དབུ་ཤོག>ཆེད་སྒྲིག>ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱི་དམངས་ཅན།>གསར་འགྱུར་ནང་དོན།
  • མི་ཚང་མས་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་ཐུབ་པར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-07-01

    དུས་རབས་གསར་པའི་བོད་དུ་རི་ཀླུང་ལྟ་ན་སྡུག་པ་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཡོད། བོད་དུ་འཚོ་བ་སྐྱེལ་ཞིང་བོད་ཀྱི་ཆེད་དུ་འབད་འཐབ་དང་བོད་ལ་དགའ་ཞེན་བྱེད་མཁན་ཚང་མ་ནི་བོད་ཀྱི་གཏམ་རྒྱུད་ཀྱི་བདེན་དཔང་བ་དང་གསར་རྩོམ་མཁན་ཤ་སྟག་ཡིན་པ་མ་ཟད། དེ་བས་ངོ་གནོང་མི་དགོས་པའི་བོད་ཀྱི་གཏམ་རྒྱུད་ཤོད་མཁན་ཡང་ཡིན།

    མི་མང་པོས་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་ནི་དྲིལ་བསྒྲགས་ལས་དོན་པ་དང་རིག་རྩལ་གསར་རྩོམ་པ་ཁོ་ནའི་འགན་འཁྲི་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དོན་དུ་འདི་ལྟར་ག་ལ་ཡིན་ཏེ། ཆེས་ཡིད་སེམས་འགུལ་བའི་གཏམ་རྒྱུད་ཤོད་སྟངས་ནི་ནམ་ཡང་ཚིག་རྒྱན་མཛེས་པོ་ལས་བྱུང་བ་ཞིག་མིན་པར་དངོས་ཡོད་ཀྱི་འཚོ་བ་ལས་བྱུང་བ་ཞིག་ཡིན། ས་མཐོར་གནས་བཅའ་བའི་མི་རིགས་ཁག་གི་མང་ཚོགས་ཀྱི་ངོས་ནས་བརྗོད་ན། འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་དུ་ཕྱིན་པ་དེ་ནི་མི་སེམས་འགུལ་ཤོས་ཀྱི་གཏམ་རྒྱུད་ཅིག་རེད། དེ་ཡང་འདམ་རྫབ་ཀྱིས་ཁེངས་པའི་ས་ལམ་ནས་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་ས་མཐོའི་ལམ་དྲའི་མ་ལག་བར་དང་། གནམ་ཆུ་བསྒུགས་པ་ནས་གང་སར་ཁྱད་ལྡན་ཐོན་ལས་དར་བའི་བར། ཆ་འཕྲིན་གསང་པོ་མེད་པ་ནས་བྱ་དངོས་ཡོད་རྒུ་མཉམ་དུ་སྦྲེལ་བའི་བར། སྡོད་ཁང་ཐབས་ཆག་ནས་བདེ་སྡོད་ཁང་བཟང་བར་བཅས་ཁྱིམ་ཚང་ཚང་མའི་འཚོ་བར་ངོ་བོའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་འདི་དག་ནི་བོད་འཕེལ་རྒྱས་དང་ཡར་ཐོན་བྱུང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། རྒན་རྒོན་ཚོས་དཀའ་སྡུག་མྱོང་བ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་དངོས་སུ་བརྒྱུད་མྱོང་བ་དང་། གཞོན་ནུ་ཚོས་ས་མཐོའི་དེང་རབས་ཅན་འཛུགས་སྐྲུན་གྱི་དབྱར་མཚོ་རྒྱས་པ་ལྟ་བུའི་རྣམ་པར་དཔང་པོ་བྱེད་པ། བྱིས་པ་ཚོ་དུས་རབས་གསར་པའི་ཉི་གཞོན་འོག་བདེ་ཐང་ངང་འཚར་ལོངས་ཡོང་བཞིན་ཡོད། སྤྱིར་བཏང་འཚོ་བའི་ཁྲོད་ཀྱི་མཛེས་སྡུག་ལྡན་པའི་དོན་ཆུང་འདི་དག་ལས་དུས་རབས་གསར་པའི་མི་སེམས་འགུལ་བའི་བོད་ཀྱི་གཏམ་རྒྱུད་གྲུབ་ཡོད།

    བརྟན་སྲུང་དང་ལེགས་སྐྱེས་འབུལ་བ་ནི་བོད་ཀྱི་གཏམ་རྒྱུད་ཀྱི་མི་སེམས་འགུལ་ཤོས་ཀྱི་རང་མདངས་ཡིན་ཞིང་། འབད་འཐབ་པ་གྲངས་མེད་ཀྱིས་དངོས་སྒྲུབ་ལ་བརྟེན་ནས་ས་མཐོའི་ལེའུ་གསར་པ་མུ་མཐུད་རྩོམ་བཞིན་ཡོད། གཞི་རིམ་དུ་གཞི་ཚུགས་པའི་ལས་བྱེད་པས་གྲོང་གསེབ་དང་འབྲོག་ཁུལ་དུ་ལས་ལ་བྲེལ་བཞིན་ཡོད་ཅིང་། ཁོང་ཚོས་ལས་གནས་ཐོག་གཞི་ཚུགས་ཏེ་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་། དཀའ་ངལ། འཕྲལ་མཁོ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་བཞིན་ཡོད། མཐའ་མཚམས་སྲུང་མཁན་འབྲོག་པས་གངས་ལྗོངས་ཀྱི་མཐའ་མཚམས་བརྟན་པོར་སྲུང་བཞིན་ཡོད་ཅིང་། ཁོང་ཚོས་རི་ཀླུང་ཁྱིམ་དུ་བརྩི་བ་དང་བརྟན་སྲུང་ལ་བརྟེན་ནས་རྩ་ཆེའི་རྒྱལ་ཁབ་ཀྱི་ས་ཆ་སྦར་མོ་གང་ཙམ་ལ་ཡང་སྲུང་སྐྱོང་གིས་རྒྱལ་གཅེས་མཐའ་སྲུང་གི་ཐོག་མའི་བསམ་འདུན་ལག་ལེན་བསྟར་བཞིན་ཡོད། བོད་སྐྱོར་ལས་དོན་པས་ཕ་ཡུལ་ཐག་རིང་དུ་བཞག་ནས་ས་མཐོར་ཡོང་སྟེ་བརྩེ་སེམས་ཟབ་མོས་ལེགས་སྐྱེས་འབུལ་བ་དང་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་ཏེ། མཐའ་མཚམས་འཕེལ་རྒྱས་ཀྱི་སྤུས་འབྲས་ལེགས་གཉེར་ལ་རམ་འདེགས་བྱེད་བཞིན་ཡོད། ལས་རིགས་ཁག་གི་ངལ་རྩོལ་པ་དཀྱུས་མས་འབད་འབུངས་ཡར་བརྩོན་དང་དངོས་སྒྲུབ་ཡར་བརྩོན་གྱིས་ས་མཐོའི་སྐྱེ་ཁམས་ལ་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བ། ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་སྐྱིད་ལྡན་པའི་འཚོ་བའི་ཆེད་འབད་བཞིན་ཡོད། འདི་དག་ནི་གནམ་ས་གཡོ་བའི་བྱ་སྤྱོད་རླབས་པོ་ཆེ་མིན་རུང་། ཉིན་ལྟར་བརྟན་སྲུང་དང་དཀའ་སྤྱད་འབད་བརྩོན་བྱེད་པ་ནི་ཚང་མས་མྱོང་ཚོར་ཐུབ་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཤ་སྟག་རེད།

    དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་ནི་མི་ཚང་མར་འགན་འཁྲི་ཡོད་ལ་མི་ཚང་མས་བཤད་ཆོག་པ་ཡིན། ཆ་འཕྲིན་སྣ་མང་ཁྱབ་སྤེལ་གྱི་དུས་རབས་གསར་པའི་ནང་། བོད་ཀྱི་གཏམ་རྒྱུད་ཤོད་པར་རྐང་བཙུགས་ནས་འཆར་འགོད་དང་གྲ་སྒྲིག་བྱེད་མི་དགོས། རྒྱུན་གཏན་གྱི་འཚོ་བ་མཉམ་སྤྱོད་དང་། རང་ཉིད་ཀྱི་མྱོང་བ་ལྷུག་གླེང་། མཐོང་ཐོས་ཟིན་ཐོར་འགོད་པ་བཅས་ཚང་མ་ནི་བོད་གསར་པ་ཕྱོགས་ཡོངས་ནས་མངོན་པར་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་རེད། ང་ཚོས་བོད་ལྗོངས་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་། མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་ཟབ་མོ། སྐྱེ་ཁམས་ལེགས་སུ་འགྲོ་བའི་རྣམ་པ་བཟང་པོ་བཅས་རང་འགུལ་ངང་ཤོད་དགོས་པ་མ་ཟད། དོན་དངོས་དང་མི་མཐུན་པའི་ཕྱོགས་ལྷུང་གི་གཏམ་བརྗོད་དག་ལ་རང་འགུལ་ངང་དགག་པ་བརྒྱབ་སྟེ། རང་ཉིད་ཀྱི་མྱོང་བ་དངོས་ལ་བརྟེན་ནས་ཕྱོགས་ལྷུང་གི་ལྟ་བ་སེལ་བ་དང་། པར་རིས་ངོ་མར་བརྟེན་ནས་གནས་ཚུལ་དངོས་སྤེལ་བ། དངོས་ཡོད་དང་དོན་དངོས་ལ་བརྟེན་ནས་གནས་ཚུལ་ངོ་མ་ར་སྤྲོད་བཅས་བྱེད་དགོས།

    གངས་ལྗོངས་ས་མཐོའི་གཏམ་རྒྱུད་ནི་མི་དམངས་ཀྱིས་བྲིས་པ་ཞིག་དང་། དུས་རབས་ཀྱིས་དཔང་པོ་བྱེད་པ་ཞིག འཛམ་གླིང་ལ་སྤེལ་བ་ཞིག་བཅས་ཡིན་ཞིང་། ང་ཚོས་ལས་གནས་དཀྱུས་མར་གཞི་ཚུགས་པ་དང་མཛེས་སྡུག་ལྡན་པའི་འཚོ་བར་གཅེས་སྤྲས་བྱས་ཐོག ལྷག་བསམ་དང་། དངོས་སྒྲུབ། དགའ་ཞེན་བཅས་ལ་བརྟེན་ནས་རང་འགུལ་ངང་གཏམ་རྒྱུད་ཤོད་པ་དང་རང་རྟོགས་ངང་ཁྱབ་སྤེལ་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་བཤད་ནས། མི་དེ་བས་མང་བས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མཐོང་ཐུབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།