དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱིས་སྐབས་དང་པོའི་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་མིང་འདོགས་པའི་ཚོགས་ཆེན་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-01-31

    111.jpg

    འདི་ནི་ཟླ་4ཚེས་18ཉིན་ལོ་82ལ་སོན་པའི་ལྷ་འབྲི་བ་ཀརྨ་བདེ་ལེགས(གཡས་ཀྱི་གཉིས་པ)ཀྱིས་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་ལག་ཁྱེར་ལེན་པའི་གནས་ཚུལ་ཡིན་པ།

    ཚེས་18ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྐབས་དང་པོའི་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་མིང་འདོགས་པའི་ཚོགས་ཆེན་འཚོགས་ནས་ཀརྨ་བདེ་ལེགས་སོགས་རང་ལྗོངས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་རྒྱུན་འཛིན་པ་25ལ“བོད་རང་སྐྱོང་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི”གཟི་བརྗིད་མཚན་སྙན་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་མིང་འདོགས་པའི་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    བློ་བཟང་རྒྱལ་མཚན་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་མཚན་སྙན་ཐོབ་མཁན་ལ་ཁ་བཏགས་གཡོགས་པ་དང་ལག་ཁྱེར་གནང་བ་མ་ཟད་ལྗོངས་ཡོངས་ཀྱི་བཟོ་རྩལ་མཛེས་རྩལ་ལས་དོན་པར་བྱམས་བརྩེའི་འཚམས་འདྲི་གནང་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་སྔར་ནས་བཟུང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རིག་གནས་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་རང་ལྗོངས་ཀྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཏེ་རང་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་བྱ་གཞག་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།རང་སྐྱོང་ལྗོངས་འབྲེལ་ཡོད་སྡེ་ཚན་གྱི་སྐུལ་འདེད་ཤུགས་ཆེན་འོག་ལག་རྩལ་བྱང་ཆུབ་པའི་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་ཁག་གཅིག་ཐོན་པ་དང་མཚོན་བྱེད་རང་བཞིན་ལྡན་པའི་ཕུལ་བྱུང་བརྩམས་ཆོས་འབོར་ཆེན་ཞིག་གཅིག་རྗེས་གཉིས་མཐུད་ངང་ཐོན་ནས་རང་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་ལེཌ་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་གནད་དོན་འགའ་ཞིག་སྐོར་གྱི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གཏན་འབེབས་དང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ལག་བསྟར་བསམ་འཆར་ནང་རང་ལྗོངས་ཀྱི་བཟོ་རྩལ་མཛེས་རྩལ་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་གཏོང་ཆེད་དེ་བས་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལམ་དང་ཁོར་ཡུག་བཏོད་ཡོད།ང་ཚོས་ཀྲུང་ཧྭ་ཡི་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན་དང་འཛམ་གླིང་ཡུལ་སྐོར་དམིགས་ས་གལ་ཆེན་གཏོད་རྒྱུར་དམ་པོར་དམིགས་ནས་བཟོ་རྩལ་མཛེས་རྩལ་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་རང་ལྗོངས་ཀྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི་ཐོན་ལས་ཞིབ་ཚགས་ལ་གཏིང་ཟབ་པ་དང་སྟོབས་ཆེར་གཏོང་དགོས་པ་སྟེ།གཅིག་ནས་ཁྱད་ལྡན་ལེགས་ཆ་སྔོག་འདོན་བྱེད་པ་དང་།གཉིས་ནས་ཐོན་ལས་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་གཏོང་བ།གསུམ་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།