དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་བོད་ཀྱི་རྩིས་བཤེར་ལས་དོན་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-01-31

    ཚེས་23ཉིན་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་རྩིས་བཤེར་ལས་དོན་ཚོགས་འདུ་འཚོགས་ཏེ《རྩིས་བཤེར་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》དང་ཙུང་ལི་ལི་ཁེ་ཆང་གིས་རྩིས་བཤེར་ལས་དོན་ཐད་གནང་བའི་གལ་ཆེའི་མཛུབ་སྟོན་ལག་བསྟར་དོན་འཁྱོལ་བྱས་པ་དང་།2014ལོའི་རྩིས་བཤེར་ལས་དོན་ལ་ཕྱོགས་སྡོམ་དང་དུས་བབ་གསར་པའི་འོག་གི་རྩིས་བཤེར་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པ་དང་།སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ།ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ།ཁྱོན་ཡོངས་ནས་ཏང་ནན་པོ་སྐྱོང་བ་བཅས་བྱེད་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་གི་སྤྱི་འདོམས་དང་ཁ་ཕྱོགས་ཤིག་རེད།རྩིས་བཤེར་ལས་དོན་ཐད་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་རྒྱལ་ཡོངས་རྩིས་བཤེར་ལས་དོན་ཚོགས་འདུ་དང་ཙུང་ལི་ལི་ཁེ་ཆང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས“ཁྱོན་ཡོངས་བཞི”ལ་སྐུལ་སྤེལ་གཏོང་བའི་བརྒྱུད་རིམ་ནང་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་པ་དང་ལེགས་སྐྱེལ་དེ་བས་ཆེ་བ་འབུལ་ཐུབ་པ་བྱེད་དགོས།འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་བརྒྱུད་རིམ་ནང་ལས་དོན་ཧུར་ཐག་བསྒྲུབས་ནས་རྩིས་བཤེར་ལས་དོན་སྒྲུབ་ནུས་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་རྩིས་བཤེར་ལྟ་སྐུལ་འགན་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པ་དང་།སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བརྒྱུད་རིམ་ནང་རང་འགུལ་ངང་ལས་དོན་བསྒྲུབས་ནས་དཔལ་འབྱོར་སྒྱུར་བཅོས་ཁག་ལ་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་ཉམས་འགྱུར་གསར་པ་མངོན་པ་བྱེད་དགོས་པ།ཁྲིམས་ལྟར་བོད་སྐྱོང་རྒྱུར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ལས་དོན་ཧུར་ཐག་སྒྲུབ་པ་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་དབང་ཆ་གང་བྱུང་དུ་སྤྱོད་པ་དང་དབང་ཆར་བརྟེན་ནས་སྒེར་ཕན་གཉེར་བ་སོགས་ཀྱི་བྱེད་སྤྱོད་ཤེས་རྟོགས་དང་ཐེར་འདོན་མཁས་པོ་བྱས་ཏེ་ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་ཧུར་ཐག་འཇོག་དགོས་པ།ཁྱོན་ཡོངས་ནས་ཏང་ནན་པོ་སྐྱོང་བའི་བརྒྱུད་རིམ་ནང་བྱས་རྗེས་འཇོག་ཐུབ་པ་བྱས་ནས་རྩིས་བཤེར་ལས་དོན་ཐད་ཁུག་ཆ་མེད་པ་དང་།ཁྱོན་ཡོངས་ལ་ཁྱབ་པ།ཐར་པར་མི་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་ཏང་གི་རུལ་རྒོལ་གཙང་སྤེལ་ལས་དོན་དང་སྐོར་ཞིབ་ལས་དོན་ནང་ཧུར་ཐག་ཞུགས་ཐོག་རང་ལྗོངས་ཀྱི་ཏང་འཛུགས་ལས་དོན་ལ་སྐུལ་སྤེལ་གཏོང་བའི་ཐད་ལེགས་སྐྱེས་གསར་པ་ཧུར་ཐག་འབུལ་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་ལྗོངས་ཡོངས་ཀྱི་རྩིས་བཤེར་ལས་དོན་གྱི་འཐབ་ཕྱོགས་དང་པོར་ལས་དོན་སྒྲུབ་མཁན་ཚོས་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་མཁན་དང་།སྤྱི་པའི་མ་དངུལ་སྲུང་སྐྱོང་མཁན།དབང་ཆ་འཁོར་རྒྱུག་གི“འཆིང་སྔགས” རུལ་སུངས་ལ་ངོ་རྒོལ་གྱི་རལ་གྲི་རྣོ་པོ་དང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྒུལ་ཤུགས་བཅས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་ལྗོངས་ཡོངས་ཀྱི་རྩིས་བཤེར་ལས་དོན་གྱི་རྣམ་པ་གསར་པ་ཤུགས་ཆེན་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    མཇུག་ཏུ་བློ་བཟང་རྒྱལ་མཚན་གྱིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་རྩིས་བཤེར་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་ནས་མི་གང་རུང་ཞིག་གིས་འགན་དབང་སྤྱད་དེ་ཁྲིམས་ལྟར་རྩིས་བཤེར་ལས་དོན་སྤེལ་རྒྱུར་འགོག་རྐྱེན་བཟོ་མི་ཆོག་ཅེས་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ད་དུང་ལྗོངས་ཡོངས་ཀྱི་ཕུལ་བྱུང་རྩིས་བཤེར་རྣམ་གྲངས་དང་རྩིས་བཤེར་ལས་དོན་གྱི་སྔོན་ཐོན་ཚན་པ་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།