དབུ་ཤོག>ཆེད་སྒྲིག>ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱི་དམངས་ཅན།>གསར་འགྱུར་ནང་དོན།
  • མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-20

    རང་རྒྱལ་ནི་མི་རིགས་56ལས་གྲུབ་པའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་རིགས་ཚང་མ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ནང་གི་འདྲ་མཉམ་གྱི་ཁོངས་མི་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བཅའ་ཁྲིམས་ཀྱི་མདུན་དུ་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་དང་བཅའ་ཁྲིམས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་འགན་ལེན་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་ཡོད། ཏང་གི་མི་རིགས་སྲིད་ཇུས་ནང“འདྲ་མཉམ”ཞེས་པའི་ཡིག་འབྲུ་གཉིས་འགོ་ནས་མཇུག་བར་ཁྱབ་ཡོད། མངོན་གསལ་དོད་པའི་མི་རིགས་སྲིད་ཇུས་དེས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཆབ་སྲིད་ཀྱི་རྨང་གཞི་བཏིང་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐྲུན་པའི་རྒྱང་ལམ་གསར་པར། མི་རིགས་ཁག་ཕན་ཚུན་འདྲ་མཉམ་དང་མཐུན་སྒྲིལ་འབད་འཐབ་བྱས་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལས་གཞི་རྩའི་དོན་དངོས་དེ་ར་སྤྲོད་བྱུང་ཡོད་ལ། མི་རིགས་འདྲ་མཉམ་ནི་ཏང་གི་མི་རིགས་སྲིད་ཇུས་ཀྱི་རྨང་རྡོ་ཡིན་པས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལ་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་རྩ་དོན་དེ་མཐའ་འཁྱོངས་བྱེད་དགོས།

    ད་ཆའི་བོད་ལྗོངས་ནི། མི་རིགས་ཁག་ཚང་མ་འདྲ་མཉམ་གྱི་རྩ་དོན་གསོན་ཉམས་ལྡན་པའི་ངང་ལག་ལེན་བསྟར་བའི་བསྡུས་རིས་ཤིག་རེད། བོད་དུ་མི་འབོར་མང་ཉུང་དང་། ལོ་རྒྱུས་རིང་ཐུང་། འཕེལ་རྒྱས་ཀྱི་ཆུ་ཚད་ཆེ་ཆུང་བཅས་ལ་མི་བལྟོས་པར་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན། མོན་པ་དང་ལྷོ་པ་རིགས་སོགས་མི་འབོར་ཅུང་ཉུང་བའི་མི་རིགས་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེ་བཞིན་བོད་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་སུ་རང་ཉིད་ཀྱི་འཐུས་མི་ཡོད་པས་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་བྱེད་པའི་དབང་ཆ་འདྲ་མཉམ་ལོངས་སུ་སྤྱོད་རྒྱུ་ཡོད། དེ་དང་ཆབས་ཅིག་མི་རིགས་ཚང་མར་འདྲ་མཉམ་འཕེལ་རྒྱས་ཀྱི་དབང་ཆ་ཡོད་པ་དང་། སློབ་གསོ་དང་། སྨན་བཅོས། སྡོད་ཁང་སོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པས། ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔོན་ཆད་ཀྱི་དུས་གང་རུང་ཞིག་ལས་དེ་བས་ཆེ་བ་ཡོད། ཁྲིམས་ལྟར་བོད་སྐྱོང་གི་འཐབ་ཇུས་ལ་སྐུལ་འདེད་བཏང་བ་བརྒྱུད། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བཅའ་ཁྲིམས་ཀྱི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ནས་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་འདྲ་མཉམ་གྱི་དབང་ཆ་སྤྱོད་རྒྱུ་ཡོད་པ་དང་འདྲ་མཉམ་ངང་འོས་འགན་སྒྲུབ་པ། མི་སུ་འདྲ་ཞིག་ཡིན་རུང་ཚང་མར་བཅའ་ཁྲིམས་ལས་འགལ་བའི་དམིགས་བསལ་གྱི་དབང་ཆ་མེད་པ་བཅས་ཤེས་རྟོགས་ཐུབ་ཡོད་ལ། རྣམ་པ་གང་རུང་གིས་མི་རིགས་ལ་མཐོང་ཆུང་བྱེད་རིགས་ཚང་མ་མི་འགྲིག་པ་དང་། བསམ་ངན་ཁོག་བཅུག་གིས་མི་རིགས་ཀྱི་འབྲེལ་བར་དབྱེན་སྦྱོར་དཀྲུག་ཤིང་རྒྱག་པ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་མཁན་ཁྲིམས་འགལ་བ་ཚང་མ་ང་ཚོའི་དགྲ་བོ་ཡིན་པས། ངེས་པར་དུ་རྡུང་རྡེག་ཚ་ནན་གཏོང་དགོས་པ་ཤེས་རྟོགས་ཐུབ་ཡོད།

    ཕན་ཚུན་འདྲ་མཉམ་བྱུང་ཚེ། གཞི་ནས་འཆམ་མཐུན་མཉམ་གནས་ཡོང་ཐུབ། ཀུན་སེམས་གཅིག་སྒྲིལ་ཐུབ་ཚེ། གཞི་ནས་ཞུམ་མེད་མདུན་སྐྱོད་བྱེད་ཐུབ། མི་རིགས་ཁག་གི་མི་དམངས་ཚོས་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་རོགས་རེས་དང་ལག་གདང་སྦྲེལ་ནས་མཐུན་སྒྲིལ་མདུན་སྐྱོད་མཐའ་འཁྱོངས་བྱས་ཚེ། མདུན་སྐྱོད་ཀྱི་ལམ་བུའི་དཀའ་ངལ་དང་ཉེན་ཁ་རྒྱུན་ཆད་མེད་པར་བསལ་ནས་ཐུན་མོང་ཐོག་རླབས་ཆེན་མེས་རྒྱལ་འཛུགས་སྐྲུན་དང་། ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།