དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2015-01-31

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཉེ་ཆར་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོཌ་འདུ་གཙོ་སྐྱོང་གནང་ནས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུཌ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང《བོད་ཀྱི“གཙང་པོ་གཉིས་དང་ཆུ་བོ་བཞི”འབབ་རྒྱུད་ཀྱི་ནཌ་གསོ་སྔོ་འགྱུར་ལས་གྲྭའི་འཆར་འགོད(2014—2030ལོ་བར)》གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་སྟེ་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ་རེད།

    ཚོགས་འདུའི་ཐོག་2013ལོའི་ཟླ་2ཚེས་14ཉིན་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་ཐེངས་དང་པོར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་ནས་བཟུང“གཙང་པོ་གཉིས་དང་ཆུ་བོ་བཞི”འབབ་རྒྱུད་ཀྱི་ནགས་གསོ་སྔོ་འགྱུར་ལས་གྲྭའི་འཆར་འགོད་བཟོ་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་དང་ཏན་ཏིག་ངང་སྤེལ་ནས་ཚོད་ལྟའི་ལས་དོན་ཧུར་ཐག་སྤེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་ངོས་འཛིན་གནང་བ་རེད།ཚོགས་འདུའི་ཐོག“གཙང་པོ་གཉིས་དང་ཆུ་བོ་བཞི”འབབ་རྒྱུད་ཀྱི་ནགས་གསོ་སྔོ་འགྱུར་ལས་གྲྭ་འཛུགས་སྐྲུན་འཆར་འགོད་ཁྲོད་ནགས་གསོ་སྔོ་འགྱུར་མུའུ་ཁྲི་1000ལྷག་ཙམ་བྱས་པ་དང་རྒྱུན་འཁྱོངས་ལྷོད་མེད་ངང་འབད་བརྩོན་བྱས་པ་བརྒྱུད་བོད་ཀྱི་ཆུ་རྒྱུན་གཙོ་བོར་ཁྱབ་པ་དང་།སྡོང་རིང་དང་།སྡོང་ཐུང་།རྩྭ་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པ།ཆུ་རྒྱུན་ནགས་ཚལ་དང་།ཞིང་ནང་ནགས་དྲ།ཐོགས་མེད་བགྲོད་ལམ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ནགས་ཚལ་བཅས་མཐུན་སྦྱོར་ངང་བཀོད་སྒྲིག་བྱེད་པའི་ནགས་ཚལ་གྱི་སྣོད་བཅུད་མ་ལག་གཞི་རྩའི་ཆ་ནས་སྐྲུན་ཐུབ་པའི་བརྩོན་ལེན་བྱེད་པ་དང་ཆབ་མདོའི་གཙང་གསུམ་འབབ་རྒྱུད་ཀྱི་ནགས་གསོ་སྔོ་འགྱུར་འཆར་འགོད་སྔར་བས་འཐུས་ཚང་དུ་གཏོང་དགོས་ཞེས་བཏོན་གནང་བ་རེད།ཚོགས་འདུའི་ཐོག་མི་རྩ་བར་འཛིན་པ་དང་ཞི་མཐུན་འཕེལ་རྒྱས་གཏོང་བ་དང་།ཡུལ་བབ་དང་བསྟུན་པ་དང་རིགས་དབྱེའི་མཛུབ་ཁྲིད་བྱེད་པ།སྤྱི་འདོམས་གཅིག་ལྕོགས་ལྟ་རྟོག་དང་གཙོ་གནད་མངོན་གསལ་དོད་པོ་བྱེད་པ།རང་བྱུང་ཁམས་ལ་བརྩི་འཇོག་དང་ནགས་གསོ་དང་རི་རྒྱ་བསྡམས་པའི་བྱེད་ཐབས་མཉམ་སྤྱོད་བྱེད་པ།སྔོན་སླ་རྗེས་དཀའ་དང་རིམ་བཞིན་སྐུལ་འདེད་གཏོང་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཐོག་འཆར་འགོད་དམིགས་ཚད་ཀྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྤྱི་ཡོངས་ཀྱི་བཀོད་པའི་ནང་བཅུག་པ་དེ་ནི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བར་ཐབས་ཇུས་འགངས་ཆེན་བཏོན་གནང་བ་ཞིག་རེད།བསམ་བློ་དང་བྱ་སྤྱོད་དེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ནས་ནུས་པ་ཆེན་པོ་འདོན་པ་དང་བྱས་རྗེས་ཆེན་པོ་བཞག་ནས་བོད་ཀྱི་གནམ་དེ་བས་སྔོ་བ་དང་།ཆུ་མོ་དེ་བས་དྭངས་བ།རི་བོ་དེ་བས་སྔོ་ལྗང་།ས་གཞི་དེ་བས་གཙང་བ་བཅས་ཡོང་བའི་འགན་ལེན་བྱེད་དགོས།གཅིག་ནས་ཁྲིམས་སྐྱོང་བསམ་ཕྱོགས་ལག་བསྟར་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་གི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱེད་དགོས་པ་དང་།གཉིས་ནས་སྒྱུར་བཅོས་ཀྱི་སྙིང་སྟོབས་ཁྱབ་གདལ་བཏང་སྟེ་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱེད་དགོས་པ།གསུམ་ནས་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་འཚོའི་གཟི་བསོད་ཆེ་རུ་གཏོང་དགོས་པ།བཞི་ནས་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་མངོན་གསལ་དོད་དུ་བཏང་སྟེ་མི་དང་རང་བྱུང་ཁམས་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།