དབུ་ཤོག>ཆེད་སྒྲིག>ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་དགོས།
  • ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་འདི་ལྟར་སྤེལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-26

    ལས་དོན་བཀོད་སྒྲིག

    (འདོན་ཐེངས་གོང་མར་མཐུད)

    རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ“འགོ་གཙོ་དང་པོ”གཙོ་གནད་དུ་བྱས་ཏེ། བརྗོད་དོན་གཙོ་བོར་དམིགས་པ་དང་སྟབས་བསྡུས་དངོས་གཉེར་མཐའ་འཁྱོངས་བྱས་ཏེ་ཁག་ཐེངས་དང་དུས་མཚམས་མི་དབྱེ་རྒྱུ།

    སློབ་སྦྱོང་བགྲོ་གླེང་།

    ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ།

    ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་དགོས།

    《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི》སློབ་སྦྱོང་གཏིང་ཟབ་བྱེད་དགོས།

    ས་ཁུལ་དེ་ག་དང་། ཚན་པ་དེ་ག ས་ཁོངས་དེ་ག་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་དགོས།

    སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་ལ་བདེ་སྐྱིད་སྐྲུན་པའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་དགོས།

    གནད་དོན་བཤེར་འདོན་བྱེད་དགོས།

    རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་པ་དང་དེའི་ཁོངས་མིས།

    ལྟ་སྐུལ་ཞིབ་བཤེར་དང་། བརྟག་དཔྱད་ཞིབ་འཇུག མང་ཚོགས་ཀྱི་རེ་ཞུ་ཤེས་རྟོགས་སོགས་ཀྱི་ཐབས་ལམ་བརྒྱུད་དགོས།

    སྲིད་དོན་ལས་རྗེས་ལྟ་བའི་ཐད་གནས་པའི་གནད་དོན་གཏིང་ཟབ་འཚོལ་དགོས།

    ཏང་གཤིས་ཐད་ནས་ཧེ་བག་འཚོལ་བ་དང་། འབྱུང་རྩ་བཤེར་བ། བློ་སྦྱོང་གཏིང་ཟབ་བཅས་བྱེད་དགོས།

    དག་ཐེར་བཅོས་སྒྲིག

    ཀྲུང་དབྱང་གི་སྐོར་ཞིབ་དག་ཐེར་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དག་ཐེར། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བ་དང་ལག་ལེན་བསྟར་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་བཅོས་སྒྲིག་སོགས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།

    ཞིབ་བཤེར་བྱེད་ཀྱིན་དག་ཐེར་བྱེད་པ་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱས་ནས་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་དགོས།

    དག་ཐེར་དོན་འཁྱོལ་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།

    སྒྲིག་སྲོལ་ལམ་ལུགས་འཛུགས་དགོས།

    ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་སྒྲིག་ལམ་ཡག་པོ་བཟོ་དགོས།

    ད་ལྟ་ལག་བསྟར་བྱེད་བཞིན་པའི་ལམ་ལུགས་དང་ལམ་སྲོལ་ཁྲོད་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བའི་བླང་བྱ་དང་མི་མཐུན་པའི་གཏན་འབེབས་ཡོད་རིགས་གཏིང་ཟབ་འཚོལ་དགོས།

    མེད་པར་བཟོ་དགོས་རིགས་མེད་པར་བཟོ་བ་དང་བཟོ་བཅོས་རྒྱག་དགོས་རིགས་བཟོ་བཅོས་རྒྱག་དགོས།

    སྲིད་དོན་ལས་རྗེས་ལྟ་བའི་ཡོ་ཁྱད་སྔོན་འགོག་དང་ཡོ་བསྲང་ནུས་ལྡན་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།