དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-01-31

    222.jpg

    འདི་ནི་བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ་ལས་དོན་པའི་ངོ་སྤྲོད་ནན་ཏན་ངང་གསན་པ་དང་འབྲེལ་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལས་དོན་སྤེལ་ཚུལ་ཤེས་རྟོགས་གནང་བའི་གནས་ཚུལ་ཡིན་པ།

    ཟླ་5ཚེས་5ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་འཕྲོད་བསྟེན་ཁོངས་གཏོགས་སུ་ཕེབས་ནས་རྫོང་རིམ་པའི་སྨན་ཁང་གི་ཚད་གཞི་ཅན་འཛུགས་སྐྲུན་དང་གཞི་རིམ་སྨན་བཅོས་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་ལས་དོན་གྱི་སྙན་ཞུ་གསན་པ་རེད།

    སྟོད་ལུང་བདེ་ཆེན་རྫོང་མི་དམངས་སྨན་ཁང་ཧྲིལ་པོ་གནས་སྤོས་བྱས་པ་དང་འབྲེལ་ཚད་གཞི་ཅན་གྱི་འཛུགས་སྐྲུན་ལག་བསྟར་བྱས་རྗེས་སྨན་ཁང་གི་མཉེན་ཆས་དང་མཁྲེགས་ཆས་ལེགས་སུ་ཆེས་ཆེར་ཕྱིན་པ་དང་སྨན་ཁང་གཉེར་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད།བློ་བཟང་རྒྱལ་མཚན་ཁོའོ་དང་ཁང་ཁག་ཏུ་ཕེབས་ནས་ཞིབ་བཤེར་ནན་ཏན་གནང་སྟེ་སྨན་ཁང་ཚད་གཞི་ཅན་གྱི་འཛུགས་སྐྲུན་དང་།སྨན་བཅོས་ཞབས་ཞུ།ཤེས་ལྡན་པ་བཀོད་སྒྲིག་སོགས་བྱས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད།“རྫོང་སྨན་ཁང་གི་ཚད་གཞི་ཅན་འཛུགས་སྐྲུན་དང་ནང་སའི་དབར་ཧེ་བག་གང་དག་ཡོད་དམ”“གཞི་རིམ་གྱི་སྨན་བཅོས་ལས་དོན་ཐད་གྲོས་འགོ་ཡག་པོ་འདོན་རྒྱུ་ཡོད་དམ”སྐྱེ་དངོས་བརྟག་དཔྱད་ཁང་དང་གཤགས་བཅོས་ཁང་དུ་བློ་བཟང་རྒྱལ་མཚན་གྱིས་ཁག་བདུན་པའི་ལག་རྩལ་བོད་སྐྱོར་མི་སྣ་དང་བྱམས་བརྩེའི་གླེང་མོལ་གནང་ནས་རང་འགུལ་ངང་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཁོང་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་མིག་སྔར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་7བསྐྲུན་པར་གྲོང་ཁྱེར་གྱི་སྡེ་ཁུལ་དུ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཁྱོན་ཡོངས་ནས་ཁྱབ་པའི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་བ་རེད།བློ་བཟང་རྒྱལ་མཚན་སྔ་རྗེས་སུ་བར་སྐོར་དང་།དར་དམར།གྲྭ་བཞི་སྡེ་ཁུལ་བཅས་ཀྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ་ཕེབས་ནས་ཁོའོ་དང་ཁང་རེ་རེ་བཞིན་ལ་གཟིགས་པ་དང་།ལས་དོན་པའི་ངོ་སྤྲོད་ནན་ཏན་ངང་གསན་པ།སྨན་བཅོས་རིགས་གཅིག་མཁས་ཅན་གྱི་བསམ་འཆར་རང་འགུལ་ངང་བསྡུ་ལེན་གནང་བ།མང་ཚོགས་དང་བྱམས་བརྩེའི་གླེང་མོལ་གནང་བ།ཐབས་ལམ་མང་པོའི་ཐད་ནས་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལས་དོན་སྤེལ་ཚུལ་ཤེས་རྟོགས་གནང་བ་བཅས་རེད།སྨན་པ་བསྟེན་པར་ཡོང་མཁན་མང་ཚོགས་ཀྱིས་སྡེ་ཁུལ་གྱི་སྨན་ཁང་གྱིས་དམངས་ལ་ཕན་འདོགས་པ་དང་དམངས་ལ་སྟབས་བདེ་བསྐྲུན་པས་སྙིང་དབུས་ནས་བློ་ཡིད་ཚིམས་པོ་བྱུང་ལ་དགའ་བསུའང་ཞུ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།དེ་དག་གསན་རྗེས་བློ་བཟང་རྒྱལ་མཚན་དགྱེས་ཚོར་ཆེན་པོ་བྱུང་བ་དང་ཁོང་གིས་མང་ཚོགས་ཀྱི་རེ་འདུན་བཟང་པོ་དང་རེ་སྒུག་ནི་ང་ཚོའི་འབད་བརྩོན་བྱེད་ཕྱོགས་དང་ལས་ཀའི་སྒུལ་ཤུགས་ཡིན་པས་གཞི་རིམ་འཕྲོད་བསྟེན་གྱི་ཞབས་ཞུའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཐོག་མི་དམངས་མང་ཚོགས་དང་ལྷག་པར་དུ་ཞིང་འབྲོག་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བདེ་ཐང་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    བརྟག་ཞིབ་ཁྲོད་བློ་བཟང་རྒྱལ་མཚན་གྱིས་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་འགྲོ་བར་ཚད་མཐོའི་གདེང་འཇོག་གནང་བ་དང་འབྲེལ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྨན་བཅོས་འཕྲོད་བསྟེན་ལས་དོན་པར་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།ཁོང་གིས་2020ལོར་སླེབས་སྐབས་རང་ལྗོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་མཉམ་པར་བྱ་རྒྱུ་དེ་ཀྲུང་དབྱང་གིས་དཀྲིས་པའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་ལ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་རེ་སྒུག་ཟབ་མོའང་ཡིན་སྟབས་ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཁོངས་གཏོགས་ཀྱིས་ངེས་པར་དུ་དམིགས་ཚད་ལས་འགན་དེ་དམ་པོར་འཛིན་ནས་གཙོ་གནད་མངོན་གསལ་དོད་པོ་དང་།དཀའ་གནད་ཚད་བརྒལ།འབད་འབུངས་ཆེར་བསྐྱེད།གསར་འབྱེད་གསར་གཏོད་བཅས་བྱས་ཐོག་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།གཅིག་ནས་གཞི་རིམ་སྨན་བཅོས་ཞབས་ཞུའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ལེགས་ལྡན་སྨན་བཅོས་ཐོན་ཁུངས་དེ་གཞི་རིམ་དང་ཞིང་འབྲོག་ཁུལ་དུ་ཕྱོགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་།གཉིས་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུ་གོ་སྐབས་སུ་བྱས་ཏེ་སྨན་པའི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་དགོས་པ།གསུམ་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ནང་གི་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི“ལོ་ལྔ་ཚན་བཅུ་གསུམ་པའི”འཕེལ་རྒྱས་འཆར་འགོད་སྔ་ས་ནས་ཡག་པོ་འདིང་དགོས་པ།བཞི་ནས་ལས་ཀའི་འགན་ནུས་སྔར་བས་གསེད་དཀྲོལ་བྱས་ཏེ་ཚན་ཁག་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཐོག་རང་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་ཞབས་ཞུ་དེ་བས་ཡག་པ་བྱེད་དགོས་པ།ལྔ་ནས་མ་དངུལ་བསྡུ་སྒྲིལ་བྱས་ཏེ་སྒྲིལ་ཤུགས་ཆགས་པ་བྱས་ཐོག་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་སུ་བཏང་བའི་མ་དངུལ་གྱི་ཕན་འབྲས་ཆེ་ཤོས་འདོན་སྤེལ་ཡག་པོ་བྱེད་དགོས་པ་བཅས་བསྟན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།