དབུ་ཤོག>སྲིད་དོན།
  • 2014ལོའི་བོད་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤང་གྲོང་རྡལ་མིང་འདོགས་རྩིས་ཡོད་པའི་སྤྱི་བསྒྲགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-02-11

    རང་ལྗོངས་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་མཚོན་སྐྲུན་རྒྱུ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ལས་དོན་ཤུགས་ཆེར་སྤེལ་ཆེད《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཤང་གྲོང་རྡལ་སྙན་འབུལ་དང་དོ་དམ་གཏན་འབེབས(ཚོད་ལྟར་སྤྱོད་རྒྱུ)》རེ་བ་གཞིར་བཟུང་ངེད་ཐིང་གིས་2014ལོར་སྙན་འབུལ་ཞུས་པའི་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤང་གྲོང་རྡལ་ལྷོ་ཁ་ས་ཁུལ་གྱི་ཤང་གྲོང་རྡལ་10ལ་བསྐྱར་ཞིབ་བྱས་ནས་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤང་གྲོང་རྡལ་གྱི་གཞི་རྩའི་ཆ་རྐྱེན་དང་འཛུགས་སྐྲུན་དམིགས་ཚད་ལ་སླེབས་པའི་ཤང་གྲོང་རྡལ་10ལ་མིང་འདོགས་རྩིས་ཡོད། ད་ལྟ་སྤྱི་བསྒྲགས་སྤེལ་ནས་སྤྱི་དམངས་ནས་བསམ་འཆར་བསྡུ་ལེན་བྱེད་རྒྱུ་ཡིན།

    གཅིག སྤྱི་བསྒྲགས་དུས་ཚོད།

    2015ལོའི་ཟླ་2ཚེས་10ཉིན་ནས་2015ལོའི་ཟླ་3ཚེས་2ཉིན་བར།

    གཉིས། འབྲེལ་གཏུག་བྱ་ཐབས།

    སྤྱི་བསྒྲགས་བྱེད་རིང་གཤམ་གསལ་འབྲེལ་གཏུག་བྱ་ཐབས་བཙུགས་ནས་ཡིག་བསྐུར་ངོ་བཅར་དང་ཁ་པར་བརྒྱབ་པར་བདག་སྤྲོད་དང་སྣེ་ལེན་བྱེད་རྒྱུ་ཡིན།

    བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་། རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ཁྲུའུ།

    འབྲེལ་གཏུག་བྱེད་ཡུལ། ཅང་ཞའོ་ལན།

    ཁ་པར། 0891-6849042

    བརྙན་སྐྱེལ། 0891-6849041

    གློག་འཕྲིན་སྒམ། stc6834642@163.com

    སྦྲགས་ཨང་། 850000 འཕྲིན་གཏོང་ས་གནས། ལྷ་ས་གྲོང་ཁྱེར་བཅིངས་འགྲོལ་ལམ་ཨང་26པ།

    བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་། སྒྲིག་བཤེར་ལྟ་ཞིབ་ཐིང་།

    འབྲེལ་གཏུག་བྱེད་ཡུལ། ངག་དབང་བསོད་ནམས།

    ཁ་པར། 0891-6849005

    གསུམ། རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤང་གྲོང་རྡལ་སྤྱི་བསྒྲགས་མིང་ཐོ(10)

    ལྷོ་ཁ་ས་ཁུལ། (10)

    སྣེ་གདོང་རྫོང་། 1 、སྐྱེད་པ་ཤང་།

    འཕྱོངས་རྒྱས་རྫོང་། 2、 རྒྱལ་སྨན་ཤང་།

    གྲ་ནང་རྫོང་། 3、གྲ་ཐང་གྲོང་རྡལ།

    ལྷོ་བྲག་རྫོང་། 4、ལྷ་ཁང་གྲོང་རྡལ།

    ལྷུན་རྩེ་རྫོང་། 5、 ཡུལ་སྨད་ཤང་། 6、ཙ་རི་ཤང་།

    མཚོ་སྣ་རྫོང་། 7、ལམ་ཕུག་ཤང་། 8、ཀོང་རི་མོན་པ་མི་རིགས་ཤང་། 9、མཚོ་སྣ་གྲོང་རྡལ།

    རྒྱ་ཚྭ་རྫོང་། 10、 རྒྱ་ཚྭ་གྲོང་རྡལ།

    བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་།

    2015ལོའི་ཟླ་2ཚེས་9ལ།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།