རྒྱུ། རིགས་འདྲ་མིན་གྱི་ཁེ་ལས་ལ་རོགས་སྐྱོར་བྱ་རྒྱུའི་མ་དངུལ་སྒྲིལ་སྤྱོད་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་གཏོང་ཆ་སྒོར་ཁྲི་30,000བཀོད་སྒྲིག་བྱ་རྒྱུ་མ་ཟད། མ་དངུལ་སྒྲིལ་སྤྱོད་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་དམངས་ཕྱུག་ཁུལ་དར་གྱི་མ་འཇོག་ཁྲིད་སྟོན་ཐེབས་རྩ་སྒོར་དུང་ཕྱུར་30འཛུགས་རྒྱུ་དང་། རོགས་སྐྱོར་བྱེད་ཐབས་སྔར་བས་གསར་གཏོད་ཀྱིས་ཁྲོམ་རར་མ་རྩ་གཏོང་རྒྱུ་ཁྲིད་སྟོན་བྱས་ནས་ཐེབས་རྩར་བརྟེན་ནས་ཀུང་སིར་དོ་དམ་བྱ་རྒྱུ་དང་། རང་ལྗོངས་ཀྱི་ཁྱད་ལྡན་དགེ་སྟོབས་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུར་རོགས་སྐྱོར་དང་སྐུལ་འདེད་བཏང་ནས་རང་ལྗོངས་ཀྱི་བཟོ་ལས་ཅན་གསར་པའི་འཕེལ་རིམ་ལ་སྐུལ་སྤེལ་གཏོང་རྒྱུ། དམངས་སྤྱོད་མཁའ་འགྲུལ་གོང་འཕེལ་གཏོང་རྒྱུའི་ཐད་ཆེད་སྤྱོད་མ་དངུལ་སྒོར་ཁྲི་15,000དང་། ཆ་འཕྲིན་ཅན་དུ་འཛུགས་སྐྱོང་བྱ་རྒྱུའི་ཐད་མ་དངུལ་སྒོར་ཁྲི་6,000བཀོད་སྒྲིག་བྱ་རྒྱུ་ཡིན།  དངུལ་རྩའི་འདེགས་སྐུལ་བྱ་ཐབས་ལག་བསྟར་བྱས་ཏེ་ཁེ་ལས་ཆུང་འབྲིང་ཕྲན་ཚེགས་རིགས་ཀྱི་ཡིད་རྟོན་ཁག་ཐེག་དང་། དངུལ་བུན་གྱི་ཉེན་སེལ་སྐྱོང་གསབ། འགན་བཅོལ་འགན་ལེན་བཅས་བྱ་རྒྱུའི་ཐད་མ་དངུལ་སྒོར་ཁྲི་6,000བཀོད་སྒྲིག་བྱས་ཏེ་བོད་དུ་ཡོད་པའི་དངུལ་རྩའི་ཚན་པས་ཁེ་ལས་འབྲིང་ཆུང་ཕྲན་ཚེགས་རིགས་ལ་ཡིད་རྟོན་དངུལ་བུན་ཐད་ནས་རྒྱབ་སྐྱོར་བྱ་རྒྱུའི་ཁྲིད་སྟོན་བྱ་རྒྱུ། གྲངས་ཉུང་དངུལ་བུན་ཁག་ཐེག་བྱ་རྒྱུའི་ཐད་མ་དངུལ་སྒོར་ཁྲི་6,000བཀོད་སྒྲིག་བྱས་ཏེ་ལས་ཞུགས་དཀའ་ངལ་ཡོད་པའི་མི་ཚོགས་དང་མཐོ་རིམ་སློབ་ཐོན་སློབ་མ་སོགས་ཀྱི་བྱ་གཞག་གསར་གཏོད་དང་ལས་ཞུགས་ལ་རྒྱབ་སྐྱོར་བྱ་རྒྱུ། རྫོང་ཁོངས་ཀྱི་དངུལ་རྩའི་ཚན་པས་ཞིང་འབྲེལ་དངུལ་བུན་གཏོང་གྲངས་སྤར་བར་བྱ་དགའ་སྤྲོད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་

    1,509བཀོད་སྒྲིག་བྱས་ཏེ་རྫོང་རིམ་པའི་དངུལ་རྩའི་ཚན་པས་ཞིང་འབྲེལ་དངུལ་བུན་གཏོང་བར་སྐུལ་མ་གཏོང་རྒྱུ། བོད་ཀྱི་ཁྱད་ལྡན་དགེ་སྟོབས་ཆེ་བའི་ཐོན་ལས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་མ་དངུལ་སྒོར་ཁྲི་12,000དང་གཏེར་རྫས་ཐོན་ཁུངས་རྩད་ཞིབ་བྱ་རྒྱུའི་ཐད་ཆེད་སྤྱོད་མ་དངུལ་སྒོར་ཁྲི་5,000བཀོད་སྒྲིག་བྱ་རྒྱུ་ཡིན།

    ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་ཐད་གཏོང་ཆ་མང་དུ་བཏང་ནས་ས་མཐོའི་འབྱུང་ཁམས་སྲུང་བཅད་སྐྲུན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུའི་ཐད་གཏོང་ཆ་སྒོར་ཁྲི་434,551བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་སྒོར་ཁྲི་43,228མང་དུ་སོང་ཡོད་པས་11%འཕར་ཡོད། དེའི་ནང་གཙོ་གནད་འབྱུང་ཁམས་སྙོམས་ཁུལ་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལས་ཀར་བྱ་དགའ་སྤྲོད་རྒྱུའི་ཐད་མ་དངུལ་སྒོར་ཁྲི་52,450དང་། རྩྭ་ཐང་གི་འབྱུང་ཁམས་ཐད་བྱ་དགའ་དང་ཁ་གསབ་མ་དངུལ་སྒོར་ཁྲི་210,981ནགས་ཚལ་གྱི་འབྱུང་ཁམས་ཕན་འབྲས་སྐྱོང་གསབ་ཐད་མ་དངུལ་སྒོར་ཁྲི་77,223གཙོ་གནད་ཁུལ་ཁོངས་ཀྱི་ནགས་བཟོའི་ཐད་མ་དངུལ་སྒོར་ཁྲི་20,000རང་བྱུང་ནགས་ཚལ་སྲུང་སྐྱོབ་ལས་གཞིའི་ཁ་གསབ་རོགས་དངུལ་སྒོར་ཁྲི་9,611ནགས་སྦོལ་ཞིང་ཁ་ནགས་སུ་སྒྱུར་རྒྱུའི་ཐད་མ་དངུལ་སྒོར་ཁྲི་5,658གཤེར་ས་དང་ཆུའི་འབྱུང་ཁམས་སྲུང་སྐྱོབ་ཀྱི་སྐྱོང་གསབ་ཚོད་ལྟའི་མ་དངུལ་སྒོར་ཁྲི་6,000བཅས་བཀོད་སྒྲིག་བྱ་རྒྱུ་ཡིན་པ་དང་། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི་ 8,000བཀོད་སྒྲིག་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་རྣམ་གྲངས་ཆེ་རིགས་ལག་བསྟར་བྱ་རྒྱུ་ཡིན།

    3.དམངས་འཚོ་ལེགས་བཅོས་དང་གཞི་རྩའི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུའི་གཙོ་གནད་གཉིས་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱ་རྒྱུ། འཆར་གཞིར་གཏོང་ཆ་སྒོར་ཁྲི་860,020བཏང་ནས་སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་ཕྱོགས་བཅུའི་ཐད་ཀྱི་དམངས་འཚོའི་སྲིད་ཇུས་ཁག་ཉེར་དྲུག་གཙོ་གནད་དུ་ལག་བསྟར་བྱས་ཏེ་དམངས་ལ་བདེ་སྐྱིད་སྐྲུན་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་རྒྱུ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་མཚུངས་ཅན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན།

    སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་ནས་དམངས་འཚོ་འགན་སྲུང་བྱ་རྒྱུར་རྒྱུན་མཐུད་ནས་ཤུགས་སྣོན་རྒྱག་རྒྱུ། དམངས་འཚོའི་ཐད་གཏོང་ཆ་སྒོར་ཁྲི་704,769བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་95,307མང་དུ་སོང་ཡོད་པས་15.6%འཕར་ཡོད། དེ་ཡང་གཅིག་ནི་སྤྱི་ཚོགས་འགན་བཅོལ་གྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་བཅོལ་ལམ་ལུགས་ཁག་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན། སྤྱི་ཚོགས་འགན་བཅོལ་ཁག་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི་148,145བཀོད་སྒྲིག་བྱ་རྒྱུ། འགན་སྲུང་གི་ཚད་གཞི་མཐོ་རུ་བཏང་ནས་བསྡུར་ཚད་10%ལྟར་ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་ལས་བཟོའི་གཞི་རྩའི་རྒན་གསོའི་འཚོ་དངུལ་གྱི་ཐོབ་ཐང་མུ་མཐུད་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་འཚོ་དངུལ་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་120ཡིན་པ་ནས་སྒོར་140ལ་སྤོར་རྒྱུ་དང་། དམངས་ཡོངས་ཀྱི་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་དང་དམངས་ཡོངས་ཀྱི་སྨན་གྲོན་ཆེ་རིགས་ལ་ཚོང་ལས་འགན་བཅོལ་ཐོག་ནས་རོགས་གསབ་བྱེད་པའི་སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱ་རྒྱུ་ཡིན། གཉིས་ནི་སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་སྤྱི་ཚོགས་ཀྱི་ཕན་བདེའི་ལམ་ལུགས་ཚགས་ཚུད་དུ་བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་རིགས་གྲས་དེ་བས་མང་བར་བསྒྱུར་བཅོས་ཀྱི་གྲུབ་འབྲས་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་དེ་ཡིན། སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་སྤྱི་ཚོགས་ཀྱི་ཕན་བདེའི་ཐད་གཏོང་ཆ་སྒོར་ཁྲི་136,921བཀོད་སྒྲིག་བྱ་རྒྱུ། ཚད་གཞི་མཐོ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་དེ་ཟླ་རེར་སྒོར་540ཡིན་པ་ནས་སྒོར་590ལ་སྤོར་རྒྱུ་དང་། གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་དེ་ལོ་རེར་སྒོར་2150ཡིན་པ་ནས་སྒོར་2350ལ་སྤོར་རྒྱུ། “རྒན་གྲས་གསུམ”གྱི་མི་སྣའི་འཚོ་བའི་ཁ་གསབ་རོགས་དངུལ་ཚད་གཞི་དེ་དེ་སྔའི་རྨང་གཞིའི་ཐོག་ཟླ་རེར་མི་རེར་ཆ་སྙོམས་སྒོར་50སྤོར་རྒྱུ་ཡིན། ཡོང་འབབ་དམའ་བའི་རིགས་གྲས་ལ“དུས་ཆེན་གསུམ”རིང་མུ་མཐུད་སྤྲོད་གཅིག་མའི་འཚོ་བའི་ཁ་གསབ་སྤྲོད་རྒྱུ། སྤྱི་ཚོགས་རོགས་སྐྱོབ་དང་འགན་སྲུང་ཚད་གཞི་དེ་ཟོག་གོང་འཕར་འགྲོ་བ་དང་སྦྲེལ་མཐུད་བྱེད་པའི་མཉམ་སྒུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ལོ་ན་མཐོ་ཞིང་རང་སྐྱ་འཕེར་མི་ཐུབ་པ་སོགས་ཀྱི་རྒན་རྒོན་ལ་ཁ་གསབ་སྤྲོད་པའི་ལམ་ལུགས་དང་དབུལ་པོའི་དབང་པོ་སྐྱོན་ཅན་གྱི་འཚོ་བ་དང་ནད་གཞི་ལྕི་བའི་ནད་སྐྱོང་གི་ཁ་གསབ་ལམ་ལུགས་བཟོས་ནས་གཞི་རྩའི་རྒན་གསོའི་ཞབས་ཞུ་ཆ་མཚུངས་ཅན་དུ་སྐུལ་སྤེལ་གཏོང་རྒྱུ་དང་དབང་པོ་སྐྱོན་ཅན་གྱི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ།གསུམ་ནི་ལས་ཞུགས་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་རྒྱུ་དེ་ཡིན། ལས་ཞུགས་ཐད་གཏོང་ཆ་སྒོར་ཁྲི་132,800བཀོད་སྒྲིག་བྱས་ཏེ་སྲིད་གཞུང་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཁག་30000ཉོ་སྒྲུབ་བྱ་རྒྱུའི་གླ་ཕོགས་དང་སྤྱི་ཚོགས་འགན་བཅོལ་གྱི་འཇལ་གྲོན་ཁ་གསབ་རོགས་དངུལ་གྱི་དགོས་མཁོ་འགན་ལེན་བྱ་རྒྱུ་དང་། མཐོ་རིམ་སློབ་ཆེན་གྱི་སློབ་མ་ལས་ཀར་བསྡུ་འགུགས་བྱེད་མཁན་ཁེ་ལས་ལ་མུ་མཐུད་ཁ་གསབ་དང་བྱ་དགའ་སྤྲད་དེ་ཐེམ་ཁོངས་བོད་ནས་ཡིན་པའི་སློབ་ཆེན་ཐོན་པའི་སློབ་མ་ཚང་མ་ལས་ཞུགས་ཐུབ་པའི་འགན་ལེན་བྱ་རྒྱུ། ལས་ཞུགས་པ་མེད་པའི་ཁྱིམ་ཚང་ལ་སྐབས་བསྟུན་ལས་ཞུགས་ཡོད་པ་བྱ་རྒྱུ་ཡིན། བཞི་ནི་མ་དངུལ་སྒོར་ཁྲི་152,412བཀོད་སྒྲིག་བྱས་ནས་ཡོང་འབབ་བགོ་འགྲེམས་ལམ་ལུགས་བསྒྱུར་བཅོས་མུ་མཐུད་གཏིང་ཟབ་བྱ་རྒྱུ་དེ་ཡིན། སྡོད་ཁང་གི་ཟླ་རེའི་ཁ་གསབ་དང་སྡོད་ཁང་གི་སྤྱི་གསོག་མ་དངུལ་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱ་རྒྱུ་ཡིན། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་གྲོང་རྡལ་གྱི་ཡུལ་མིར་དྲོད་གཏོང་གི་ཁ་གསབ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། དེའང་ལས་བྱེད་ལས་བཟོའི་དྲོད་དོད་ཁ་གསབ་ཚད་གཞི་དེ་དྲོད་གཏོང་བའི་དུས་ཚོད་ནང་ཟླ་རེར་སྒོར་250ཡིན་པ་ནས་སྒོར་260ལ་སྤོར་རྒྱུ་དང་། འགན་ལེན་ལྔའི་འཚོ་སྐྱོང་གི་ཚད་གཞི་དེ་ལོ་རེར་སྒོར་3650ཡིན་པ་ནས་སྒོར་4400ལ་སྤོར་རྒྱུ། ལྟེ་བའི་ས་ཁུལ་གྱི་གྲོང་ཚོའི་ཧྲུའུ་ཅི་ཀྲུའུ་རེན་དང་གྲོང་ཚོའི་ལས་བྱེད་པ་གཞན་དག་གི་གཞི་རྩའི་གླ་ཆ་དང་ལས་རྗེས་ཞིབ་དཔྱད་བྱ་དགའི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་10404དང་སྒོར་5208ཡིན་པ་ནས་ཁག་སོ་སོར་སྒོར་15606དང་སྒོར་7812ལ་སྤོར་རྒྱུ་དང་། མཐའ་མཚམས་གྲོང་ཚོའི་ཧྲུའུ་ཅི་ཀྲུའུ་རེན་དང་། གྲོང་ཚོའི་ལས་བྱེད་པ་གཞན་དག་གི་གཞི་རྩའི་གླ་ཆ་དང་ལས་རྗེས་ཞིབ་དཔྱད་བྱ་དགའི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་10766དང་སྒོར་5506ཡིན་པ་ནས་ཁག་སོ་སོར་སྒོར་16687དང་སྒོར་8535ལ་སྤོར་རྒྱུ་ཡིན། ལྔ་ནི་མ་དངུལ་སྒོར་ཁྲི་112,910བཀོད་སྒྲིག་བྱས་ནས་སྤྱི་ཚོགས་ཀྱི་གཟིགས་སྐྱོང་བཀོད་སྒྲིག་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ཡིན། རང་བརྟེན་ལས་འཚོལ་བྱེད་མཁན་དམག་དཔུང་གི་ལས་སྒྱུར་ལས་བྱེད་པ་དང་། དམག་དཔུང་ནས་ས་གནས་ལ་བཀོད་སྒྲིག་རྩིས་སྤྲོད་བྱས་པའི་ལས་བྲལ་རྒན་ཡོལ་ཞུས་པའི་མི་སྣ། དེ་བཞིན་དམག་ཞབས་ཐིམས་པའི་དམག་མི་བཅས་ཀྱི་བཀོད་སྒྲིག་ལས་དོན་ཡག་པོ་བསྒྲུབ་རྒྱུ།དམིགས་བསལ་དཀའ་ངལ་ཡོད་པའི་ལས་བྲལ་རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ལ་རོགས་སྐྱོར་བྱ་རྒྱུའི་ལས་གཞི་མུ་མཐུད་ལག་བསྟར་བྱ་རྒྱུ་དང་། ལས་བྲལ་རྒན་ཡོལ་ཞུས་པའི་ཏང་ཀྲི་པུའུ་འཛུགས་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ལས་བྱེད་པ་རྒན་གྲས་ལུས་གསོ་དང་ལྟ་སྐོར་དུ་སྐྱོད་རྒྱུར་མ་དངུལ་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ་བཅས་འོས་འགན་ཡིན། དྲུག་ནི་ཁྲོམ་རའི་ཉེན་ཁར་འཕྲལ་སྡོམ་གྲ་སྒྲིག་བྱ་རྒྱུར་གཏོང་ཆ་མང་དུ་གཏོང་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་10,660བཀོད་སྒྲིག་བྱས་ནས་ས་གནས་ཀྱི་འབྲུ་རིགས་དང་བཟའ་སྣུམ་གྲབས་གསོག་བརྗེ་སྒྱུར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲུ་སྣུམ་གྲབས་གསོག་གི་གཞི་ཁྱོན་ཆེ་རུ་བཏང་ནས་ཁྲོམ་རའི་ཉེན་ཁར་ཁ་གཏད་ཧུར་ཐག་གཅོག་རྒྱུ་ཡིན།

    སྤྱི་ཚོགས་བྱ་གཞག་ཐད་ལ་གཏོང་ཆ་མང་དུ་བཏང་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་མཚུངས་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་གཏོང་རྒྱུ། དེ་ཡང་གཅིག་ནི་སློབ་གསོའི་བྱ་གཞག་སྔོན་ལ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན། སློབ་གསོའི་བྱ་གཞག་ཐད་གཏོང་ཆ་སྒོར་ཁྲི་927,340བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་156,319མང་དུ་སོང་ཡོད་པས་20.3%ཕར་ཡོད།སློབ་ཞུགས་མ་བྱས་གོང་གི་སློབ་གསོ་དང་ལས་རིགས་སློབ་གསོ་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ་དང་། འགན་བབས་སློབ་གསོ་ཉམས་ཞན་ཡིན་པའི་སློབ་གྲྭ་བསྒྱུར་བཀོད་གང་མགྱོཌ་བྱ་རྒྱུ། “འགན་ལེན་གསུམ”དང་ནང་སའི་བོད་ལྗོངས་འཛིན་གྲྭ ཞིང་འབྲོག་ནགས་ཆུ་ས་གཏེར་བཅས་ཀྱི་ཆེད་ལས་སློབ་སྦྱོང་བྱེད་མཁན་ལ་སློབ་ཡོན་མི་དགོས་པ་སོགས་ཀྱི་སློབ་གསོའི་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ། འགན་བབས་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞིའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། ས་ཁད་མཐོ་ལ་གྲང་ངར་ཆེ་བའི་སློབ་གྲྭ་འབྲིང་ཆུང་ལ“ཡོད་པ་བཞིའི”ལས་གཞི་གང་མགྱོགས་འཛུགས་རྒྱུ། ཚད་གཞི་སྔར་བས་མཐོ་རུ་བཏང་ནས“འགན་ལེན་གསུམ”གྱི་འགྲོ་གྲོན་ཚད་གཞི་དེ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་2900ཡིན་པ་ནས་སྒོར་3000ལ་སྤོར་རྒྱུ་ཡིན། གཉིས་ནི་སྨན་བཅོས་སྨན་རྫས་དང་འཕྲོད་བསྟེན་གྱི་སྒྲིག་སྲོལ་བསྒྱུར་བཅོས་བྱེད་རིམ་མགྱོགས་སུ་བཏང་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་མཚུངས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། འཕྲོད་བསྟེན་བྱ་གཞག་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་249,102བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་སྒོར་ཁྲི་37,482མང་དུ་སོང་ཡོད་པས་17.7%འཕར་ཡོད།ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དང་གྲོང་ཁྱེར་གྲོང་རྡལ་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐད་ནོར་སྲིད་ནས་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་ཚད་གཞི་ཁག་སོ་སོར་ལོ་རེར་མི་རེར་ཆ་སྙོམས་སྒོར་40མང་དུ་གཏོང་རྒྱུ་ཡིན་པས་སྒོར་420དང་སྒོར་380ཟིན་རྒྱུ་དང་།གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་གྱི་ཁ་གསབ་རོགས་དངུལ་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་45ཡིན་པ་ནས་སྒོར་50ལ་སྤོར་རྒྱུ། གྲོང་ཚོའི་སྨན་པའི་ལས་གནས་ཀྱི་ཁ་གསབ་ཚད་གཞི་དེ་ཟླ་རེར་སྒོར་600ཡིན་པ་ནས་སྒོར་900ལ་སྤོར་རྒྱུ་བཅས་ཡིན། མ་དངུལ་སྒོར་ཁྲི་26,707བཀོད་སྒྲིག་བྱས་ནས་རིམ་ཁག་སྨན་བཅོས་འཕྲོད་བསྟེན་ཚན་པའི་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། རྫོང་རིམ་པའི་སྨན་ཁང་གི་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ཨང་གསུམ་པ་དང་རྫོང་ཤང་སྨན་བཅོས་ཚན་པའི་སྒྲིག་ཆས་སྒྲིག་སྦྱོར་བྱ་རྒྱུར་མ་དངུལ་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ། གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་གི་སྨན་བཅོས་ཆ་རྐྱེན་སྔར་བས་ཡག་ཏུ་བཏང་ནས་རིམ་ཁག་སྨན་བཅོས་ཚན་པའི་སྨན་བཅོས་ཆུ་ཚད་དང་སྲོག་སྐྱོབ་སྨན་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་ཡིན། སྤྱི་པའི་འཕྲོད་བསྟེན་རྣམ་གྲངས་ཐད་གཏོང་ཆ་སྒོར་ཁྲི་23,124བཀོད་སྒྲིག་བྱས་ཏེ་ཚབས་ཆེའི་ནད་རིགས་འགོག་བཅོས་དང་། བཟའ་བཅའི་བདེ་འཇགས། འཕྲོད་བསྟེན་ལྟ་སྐུལ། མ་བུ་འཕྲོད་བསྟེན་སོགས་ཀྱི་ལས་ཀར་ཤུགས་སྣོན་རྒྱག་རྒྱུ་ཡིན། མ་དངུལ་སྒོར་ཁྲི་4,000བཀོད་སྒྲིག་བྱས་ཏེ་བོད་ལུགས་གསོ་རིག་སྨན་རྫས་བྱ་གཞག་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། དམངས་ཡོངས་ལ་རིན་པ་མི་དགོས་པར་གཟུགས་གཞི་བརྟག་དཔྱད་བྱ་རྒྱུར་མ་དངུལ་སྒོར་ཁྲི་15,044དང་གྲོང་ཁྱེར་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་མ་དངུལ་སྒོར་ཁྲི་15,000བཀོད་སྒྲིག་བྱ་རྒྱུ་ཡིན།གསུམ་ནི་དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ཡིན། རིག་གནས་བྱ་གཞག་གོང་འཕེལ་གཏོང་རྒྱུའི་ཐད་མ་དངུལ་སྒོར་ཁྲི་62,814བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་སྒོར་ཁྲི་10,376མང་དུ་སོང་ཡོད་པས་19.9%འཕར་ཡོད། བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཅན་དུ་འགྱུར་རྒྱུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། ཐང་ག་བརྒྱའི་ལས་གཞི་ལག་བསྟར་ཇེ་མགྱོགས་སུ་གཏོང་རྒྱུ། དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གསར་སྤེལ་དང་། གཙོ་གནད་རིག་དངོས། དགོན་སྡེ་བཅས་སྲུང་སྐྱོབ་བྱ་རྒྱུའི་ཐད་གཏོང་ཆ་མང་དུ་བཏང་སྟེ་རིག་གནས་བརྩམ་བྱ་གསར་རྩོམ་བྱ་རྒྱུར་སྐུལ་མ་གཏོང་རྒྱུ། གྲོང་གསེབ་ཀྱི་རིག་གནས་བྱ་གཞག་གོང་འཕེལ་གང་མགྱོགས་བཏང་ནས་རིག་གནས་ལུས་རྩལ་ཐང་དང་ལུས་རྩལ་ཁང་རིན་པ་མི་དགོས་པར་སྒོ་མོ་འབྱེད་རྒྱུའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ། རྫོང་རིམ་པའི་སྐུད་ཡོད་བརྙན་འཕྲིན་གྲངས་འཛིན་ཅན་དུ་ཁྱབ་གདལ་གཏོང་རིམ་མགྱོགས་སུ་བཏང་ནས་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུའི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་ཡིན། བཞི་ནི་དེ་མིན་གྱི་སྤྱི་ཚོགས་བྱ་གཞག་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་དེ་ཡིན། མ་དངུལ་སྒོར་ཁྲི་ 7,400བཀོད་སྒྲིག་བྱས་ཏེ་སྦྲག་སྲིད་དང་འཕྲིན་གཏོང་གི་ཡོངས་ཁྱབ་ཞབས་ཞུ་སྒྲུབ་ནུས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། དྲིལ་བསྒྲགས་ཐད་ཆེད་སྤྱོད་འགྲོ་གྲོན་སྒོར་ཁྲི་6,000བཀོད་སྒྲིག་བྱ་རྒྱུ་ཡིན། བོད་རང་སྐྱོང་ལྗོངས་དབུ་བཪྙེས་ནས་ལོ་50འཁོར་བར་བརྟེན་འབྲེལ་ཞུ་བའི་བྱེད་སྒོར་འགྲོ་གྲོན་སྒོར་ཁྲི་5,000ཁ་སྣོན་བྱ་རྒྱུ་ཡིན། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བཟོ་སྒྲིག་བྱ་རྒྱུར་འགྲོ་གྲོན་སྒོར་ཁྲི་5,000བཀོད་སྒྲིག་བྱ་རྒྱུ་ཡིན།

    4.ཚན་རྩལ་དང་ཤེས་ལྡན་པ་སྟོབས་ཆེར་གཏོང་རྒྱུའི་འདེགས་སྐྱོར་གཉིས་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱ་རྒྱུ། ཚན་རྩལ་གྱི་གཏོང་ཆའི་ལམ་སྲོལ་ཚགས་ཚུད་དུ་བཏང་ནས་གསར་གཏོད་འདེད་སྐུལ་གྱི་འཐབ་ཇུས་ལག་བསྟར་བྱ་རྒྱུར་འདེགས་སྐྱོར་བྱ་རྒྱུ་ཡིན་ཞིང་། ཚན་རྩལ་བྱ་གཞག་གོང་འཕེལ་གཏོང་རྒྱུའི་ཐད་གཏོང་ཆ་སྒོར་ཁྲི་29,846བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་ལོ་གོང་མ་ལས་སྒོར་ཁྲི་7,210མང་དུ་སོང་ཡོད་པས་31.9%འཕར་ཡོད། དངོས་སྤྱོད་ལག་རྩལ་ཞིབ་འཇུག་དང་གསར་སྤེལ། ཚན་རིག་ཁྱབ་གདལ་གཏོང་རྒྱུའི་ཐད་གཏོང་ཆ་མང་དུ་བཏང་ནས་ཚན་རྩལ་གསར་གཏོད་དང་འབྲས་བུ་དངོས་སྒྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། ཚན་རྩལ་ཞིབ་འཇུག་གི་འབྲས་བུ་དེ་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་ཐོག་སྒྱུར་རྒྱུར་སྐུལ་སྤེལ་གཏོང་རྒྱུ་ཡིན། ཤེས་ལྡན་པ་ནང་འདྲེན་དང་མི་ཤུགས་ཐོན་ཁུངས་འཛུགས་སྐྱོང་བྱ་རྒྱུར་གཏོང་ཆ་མང་དུ་གཏོང་རྒྱུ་ཡིན་ཞིང་སློབ་གསོ་དང་། ཚན་རྩལ། འཕྲོད་བསྟེན་བཅས་ཀྱི་ཤེས་ལྡན་པ་ནང་འདྲེན་བྱ་རྒྱུར་མ་དངུལ་སྒོར་ཁྲི་5,000དང་། ལས་བྱེད་པ་དང་། ཏང་ཡོན། གྲོང་ཚོའི་ལས་བྱེད་པ་བཅས་ལ་སྦྱོང་བརྡར་སྤྲོས་རྒྱུར་འགྲོ་གྲོན་སྒོར་ཁྲི་15,000བཀོད་སྒྲིག་བྱ་རྒྱུ་ཡིན།མ་དངུལ་སྒོར་ཁྲི་3,313བཀོད་སྒྲིག་བྱས་ནས་ནུབ་རྒྱུད་འཆར་གཞིའི་དང་བླངས་པའི་འཚོ་བའི་ཁ་གསབ་དུས་ཐོག་ཏུ་སྤྲོད་ཐུབ་པའི་འགན་ལེན་བྱ་རྒྱུ། མ་དངུལ་སྒོར་ཁྲི་6,700བཀོད་སྒྲིག་བྱས་ནས་ཚན་རྩལ་ཆེད་མངག་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་ཞིང་འབྲོག་ཚན་རྩལ་ཆེད་མངག་པ་ཡོངས་སུ་ཁེབས་ཐུབ་པ་བྱ་རྒྱུ་ཡིན། ཤང་གྲོང་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོའི་འཚོ་བའི་ཁ་གསབ་རོགས་དངུལ་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། དེ་ཡང་ཤང་གྲོང་གི་དགེ་རྒན་དང་སྨན་དོན་པའི་འཚོ་བའི་ཁ་གསབ་རོགས་དངུལ་ཚད་གཞི་དེ་ས་ཁུལ་རིགས་གཉིས་པར་ཟླ་རེར་སྒོར་100དང་། ས་ཁུལ་རིགས་གསུམ་པར་ཟླ་རེར་སྒོར་200ས་ཁུལ་རིགས་བཞི་པར་ཟླ་རེར་སྒོར་300བཅས་ཀྱི་ཚད་གཞི་ལྟར་མཐོ་རུ་གཏོང་རྒྱུ་དང་། ཤང་གྲོང་ལས་བྱེད་པའི་འཚོ་བའི་ཁ་གསབ་རོགས་དངུལ་ཚད་གཞི་དེ་ས་ཁུལ་རིགས་གཉིས་པར་ཟླ་རེར་སྒོར་50དང་། ས་ཁུལ་རིགས་གསུམ་པར་ཟླ་རེར་སྒོར་100ས་ཁུལ་རིགས་བཞི་པར་ཟླ་རེར་སྒོར་200བཅས་ཀྱི་ཚད་གཞི་ལྟར་མཐོ་རུ་གཏོང་རྒྱུ་ཡིན།

    5.མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་སྲ་བརྟན་དུ་གཏོང་རྒྱུའི་རྨང་རྡོ་གཉིས་གཡོ་འགུལ་མེད་པར་རྒྱུན་འཁྱོངས་བྱ་རྒྱུ། བརྟན་ལྷིང་སྲུང་སྐྱོང་ཐད་ཀྱི་གཏོང་ཆ་མང་དུ་བཏང་སྟེ་སྤྱི་ཚོགས་ཀྱི་དུས་བབ་ཡུན་རིང་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་རྒྱུ། བརྟན་ལྷིང་སྲུང་སྐྱོང་ཐད་གཏོང་ཆ་སྒོར་ཁྲི་499,355བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་སྒོར་ཁྲི་86,262མང་དུ་སོང་ཡོད་པས་20.9%འཕར་ཡོད། དེ་ཡང་གཅིག་ནི་སྲིད་ཁྲིམས་དཔུང་ཁག་གི་ནུས་པ་འཛུགས་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དེ་ཡིན། གཉིས་ནི་སྤྱི་ཚོགས་དོ་དམ་གསར་གཏོད་ལ་རྒྱབ་སྐྱོར་བྱས་ནས་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་རྒྱུ་དེ་ཡིན། རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱ་རྒྱུར་འགྲོ་གྲོན་སྒོར་ཁྲི་11,000དང་། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ལས་དོན། དེ་བཞིན་མི་རིགས་མཐུན་སྒྲིལ་ལ་གཟེངས་བསྟོད་བྱེད་པའི་བྱ་དགའི་འགྲོ་གྲོན་སྒོར་ཁྲི་7,186བཀོད་སྒྲིག་བྱ་རྒྱུ་ཡིན། དགོན་སྡེ་དོ་དམ་ཨུ་ལྷན་གྱི་དམིགས་བསལ་ལས་གནས་ཁ་གསབ་མ་དངུལ་སྒོར་ཁྲི་19,597བཀོད་སྒྲིག་བྱ་རྒྱུ་ཡིན་ཞིང་། ཁ་གསབ་རོགས་དངུལ་ཚད་གཞི་སྔར་བས་མཐོ་རུ་བཏང་ནས་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་གནས་ཁ་གསབ་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་1000ཡིན་པ་ནས་སྒོར་1500ལ་སྤོར་རྒྱུ་ཡིན། གསུམ་ནི་བདེ་འཇགས་ཐོན་སྐྱེད་ཐད་གཏོང་ཆ་མང་དུ་གཏོང་རྒྱུ་ཡིན་ཞིང་། མཚོ་བོད་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ་གྱི་ལམ་སྲུང་མཉམ་འགོག་འགྲོ་གྲོན་སྒོར་ཁྲི་13,544དང་།བདེ་འཇགས་ཐོན་སྐྱེད་ཐད་ཆེད་སྤྱོད་མ་དངུལ་སྒོར་ཁྲི་2,000བཀོད་སྒྲིག་བྱ་རྒྱུ་ཡིན།རང་སྐྱོང་ལྗོངས་ཀྱིས་གཏན་འབེབས་བྱས་པའི“ཚད་བཀག་གཉིས་དང་ཉེན་རྟོག་གཅིག”གི་སྲིད་ཇུས་གཞིར་བཟུང་།འགྲིམ་འགྲུལ་ཐད་ཆེད་སྤྱོད་འགྲོ་གྲོན་སྒོར་ཁྲི་5,000དང་། འགྲུལ་སྐྱེལ་རྒྱུན་བཙུགས་འགྲོ་ལམ་དང་འབབ་ཚུགས་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་20,000མང་དུ་གཏོང་རྒྱུ་ཡིན་པས་འགྲུལ་སྐྱེལ་ཁྲོམ་ར་བརྟན་པོ་ཡོང་བ་དང་རྒྱ་ལམ་སྐྱེལ་འདྲེན་དང་ཡུལ་སྐོར་སྒྲིག་སྲོལ་བསྒྱུར་བཅོས་བདེ་བླག་ངང་སྐུལ་སྤེལ་གཏོང་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན།

    གཞི་རིམ་རྩ་འཛུགས་ཀྱི་ལས་དོན་ཐད་གཏོང་ཆ་མང་དུ་བཏང་ནས་ཞི་མཐུན་གྱི་སྡེ་ཁུལ་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་སྤེལ་གཏོང་རྒྱུ་ཡིན།མ་དངུལ་སྒོར་ཁྲི་153,700བཀོད་སྒྲིག་བྱས་ནས་མུ་མཐུད་རྨང་བརྟན་དམངས་ཕན་ལས་དོན་གྱི་མ་དངུལ་ཁག་བཀོད་སྒྲིག་ཡག་པོ་བྱ་རྒྱུ་ཡིན། མ་དངུལ་སྒོར་ཁྲི་15,200བཀོད་སྒྲིག་བྱས་ནས“གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་སྤེལ་རྒྱུ་དང་སྔོན་ཐོན“གཉིས་ལྡན་དུད་སྦྲེལ”ལ་གཟེངས་བསྟོད་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་ཁྲི་12,904བཀོད་སྒྲིག་བྱས་ནས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་དང་། སྡེ་ཁུལ་གྲོང་མི་ཨུ་ལྷན། སྡེ་ཚོགས་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཨང་དང་པོ་མངག་གཏོང་བྱེད་པའི་ལས་ཀའི་འགྲོ་གྲོན་འགན་སྲུང་མུ་མཐུད་ཡག་པོ་བྱ་རྒྱུ་ཡིན།

    གཞི་རིམ་ལ་འབྱོར་སྟོབས་ཀྱི་ཁ་གསབ་རོགས་དངུལ་མང་དུ་བཏང་ནས་སྲིད་གཞུང་རིམ་པ་སྟར་ཆགས་དོ་སྙོམས་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་སྤེལ་གཏོང་རྒྱུ། རང་སྐྱོང་ལྗོངས་ཀྱིས་གཤམ་འོག་ལ་དོ་སྙོམས་རང་བཞིན་གྱི་མ་དངུལ་སྒྱུར་སྤྲོད་སྒོར་ཁྲི་1,245,477བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་སྒོར་ཁྲི་237,880མང་དུ་སོང་ཡོད་པས་22.5%འཕར་ཡོད། རྫོང་རིམ་པའི་གཞི་རྩའི་འབྱོར་སྟོབས་འགན་སྲུང་ལམ་སྲོལ་གྱི་བྱ་དགའི་ཁ་གསབ་མ་དངུལ་སྒོར་ཁྲི་40,000བཀོད་སྒྲིག་བྱ་རྒྱུ་ཡིན། མཐའ་མཚམས་ས་ཁུལ་ལ་མ་དངུལ་སྒྱུར་སྤྲོད་སྒོར་ཁྲི་69,100བཀོད་སྒྲིག་བྱ་རྒྱུ་ཡིན་ཞིང་། ཚད་གཞི་མཐོ་རུ་བཏང་ནས་ས་ཡུལ་དང་པོ་དང་ས་ཡུལ་གཉིས་པའི“ཀུན་ཕན་རང་བཞིན”གྱི་མཐའ་མཚམས་ཡུལ་མིའི་ཁ་གསབ་རོགས་དངུལ་ཚད་གཞི་དེ་ཁག་སོ་སོར་ལོ་རེར་མི་རེར་ཆ་སྙོམས་སྒོར་1,400དང་སྒོར་1,200ཡིན་པ་ནས་སྒོར་1,700དང་སྒོར་1,500ལ་སྤོར་རྒྱུ་ཡིན། གཞི་རིམ་གྱི་ནོར་སྲིད་བྱ་དགའི་མ་དངུལ་སྒོར་ཁྲི་38,000དང་གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་ཐད་མ་དངུལ་སྒོར་ཁྲི་36,080བཀོད་སྒྲིག་བྱ་རྒྱུ་ཡིན།

    འཐུས་མི་རྣམ་པ། 2015ལོ་ནི“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ལག་བསྟར་བྱ་རྒྱུ་མཇུག་བསྡུ་བའི་ལོ་ཞིག་ཡིན། ང་ཚོས་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག མུ་མཐུད་བསྒྱུར་བཅོས་གཏིང་ཟབ་བྱེད་པ་དང་། ནོར་སྲིད་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྔོན་རྩིས་ཡོངས་བསྒྲགས་བྱ་རྒྱུར་སྐུལ་སྤེལ་གཏོང་བ། རང་རྟོགས་ངང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་བསམ་འཆར་དང་གྲོས་འཆར་ཁེངས་སྐྱུང་ངང་དང་ལེན་བཅས་བྱས་ནས་ཚད་མཐོའི་འགན་འཁྲི་ཁུར་སེམས་དང་། ལས་འགན་སྒྲུབ་སེམས། བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་བཅས་ཀྱི་ཐོག་ནས་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། བསྒྱུར་བཅོས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ནན་ཏན་བྱེད་པ། སྔོན་རྩིས་དོ་དམ་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་མཉམ་ཤུགས་གཅིག་ཏུ་སྒྲིལ་ནས་སྔོན་རྩིས་ཡོངས་སུ་ལེགས་སྒྲུབ་ཡོང་བ་བྱས་ཏེ་2015ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་མངོན་གྱུར་ཡོང་བར་ལེགས་སྐྱེས་འབུལ་ཐུབ་པ་བྱ་རྒྱུ་ཡིན།

    2015ལོར་ལག་བསྟར་བྱ་རྒྱུ་འཆར་གཞི་ཡོད་པའི་དམངས་འཚོའི་སྲིད་ཇུས།

    2014ལོར་རང་སྐྱོང་ལྗོངས་ཀྱིས་སློབ་གསོ་དང་། སྤྱི་ཚོགས་འགན་སྲུང་། ལས་ཞུགས། སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ཐད་གཏོང་ཆ་སྒོར་དུང་ཕྱུར་70བཏང་ནས“བྱ་བ་དངོས་ཁག་བཅུ”ཡག་པོ་སྒྲུབ་རྒྱུར་ཤུགས་བརྒྱབ་པས་སྤྱི་ཚོགས་ཀྱི་ཡོངས་ཁྱབ་དགའ་བསུ་ཐོབ་པ་དང་ཁས་ལེན་བྱས་ཡོད། སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་གཏོང་བའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་དམངས་ལ་བདེ་སྐྱིད་སྐྲུན་ཤུཌ་ཆེ་རུ་གཏོང་ཕྱིར། 2015ལོར་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་ཕྱོགས་བཅུའི་ཐད་མ་དངུལ་སྒོར་དུང་ཕྱུར་86བཀོད་སྒྲིག་བྱས་ནས་དམངས་འཚོའི་སྲིད་ཇུས་ཁག་ཉེ་ཤུ་རྩ་དྲུག་གཙོ་གནད་དུ་ལག་བསྟར་བྱེད་རྩིས་ཡོད་པ་ཞིབ་ཕྲ་གཤམ་གསལ་ཏེ།

    གཅིག རྒན་གསོའི་འགན་བཅོལ་གྱི་ཐོབ་ཐང་ཚད་གཞི་མཐོ་རུ་གཏོང་རྒྱུ།

    1. ཁེ་ལས་ཀྱི་རྒན་ཡོལ་ཞུས་པའ་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་ཐོབ་ཐང་མཐོ་རུ་གཏོང་རྒྱུ། 10%ཡི་ཚད་གཞི་བཞིན་ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་ཐོབ་ཐང་ལེགས་སྒྲིག་བྱེད་རྩིས་ཡོད་པ་དེའང་། མིག་སྔར་ཆ་སྙོམས་ཚད་གཞི་དེ་ཟླ་རེར་མི་རེར་སྒོར་3320ཡིན་པའི་རྨང་གཞིའི་ཐོག་སྒོར་332སྤར་ནས་ཆ་སྙོམས་ཟླ་རེར་མི་རེར་སྒོར་3652ཟིན་རྒྱུ་རེད། ཚད་གཞི་མཐོ་རུ་བཏང་རྗེས། སྔོན་དཔག་བྱས་ན་ལྗོངས་ཡོངས་ཀྱི་ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་གཏོང་སྒོའི་སྤྱི་འབོར་སྒོར་ཁྲི་200,000ཟིན་རྒྱུ་ཡིན་ཞིང་། དེའི་ནང་། 2015ལོར་ཚད་གཞི་མཐོ་རུ་བཏང་སྟེ་རྨང་གཞིའི་རྒན་གསོའི་འཚོ་དངུལ་གཏོང་སྒོ་སྒོར་ཁྲི་14,342མང་དུ་འགྲོ་རྒྱུ་ཡིན་པ་དང་། མཁོ་དགོས་མ་དངུལ་དེ་ཁེ་ལས་ཀྱི་རྒན་གསོའི་རྒན་བཅོལ་ཐེབས་རྩའི་ཆེད་དམིགས་རྩིས་ཁྲ་ནས་གཏོང་རྒྱུ་དང་།ཆེད་དམིགས་རྩིས་ཁྲའི་གཏོང་ཡོང་གི་ཆད་ཆ་དེ་ནོར་སྲིད་ནས་གྲངས་ཚང་འགན་སྲུང་བྱ་རྒྱུ།

    2. གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་འཚོ་དངུལ་གྱི་ཐོབ་ཐང་མཐོ་རུ་གཏོང་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་སྤྱི་ཚོགས་ཀྱི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་འཚོ་དངུལ་གྱི་ཐོབ་ཐང་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར120ཡིན་པ་ནས་སྒོར་140ལ་སྤོར་རྩིས་ཡོད་པ་དང་། ཆ་སྙོམས་མི་རེར་སྒོར་20མང་དུ་བཏང་ཡོད། ཚད་གཞི་མཐོ་རུ་བཏང་རྗེས་ལྗོངས་ཡོངས་ཀྱི་ནོར་སྲིད་ནས་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིར་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ཐད་བཏང་བའི་གཏོང་སྒོའི་སྤྱི་འབོར་སྒོར་ཁྲི་50,000ཟིན་རྒྱུ་ཡིན་ཞིང་། དེའི་ནང་2015ལོར་ཚད་གཞི་མཐོ་རུ་བཏང་རྗེས་ནོར་སྲིད་ཀྱི་གཏོང་སྒོ་སྒོར་ཁྲི་5,760མང་དུ་སོང་བ་དེ་ལྗོངས་དང་། ས་གནས(གྲོང་ཁྱེར) རྫོང(གྲོང་ཁྱེར་དང་ཆུད)བཅས་རིམ་པ་གསུམ་གྱི་ནོར་སྲིད་ནས་8:1:1གི་བསྡུར་ཚད་བཞིན་ཁག་སོ་སོར་སྤྲོད་འགན་འཁུར་རྒྱུ།

    གཉིས། དམིགས་བསལ་གྱི་དཀའ་ངལ་ཡོད་པའི་རིགས་ཀྱི་འཚོ་བའི་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    1. གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་སྲུང་གི་ཚད་གཞི་མཐོ་རུ་གཏོང་རྒྱུ། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་དེ་ད་ལྟ་ལག་བསྟར་བྱེད་མུས་ཀྱི་ཟླ་རེར་མི་རེར་སྒོར་540ཡིན་པ་ནས་ཟླ་རེར་མི་རེར་སྒོར་590ལ་སྤོར་རྩིས་ཡོད་པ་དང་། གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་སྲུང་ཚད་གཞི་དེ་ད་ལྟ་ལག་བསྟར་བྱེད་མུས་ཀྱི་ལོ་རེར་མི་རེར་སྒོར་2150ཡིན་པ་ནས་ལོ་རེར་མི་རེར་སྒོར་2350ལ་སྤོར་རྩིས་ཡོད་ཅིང་།ཚད་གཞི་མཐོ་རུ་བཏང་རྗེས་སྔོན་དཔག་བྱས་ན་ལྗོངས་ཡོངས་སུ་གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་སྲུང་བྱ་རྒྱུའི་ཐད་བཏང་བའི་གཏོང་སྒོའི་སྤྱི་འབོར་སྒོར་ཁྲི་71,000ཟིན་རྒྱུ་ཡིན་ཞིང་།དེའི་ནང་། 2015ལོར་ཚད་གཞི་མཐོ་རུ་བཏང་རྗེས་ནོར་སྲིད་གཏོང་སྒོ་སྒོར་ཁྲི་9,580མང་དུ་སོང་བ་དེ་ལྗོངས་དང་། ས་གནས(གྲོང་ཁྱེར) རྫོང་(གྲོང་ཁྱེར་དང་ཆུད)བཅས་རིམ་པ་གསུམ་གྱི་ནོར་སྲིད་ནས་8:1:1གི་བསྡུར་ཚད་བཞིན་རིམ་པ་ལྟར་སྤྲོད་འགན་འཁུར་རྒྱུ།

    2. དབང་པོ་སྐྱོན་ཅན་དབུལ་པོའི་འཚོ་བའི་ཁ་སྣོན་དང་ནད་ཚབས་ལྕི་བའི་ནད་སྐྱོང་གི་ཁ་གསབ་ལམ་ལུགས་འཛུགས་རྒྱུ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབུལ་པོའི་དབང་པོ་སྐྱོན་ཅན་དང་ནད་ཚབས་ལྕི་བའི་དབང་སྐྱོན་ལ་ཐུགས་ཁུར་གནང་བ་སྔར་བས་མཚོན་ཐུབ་པ་དང་།རང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་དང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་ཁེ་དབང་འགན་སྲུང་ཏན་ཏིག་བྱེད་ཆེད།མ་དངུལ་སྒོར་ཁྲི་1,750བཀོད་སྒྲིག་བྱས་ནས་དབུལ་པོའི་དབང་པོ་སྐྱོན་ཅན་གྱི་འཚོ་སྣོན་དང་ནད་ཚབས་ལྕི་བའི་ནད་སྐྱོང་གི་གསབ་དངུལ་ལམ་ལུགས་བཙུགས་ཏེ་དབུལ་པོ་དང་ནད་ཚབས་ལྕི་བའི་དབང་པོ་སྐྱོན་ཅན་གྱི་གཞི་རྩའི་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་བྱ་རྒྱུ་ཡིན།

    3.དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ལོ་ན་མཐོ་ཞིང་རང་སྐྱ་འཕེར་མི་ཐུབ་པ་སོགས་ཀྱི་རྒན་རྒོན་ལ་ཁ་གསབ་སྤྲོད་པའི་ལམ་ལུགས་འཛུགས་རྒྱུ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ལོ་ན་མཐོ་ཞིང་རང་སྐྱ་འཕེར་མི་ཐུབ་པ་སོགས་ཀྱི་རྒན་རྒོན་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བ་སྔར་བས་མཚོན་ཐུབ་པ་དང་། རྒན་རྒོན་གྱི་ཁེ་དབང་འགན་སྲུང་བྱེད་པའི་ལམ་ལུགས་དང་རྒན་གསོའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་ཆེད།མ་དངུལ་སྒོར་ཁྲི་1,500བཀོད་སྒྲིག་བྱས་ཏེ་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ལོ་ན་མཐོ་ཞིང་རང་སྐྱ་འཕེར་མི་ཐུབ་པ་སོགས་ཀྱི་རྒན་རྒོན་ལ་ཁ་གསབ་སྤྲོད་པའི་ལམ་ལུགས་བཙུགས་ནས་གཞི་རྩའི་རྒན་གསོའི་ཞབས་ཞུ་ཆ་མཚུངས་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་གཏོང་རྒྱུ་ཡིན།

    4.“དུས་ཆེན་གསུམ”ལ་འཚོ་བའི་ཁ་སྣོན་ཐེངས་གཅིག་ལ་སྤྲོད་རྒྱུ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་དུད་ཚང་དང་། འགན་ལེན་ལྔའི་དུད་ཚང་། ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་མི་སྣ། གྲོང་ཁྱེར་གྲོང་གསེབ་ཀྱི་གཟིགས་སྐྱོང་བྱ་ཡུལ་སོགས་ཡོང་འབབ་དམའ་བའི་རིགས་གྲས་ལ་ཐུགས་ཁུར་གནང་བ་མཚོན་ཐུབ་ཆེད། མ་དངུལ་སྒོར་ཁྲི་ 20,000བཀོད་སྒྲིག་བྱས་ཏེ“དུས་ཆེན་གསུམ”རིང་། ཡོང་འབབ་དམའ་བའི་རིགས་གྲས་ལ་སྤྲོད་གཅིག་མའི་འཚོ་སྣོན་སྤྲད་ནས་ཡོང་འབབ་དམའ་བའི་རིགས་གྲས་ཀྱི་གཏོང་སྤྲོད་ནུས་པ་ཆེ་རུ་བཏང་སྟེ་དུས་ཆེན་རིང་ཁོང་ཚོའི་གཞི་རྩའི་འཚོ་བ་ལེགས་བཅོས་ཆེ་ཙམ་ཡོང་ཐུབ་པ་བྱ་རྒྱུ་ཡིན།

    གསུམ། གཞི་རིམ་གྱི་ལས་བྱེད་ལས་བཟོ་དང་དམིགས་བསལ་ལས་གནས་ཀྱི་འཚོ་བའི་ཁ་གསབ་རོགས་དངུལ་ཚད་གཞི་ལེགས་སྒྲིག་བྱ་རྒྱུ།

    1. ཤང་གྲོང་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོའི་འཚོ་བའི་ཁ་གསབ་རོགས་དངུལ་ཚད་གཞི་མཐོ་རུ་གཏོང་རྒྱུ།2014ལོར་ཤང་གྲོང་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོའི་འཚོ་བའི་ཁ་གསབ་རོགས་དངུལ་ལམ་ལུགས་བཙུགས་པའི་རྨང་གཞིའི་ཐོག ཁ་གསབ་རོགས་དངུལ་ཚད་གཞི་མཐོ་རུ་གཏོང་རྒྱུ། དེའི་ནང་ཤང་གྲོང་གི་དགེ་རྒན་དང་སྨན་པའི་འཚོ་སྣོན་དེ་ས་ཁུལ་རིགས་གཉིས་པར་ཟླ་རེར་སྒོར་100དང་། ས་ཁུལ་རིགས་གསུམ་པར་ཟླ་རེར་སྒོར་200 ས་ཁུལ་རིགས་བཞི་པར་ཟླ་རེར་སྒོར་300བཅས་ཀྱི་ཚད་གཞི་བཞིན་མཐོ་རུ་གཏོང་རྒྱུ། ཤང་གྲོང་ལས་བྱེད་པའི་འཚོ་སྣོན་དེ་ས་ཁུལ་རིགས་གཉིས་པར་ཟླ་རེར་སྒོར་50དང་། ས་ཁུལ་རིགས་གསུམ་པར་ཟླ་རེར་སྒོར་100ས་ཁུལ་རིགས་བཞི་པར་ཟླ་རེར་སྒོར་200བཅས་ཀྱི་ཚད་གཞི་གཞིར་བཟུང་མཐོ་རུ་གཏོང་རྒྱུ། ཚད་གཞི་མཐོ་རུ་བཏང་རྗེས་སྔོན་དཔག་བྱས་ན་ལྗོངས་ཡོངས་སུ་ཤང་གྲོང་ལས་ཁུངས་དང་བྱ་གཞག་ཚན་པའི་ལས་བྱེད་ལས་བཟོར་སྤྲད་པའི་འཚོ་བའི་ཁ་གསབ་རོགས་དངུལ་གྱི་གཏོང་སྒོའི་སྤྱི་འབོར་སྒོར་ཁྲི་36,000ཟིན་རྒྱུ་ཡིན་ཞིང་། དེའི་ནང་2015ལོར་ཚད་གཞི་མཐོ་རུ་བཏང་བའི་ནོར་སྲིད་ཀྱི་གཏོང་སྒོ་སྒོར་ཁྲི་10,000མང་དུ་སོང་བ་དེ་རང་སྐྱོང་ལྗོངས་ནོར་སྲིད་ནས་གྲངས་ཚང་སྤྲོད་འགན་འཁུར་རྒྱུ།

    2.དགོན་སྡེ་དོ་དམ་ཨུ་ལྷན་གྱི་དམིགས་བསལ་ལས་གནས་ཀྱི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་དམིགས་བསལ་ལས་གནས་ཀྱི་ཁ་གསབ་ཚད་གཞི་དེ་ཉིན་རེར་མི་རེར་སྒོར་35ཡིན་པ་ནས་སྒོར་50ལ་སྤོར་རྒྱུ་ཡིན་ཞིང་། དེའང་ཟླ་རེར་མི་རེར་ཆ་སྙོམས་སྒོར་1000ཡིན་པ་ནས་སྒོར་1500ལ་སྤོར་རྒྱུ། ཚད་གཞི་མཐོ་རུ་བཏང་རྗེས་སྔོན་དཔག་བྱས་ན་ལོ་ཧྲིལ་པོར་དགོན་སྡེ་དོ་དམ་ཨུ་ལྷན་གྱི་དམིགས་བསལ་ལས་གནས་ཀྱི་ཁ་གསབ་གཏོང་སྒོའི་སྤྱི་འབོར་སྒོར་ཁྲི་20,000ཟིན་རྒྱུ་ཡིན་པ་དང་། དེའི་ནང་2015ལོར་ཚད་གཞི་མཐོ་རུ་བཏང་བའི་གཏོང་སྒོ་སྒོར་ཁྲི་6,500མང་དུ་སོང་བ་དེ་རང་སྐྱོང་ལྗོངས་ནོར་སྲིད་ནས་གྲངས་ཚང་སྤྲོད་འགན་འཁུར་རྒྱུ།

    བཞི། “ཀུན་ཕན་རང་བཞིན”གྱི་མཐའ་མཚམས་ཡུལ་མིའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ།

    ས་ཡུལ་དང་པོའི་ཤང་གྲོང་གི་མཐའ་མཚམས་ཡུལ་མིའི་ཁ་གསབ་རོགས་དངུལ་ཚད་གཞི་དེ་ལོ་རེར་མི་རེར་སྒོར་1400ཡིན་པ་ནས་སྒོར་1700ལ་སྤོར་རྒྱུ། ས་ཡུལ་གཉིས་པའི་མཐའ་མཚམས་ཡུལ་མིའི་ཁ་གསབ་རོགས་དངུལ་ཚད་གཞི་དེ་ལོ་རེར་མི་རེར་སྒོར་1200ཡིན་པ་ནས་སྒོར་1500ལ་སྤོར་རྒྱུ། ཚད་གཞི་མཐོ་རུ་བཏང་རྗེས་སྔོན་དཔག་བྱས་ན་ལྗོངས་ཡོངས་ཀྱི“ཀུན་ཕན་རང་བཞིན”གྱི་མཐའ་མཚམས་ཡུལ་མིའི་ཁ་གསབ་རོགས་དངུལ་གཏོང་སྒོའི་སྤྱི་འབོར་སྒོར་ཁྲི་21,000ཟིན་རྒྱུ་ཡིན་པ་དང་། དེའི་ནང་2015ལོར་ཚད་གཞི་མཐོ་རུ་བཏང་བའི་ནོར་སྲིད་ཀྱི་གཏོང་སྒོ་སྒོར་ཁྲི་3,846མང་དུ་སོང་བ་དེ་རང་སྐྱོང་ལྗོངས་ནོར་སྲིད་ནས་གྲངས་ཚང་སྤྲོད་འགན་འཁུར་རྒྱུ།

    ལྔ། གྲོང་ཚོ་རིམ་པའི་མི་སྣའི་ཐོབ་ཐང་གི་ཚད་གཞི་མཐོ་རུ་གཏོང་རྒྱུ།

    1. གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་གླ་ཆ་དང་ལས་རྗེས་དཔྱད་ཞིབ་ཀྱི་བྱ་དགའི་ཁ་གསབ་རོགས་དངུལ་ཚད་གཞི་མཐོ་རུ་གཏོང་རྒྱུ། 2015ལོ་ནས་བཟུང་ལོ་གཉིས་ལ་དབྱེ་སྟེ་རང་ལྗོངས་ཀྱི་གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་གླ་ཆ་དང་ལས་རྗེས་དཔྱད་ཞིབ་ཀྱི་བྱ་དགའི་ཁ་གསབ་རོགས་དངུལ་ཚད་གཞི་མཐོ་རྒྱུ་གཏོང་རྩིས་ཡོད། དེའི་ནང་2015ལོར་གྲོང་ཚོའི་ཧྲུའུ་ཅི་ཀྲུའུ་རེན་དང་གྲོང་ཚོའི་ལས་བྱེད་པ་གཞན་དག་གི་གཞི་རྩའི་གླ་ཆ་དང་ལས་རྗེས་དཔྱད་ཞིབ་ཀྱི་བྱ་དགའི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་10404དང་སྒོར་5208ཡིན་པ་ནས་ཁག་སོ་སོར་སྒོར་15606དང་སྒོར་7812ལ་སྤོར་རྒྱུ་དང་། མཐའ་མཚམས་གྲོང་ཚོའི་ཧྲུའུ་ཅི་ཀྲུའུ་རེན་དང་གྲོང་ཚོའི་ལས་བྱེད་པ་གཞན་དག་གི་གཞི་རྩའི་གླ་ཆ་དང་ལས་རྗེས་དཔྱད་ཞིབ་ཀྱི་བྱ་དགའི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་10766དང་སྒོར་5506ཡིན་པ་ནས་ཁག་སོ་སོར་སྒོར་16687དང་སྒོར་8535ལ་སྤོར་རྒྱུ། ཚད་གཞི་མཐོ་རུ་བཏང་རྗེས། སྔོན་དཔག་བྱས་ན་ལྗོངས་ཡོངས་ཀྱི་གྲོང་ཚོའི་ལས་བྱེད་པའི་གཞི་རྩའི་གླ་ཆ་དང་ལས་རྗེས་དཔྱད་ཞིབ་ཀྱི་བྱ་དགའི་ཁ་གསབ་རོཌ་དངུལ་གྱི་གཏོང་སྒོའི་སྤྱི་འབོར་སྒོར་ཁྲི་33,000ཟིན་རྒྱུ་ཡིན་པ་དང་། དེའི་ནང་2015ལོར་ཚད་གཞི་མཐོ་རུ་བཏང་བའི་ནོར་སྲིད་ཀྱི་གཏོང་སྒོ་སྒོར་ཁྲི་10,474མང་དུ་སོང་བ་དེ་རང་སྐྱོང་ལྗོངས་དང་། ས་གནས(གྲོང་ཁྱེར) རྫོང་བཅས་རིམ་པ་གསུམ་གྱི་ནོར་སྲིད་ནས་5∶3∶2 ཀྱི་བསྡུར་ཚད་བཞིན་རིམ་བགོས་ཀྱིས་སྤྲོད་འགན་འཁུར་རྒྱུ།

    2. གྲོང་ཚོའི་སྨན་པ་དང་ཕྱུགས་རིགས་སྨན་པའི་ཐོབ་ཐང་ཚད་གཞི་མཐོ་རུ་གཏོང་རྒྱུ། གྲོང་ཚོའི་སྨན་པ་དང་ཕྱུགས་རིགས་སྨན་པའི་ཐོབ་ཐང་ཚད་གཞི་དེ་ཟླ་རེར་མི་རེར་སྒོར་600ཡིན་པ་ནས་སྒོར་900ལ་སྤོར་རྩིས་ཡོད། ཚད་གཞི་མཐོ་རུ་བཏང་རྗེས། སྔོན་དཔག་བྱས་ན་ལྗོངས་ཡོངས་སུ་གྲོང་ཚོའི་སྨན་པ་དང་ཕྱུགས་རིགས་སྨན་པར་སྤྲད་པའི་ཐོབ་ཐང་གི་ཁ་གསབ་གཏོང་སྒོའི་སྤྱི་འབོར་སྒོར་ཁྲི་18,000ཟིན་རྒྱུ་ཡིན་པ་དང་། དེའི་ནང་2015ལོར་ཚད་གཞི་མཐོ་རུ་བཏང་བའི་གཏོང་སྒོ་སྒོར་ཁྲི་6,148མང་དུ་སོང་བ་དེ་རང་སྐྱོང་ལྗོངས་ནོར་སྲིད་ནས་གྲངས་ཚང་སྤྲོད་འགན་འཁུར་རྒྱུ།

    3. “རྒན་གྲས་གསུམ”གྱི་མི་སྣའི་འཚོ་བའི་ཁ་གསབ་རོགས་དངུལ་ཚད་གཞི་མཐོ་རུ་གཏོང་རྒྱུ། “རྒན་གྲས་གསུམ”གྱི་མི་སྣའི(ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། ངལ་རྩོལ་དཔེ་བཟང་རྒན་གྲས)འཚོ་སྣོན་དེ་ད་ལྟ་ལག་བསྟར་བྱེད་མུས་ཀྱི་ཚད་གཞིའི་རྨང་གཞིའི་ཐོག་ཟླ་རེར་མི་རེར་ཆ་སྙོམས་སྒོར་50མང་དུ་གཏོང་རྩིས་ཡོད། ཚད་གཞི་མཐོ་རུ་བཏང་རྗེས། སྔོན་དཔག་བྱས་ན་ལྗོངས་ཡོངས་ཀྱི“རྒན་གྲས་གསུམ”གྱི་མི་སྣའི་འཚོ་བའི་ཁ་གསབ་རོགས་དངུལ་གཏོང་སྒོའི་སྤྱི་འབོར་སྒོར་ཁྲི་8,000ཟིན་རྒྱུ་ཡིན་པ་དང་། དེའི་ནང་2015ལོར་ཚད་གཞི་མཐོ་རུ་བཏང་བའི་གཏོང་སྒོ་སྒོར་ཁྲི་1,060མང་དུ་སོང་བ་དེ་རང་སྐྱོང་ལྗོངས་ནོར་སྲིད་ནས་གྲངས་ཚང་སྤྲོད་འགན་འཁུར་རྒྱུ།

    4. གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་གི་འཚོ་སྐྱོང་ཚད་གཞི་མཐོ་རུ་གཏོང་རྒྱུ། གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་གི་འཚོ་སྐྱོང་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་3650ཡིན་པ་ནས་སྒོར་4400ལ་སྤོར་རྒྱུ། ཚད་གཞི་མཐོ་རུ་བཏང་རྗེས། སྔོན་དཔག་བྱས་ན་ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་འགན་ལེན་ལྔའི་དུད་ཚང་གི་འཚོ་སྐྱོང་ཐད་སྤྲད་པའི་གཏོང་སྒོའི་སྤྱི་འབོར་སྒོར་ཁྲི་4,000ཟིན་རྒྱུ་ཡིན་པ་དང་། དེའི་ནང་2015ལོར་ཚད་གཞི་མཐོ་རུ་བཏང་བའི་སྒོར་ཁྲི་650མང་དུ་སོང་བ་དེ་རང་སྐྱོང་ལྗོངས་ནོར་སྲིད་ནས་གྲངས་ཚང་སྤྲོད་འགན་འཁུར་རྒྱུ།

    5. གྲོང་ཚོའི་ལས་བྱེད་པར་གཟུགས་པོ་བརྟག་དཔྱད་བྱེད་པའི་འགྲོ་གྲོན་ཚད་གཞི་མཐོ་རུ་གཏོང་རྒྱུ། གྲོང་ཚོའི་ལས་བྱེད་པར་གཟུགས་པོ་བརྟག་དཔྱད་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཚོའི་ལས་བྱེད་པར་གཟུགས་པོ་བརྟག་དཔྱད་བྱེད་པའི་འགྲོ་གྲོན་ཚད་གཞི་དེ་མི་རེར་ཆ་སྙོམས་སྒོར་300ཡིན་པ་ནས་སྒོར་600ལ་སྤོར་རྒྱུ་ཡིན་ཞིང་། ལོ་གསུམ་རེའི་ཐོག་གཟུགས་པོ་བརྟག་དཔྱད་ཀྱི་འགྲོ་གྲོན་ཐེངས་རེ་སྤྲོད་རྒྱུ། ཚད་གཞི་མཐོ་རུ་བཏང་རྗེས། སྔོན་དཔག་བྱས་ན་གྲོང་ཚོའི་ལས་བྱེད་པའི་གཟུགས་པོ་བརྟག་དཔྱད་ཀྱི་འགྲོ་གྲོན་གཏོང་སྒོ་སྒོར་ཁྲི་1,858ཟིན་རྒྱུ་ཡིན་པ་དེ་ནོར་སྲིད་ནས་གྲངས་ཚང་སྤྲོད་འགན་འཁུར་རྒྱུ།

    དྲུག སློབ་གསོའི་བྱ་གཞག་སྔོན་དུ་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་རྒྱུ།

    1. སློབ་ཞུགས་གོང་གི་ཁ་གསབ་རོགས་དངུལ་དང་། འགན་བབས་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་གི“འགན་ལེན་གསུམ” དང་གྲོང་ཁྱེར་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་བུ་ཕྲུག་གི་སློབ་ཞུགས་རོགས་དངུལ(“འགན་ལེན་གསུམ”གྱི་གྲོན་དངུལ་ཞེས་བསྡུ་རྒྱུ)གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ། 2015ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པ་ནས་བཟུང་“འགན་ལེན་གསུམ”གྱི་གྲོན་དངུལ་དེ་ད་ལྟ་ལག་བསྟར་བྱེད་མུས་ཀྱི་ཚད་གཞིའི་རྨང་གཞིའི་ཐོག་སློབ་ལོ་རེར་སློབ་མ་རེར་སྒོར་100སྤོར་རྩིས་ཡོད་པ་དེ་ཁག་སོ་སོར་ས་ཁུལ་རིགས་གཉིས་པར་སྒོར་2900དང་། ས་ཁུལ་རིགས་གསུམ་པར་སྒོར་3000ས་ཁུལ་རིགས་བཞི་པའམ་མཐའ་མཚམས་རྫོང་ཁག་ལ་སྒོར་3100བཅས་ཟིན་པ་བྱ་རྒྱུ་ཡིན། ཚད་གཞི་མཐོ་རུ་བཏང་རྗེས། སྔོན་དཔག་བྱས་ན་ལྗོངས་ཡོངས་སུ“འགན་ལེན་གསུམ”གྱི་འགྲོ་གྲོན་གཏོང་སྒོའི་སྤྱི་འབོར་སྒོར་ཁྲི་153,000ཟིན་རྒྱུ་ཡིན་པ་དང་། དེའི་ནང་2015ལོར་ནོར་སྲིད་ཀྱི་གཏོང་སྒོ་སྒོར་ཁྲི་2,700མང་དུ་སོང་བ་དེ་རང་སྐྱོང་ལྗོངས་ནོར་སྲིད་ནས་གྲངས་ཚང་སྤྲོད་འགན་འཁུར་རྒྱུ།

    2. གྲང་ངར་ཆེ་ལ་ས་ཁད་མཐོ་བའི་སློབ་གྲྭ་འབྲིང་ཆུང་གི“ཡོད་པ་བཞིའི”ལས་གཞི། གཞི་རིམ་སློབ་གྲྭ་འབྲིང་ཆུང་དུ་དྲོད་གཏོང་མ་གནས་མཐོ་བ་དང་། ཆུ་དཀོན་པ། གཟུགས་པོ་འཁྲུ་རྒྱུ་སྟབས་བདེ་མེད་པ། སྔོ་ཚལ་དཀོན་པ་བཅས་ཀྱི་གནད་དོན་ལ་དམིགས་ཏེ་གཞི་རིམ་སློབ་གྲྭའི་དགེ་སློབ་ཚོའི་གཞི་རྩའི་འཚོ་བའི་དཀའ་ངལ་དངོས་འབྲེལ་སེལ་ཐུབ་ཆེད། 2015ལོར་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་དང་ས་གནས་སྔོན་རྩིས་ནང་གི་མ་དངུལ་གཅིག་གྱུར་འཆར་འགོད་བྱས་ཏེ་གཏོང་ཆ་སྒོར་ཁྲི་20,000བཏང་ནས་གྲང་ངར་ཆེ་ཞིང་ས་ཁད་མཐོ་བའི་སློབ་གྲྭ་འབྲིང་ཆུང་ལ“ཡོད་པ་བཞིའི”ལས་གཞི(དྲོད་ལྡན་བར་ཁྱམས་ཡོད་པ་དང་། ཁྲོན་པ་ཡོད་པ། གཟུགས་འཁྲུ་ཁང་ཡོད་པ། ཚལ་དོང་ཡོད་པ)མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན།

    3.འགན་བབས་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་གི་འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་བསྟར་བྱ་རྒྱུ། རྒྱལ་ཁབ་རིམ་པའི་འཚོ་བཅུད་ལེགས་གཏོང་གི་འཆར་གཞིའི་ཚོད་ལྟ་བྱེད་པའི་རྨང་གཞིའི་ཐོགཉིན་རེར་སློབ་མ་རེར་སྒོར་4དང་ལོ་ཧྲིལ་པོར་ཉིན་200ཡི་ཚད་གཞི་གཞིར་བཟུང་། འཚོ་བཅུད་ལེགས་གཏོང་གི་འཆར་གཞིའི་ཚོད་ལྟའི་ལས་དོན་སྤེལ་ནས་དེ་རྫོང་རིམ་ཡན་གྱི་འགན་བབས་སློབ་གསོའི་སློབ་གྲྭའི་ཞིང་འབྲོག་པའི་བུ་ཕྲུག་ལའང་ཁྱབ་ཐུབ་པ་བྱས་ཏེ་འགན་བབས་སློབ་གསོའི་དུས་མཚམས་ཀྱི་ཞིང་འབྲོག་པའི་བུ་ཕྲུག་གི་འཚོ་བཅུད་ལེགས་གཏོང་གི་འཆར་གཞི་ཡོངས་སུ་ཁྱབ་ཐུབ་པ་བྱ་རྒྱུ། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་གཏོང་སྒོ་སྤྱི་འབོར་སྒོར་ཁྲི་23,000ཟིན་པ་བྱ་རྒྱུ་ཡིན་ཞིང་། འགན་བབས་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭར་ཡོད་པའི་ཞིང་འབྲོག་པའི་བུ་ཕྲུག་ཁྲི་38ལྷག་ཙམ་ལ་ཕན་པ་འཐོབ་རྒྱུ་རེད།

    བདུན། སྨན་བཅོས་འཕྲོད་བསྟེན་བྱ་གཞག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ།

    1.ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཐད་ནོར་སྲིད་ནས་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་མཐོ་རུ་གཏོང་རྒྱུ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཐད་ནོར་སྲིད་ནས་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་380ཡིན་པ་ནས་སྒོར་420ལ་སྤོར་རྩིས་ཡོད། ཚད་གཞི་མཐོ་རུ་བཏང་རྗེས་སྔོན་དཔག་བྱས་ན་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཐད་ནོར་སྲིད་ནས་ཁ་གསབ་རོགས་དངུལ་གཏོང་སྒོའི་སྤྱི་འབོར་སྒོར་ཁྲི་112,000ཟིན་རྒྱུ་ཡིན་ཞིང་། དེའི་ནང་2015ལོར་ཚད་གཞི་མཐོ་རུ་བཏང་རྗེས་ནོར་སྲིད་ཀྱི་གཏོང་སྒོ་སྒོར་ཁྲི་12,450མང་དུ་སོང་བ་དེ་རང་སྐྱོང་ལྗོངས་ནོར་སྲིད་ནས་གྲངས་ཚང་སྤྲོད་འགན་འཁུར་རྒྱུ།

    2.གྲོང་ཁྱེར་གྲོང་རྡལ་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐད་ནོར་སྲིད་ནས་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་མཐོ་རུ་གཏོང་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཐད་ནོར་སྲིད་ནས་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་340ཡིན་པ་ནས་སྒོར་380ལ་སྤོར་རྩིས་ཡོད། ཚད་གཞི་མཐོ་རུ་བཏང་རྗེས་སྔོན་དཔག་བྱས་ན་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཐད་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་གཏོང་སྒོའི་སྤྱི་འབོར་སྒོར་ཁྲི་

    10,000ཟིན་རྒྱུ་ཡིན་ཞིང་། དེའི་ནང་2015ལོར་ཚད་གཞི་མཐོ་རུ་བཏང་རྗེས་ནོར་སྲིད་ཀྱི་གཏོང་སྒོ་སྒོར་ཁྲི་1,088མང་དུ་སོང་བ་དེ་རང་སྐྱོང་ལྗོངས་ནོར་སྲིད་ནས་གྲངས་ཚང་སྤྲོད་འགན་འཁུར་རྒྱུ།

    3.མི་རེའི་ཆ་སྙོམས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཐད་ནོར་སྲིད་ནས་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་མཐོ་རུ་གཏོང་རྒྱུ། མི་རེའི་ཆ་སྙོམས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཐད་ནོར་སྲིད་ནས་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་45ཡིན་པ་ནས་སྒོར་50ལ་སྤོར་རྩིས་ཡོད། ཚད་གཞི་མཐོ་རུ་བཏང་རྗེས་སྔོན་དཔག་བྱས་ན་ལྗོངས་ཡོངས་ཀྱི་མི་རེའི་ཆ་སྙོམས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཐད་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་གཏོང་སྒོའི་སྤྱི་འབོར་སྒོར་ཁྲི་16,000ཟིན་རྒྱུ་ཡིན་ཞིང་། དེའི་ནང་2015ལོར་ཚད་གཞི་མཐོ་རུ་བཏང་རྗེས་ནོར་སྲིད་ཀྱི་གཏོང་སྒོ་སྒོར་ཁྲི་1,625མང་དུ་སོང་བ་དེ་རང་སྐྱོང་ལྗོངས་ནོར་སྲིད་ནས་གྲངས་ཚང་སྤྲོད་འགན་འཁུར་རྒྱུ།

    4.རྫོང་དང་ཤང་སྨན་བཅོས་ཚན་པར་སྒྲིག་ཆས་སྒྲིག་སྦྱོར་བྱ་རྒྱུ། རྫོང་དང་ཤང་སྨན་བཅོས་ཚན་པའི་སྨན་བཅོས་ཆུ་ཚད་དང་སྲོག་སྐྱོབ་སྨན་བཅོས་བྱེད་ནུས་མཐོ་རུ་གཏོང་ཆེད་མ་དངུལ་སྒོར་ཁྲི་10,000བཀོད་སྒྲིག་བྱས་ཏེ་རྫོང་དང་ཤང་སྨན་བཅོས་ཚན་པར་སྨན་བཅོས་སྒྲིག་ཆས་སྒྲིག་སྦྱོར་བྱེད་རྩིས་ཡོད།

    5.ཕྲུ་གུ་དབང་པོ་སྐྱོན་ཅན་མི་སྐྱེ་བ་བྱ་རྒྱུའི་ལས་གཞི། ཕྲུ་གུ་དབང་པོ་སྐྱོན་ཅན་རིགས་སྐྱེ་བའི་ཉེན་ཁ་ཆུང་དུ་བཏང་སྟེ་ཕྲུ་གུ་སྐྱེ་རྒྱུ་ཡོད་པའི་ཁྱིམ་ཚང་སྔར་བས་བདེ་སྐྱིད་ལྡན་པ་དང་། མི་སྤུས་དག་ཏུ་བཏང་ནས་སྐྱེ་གསོ་གཉིས་ལེགས་ཡོང་བར་སྐུལ་འདེད་གཏོང་ཆེད། 2015ལོར་མ་དངུལ་སྒོར་ཁྲི་1,757བཀོད་སྒྲིག་བྱས་ཏེ་ཕྲུ་གུ་མ་འཁོར་གོང་རིན་པ་མི་དགོས་པར་བདེ་ཐང་བརྟག་དཔྱད་བྱེད་པའི་རྣམ་གྲངས་ལས་དོན་སྤེལ་བའི་རྨང་གཞིའི་ཐོག བཟའ་ཚོ་10000ལ་ཕྲུ་གུ་མ་འཁོར་གོང་དང་ཕྲུ་གུ་འཁོར་རིང་བདེ་ཐང་དཔྱད་བཅོས་ཀྱི་ལས་དོན་སྤེལ་རྩིས་ཡོད།

    བརྒྱད། རྫོང་རིམ་པའི་སྐུད་ཡོད་བརྙན་འཕྲིན་གྲངས་འཛིན་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་གཏོང་རྒྱུ།

    མ་དངུལ་སྒོར་ཁྲི་17,424བཀོད་སྒྲིག་བྱས་ཏེ་རྫོང་རིམ་པའི་སྐུད་ཡོད་བརྙན་འཕྲིན་གྲངས་འཛིན་ཅན་དུ་འགྱུར་རྒྱུའི་འཕེལ་རིམ་ལ་སྐུལ་སྤེལ་གཏོང་རྩིས་ཡོད་ཅིང་། དེའི་ནང་རྣམ་གྲངས་འཛུགས་སྐྲུན་ཐད་མ་དངུལ་སྒོར་ཁྲི་16,124དང་འོད་སྐུད་བོགས་ལེན་བརྒྱུད་གཏོང་བྱ་རྒྱུའི་ཐད་མ་དངུལ་སྒོར་ཁྲི་1,300གཏོང་རྒྱུ། རང་སྐྱོང་ལྗོངས་དང་། ས་གནས(གྲོང་ཁྱེར) རྫོང་བཅས་ནས་ཁག་སོ་སོར་50%དང་། 40% 10%བཅས་ཀྱི་བསྡུར་གྲངས་གཞིར་བཟུང་འགན་འཁུར་རྒྱུ། ལོ་འཁོར་དབྱེ་ནས་ལག་བསྟར་བྱ་རྒྱུའི་རྩ་དོན་གཞིར་བཟུང་2015ལོར་སྔོན་རྩིས་ནང་རང་སྐྱོང་ལྗོངས་ནས་ཁ་གསབ་རོགས་དངུལ་སྒོར་ཁྲི་5,300བཀོད་སྒྲིག་བྱ་རྒྱུ།

    དགུ ཞིང་འབྲོག་མང་ཚོགས་ཀྱི་ཚན་རྩལ་ཆེད་མངགས་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ།

    ཞིང་འབྲོག་མང་ཚོགས་ཀྱི་ཚན་རྩལ་ཆེད་མངགས་པར་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་མཐོ་རུ་གཏོང་བ་དང་ཁེབས་རྒྱ་ཆེ་རུ་བཏང་སྟེ་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཚང་མར་ཞིང་འབྲོག་ཚན་རྩལ་ཆེད་མངགས་པ་ཁེབས་པ་བྱ་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ཞིང་འབྲོག་མང་ཚོགས་ཀྱི་ཚན་རྩལ་ཆེད་མངགས་པར་འཚོ་བའི་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་གཏོང་སྒོའི་སྤྱི་འབོར་སྒོར་ཁྲི་6,700ཟིན་པ་བྱ་རྒྱུ་ཡིན།

    བཅུ། དངུལ་རྩའི་དམངས་ཕན་ལས་གཞི།

    མ་དངུལ་སྒོར་ཁྲི་6,000བཀོད་སྒྲིག་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲངས་ཉུང་དངུལ་བུན་གྱི་ཁག་ཐེག་འགན་བཅོལ་བྱས་རིན་ལ་ཁ་གསབ་སྤྲོད་པའི་ལམ་ལུགས་དང་གྲངས་ཉུང་དངུལ་བུན་ཁག་ཐེག་གི་ཁ་གསབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཐོག གྲོང་ཁྱེར་དང་གྲོང་གསེབ་ཀྱི་བུད་མེད་དང་དབང་པོ་སྐྱོན་ཅན་མི་སྣས་དངུལ་བུན་གཡར་དཀའ་བའི་གནད་དོན་ཞི་ལྷོད་དུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བུད་མེད་དང་དབང་པོ་སྐྱོན་ཅན་མི་སྣས་བྱ་གཞག་གསར་གཏོད་དང་ལས་ཞུགས་བྱ་རྒྱུའི་ཐད་དངུལ་རྩའི་ཐོག་ནས་རྒྱབ་སྐྱོར་བྱེད་ནུས་ཆེ་རུ་གཏོང་རྒྱུ་ཡིན།

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།