གནོད་འཚེ་ཕོག་པའི་མང་ཚོགས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་སྐྱེལ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡིན།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཝང་ཧྥང་ཧུང་ལ་བཅར་འདྲི་ཞུས་པ།

འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཝང་ཧྥང་ཧུང་ཡིན་པ།
2025ལོའི་ཟླ་1ཚེས་7ཉིན། དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་ནས་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་ཁག་གཅིག་ལ་གྱོང་གུན་ཚབས་ཆེན་ཕོག་ཅིང་། གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་སྐོར་ལ་གསར་འགོད་པས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ཝང་ཧྥང་ཧུང་ལ་བཅར་འདྲི་ཞུས་པ་ཡིན།
ཝང་ཧྥང་ཧུང་གིས་གནོད་འཚེ་ཕོག་པའི་མང་ཚོགས་སྔ་ཙམ་སྡོད་ཁང་གསར་པར་སྤོ་ཐུབ་པ་བྱ་རྒྱུ་ནི་གེགས་རྗེས་བསྐྱར་སྐྲུན་གྱི་དོན་ཆེན་ཨང་དང་པོ་རེད་ལ། ང་ཚོས་ངེས་པར་དུ་འགན་འཁུར་དགོས་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་དམངས་འཚོའི་མཐའ་ཚད་ཅིག་ཀྱང་རེད། གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དིང་རིའི་ས་ཡོམ་རིམ་པ་6.8སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། རང་སྐྱོང་ལྗོངས་གེགས་རྗེས་བསྐྱར་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དམིགས་ཚད་ལ་དམ་པོར་དམིགས་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་སྤྱི་འདོམས་ཀྱིས་ནུས་ཤུགས་ཡོད་རྒུས་དཀའ་ངལ་ཁྱད་བསད་བྱས་ཏེ། ན་ནིང་ཟླ་10པའི་ཟླ་མཇུག་ཏུ་བསྐྱར་སྐྲུན་དང་ཉམས་གསོ་སྲ་བརྟན་དུ་བཏང་བའི་ཡུལ་མིའི་ཁང་པ་ཚང་མ་རྩིས་སྤྲད་པ་དང་། མང་ཚོགས་དྲོ་སྐྱིད་ལྡན་པའི་སྡོད་ཁང་གསར་པར་བདེ་བླག་ངང་སྡོད་རྒྱུ་བྱུང་ནས“གནོད་འཚེ་ཕོག་པའི་ལོ་དེ་རང་དུ་ཁང་པ་གསར་པའི་ནང་སྡོད་ཐུབ་པའི”ལས་ཀའི་དམིགས་ཚད་མངོན་འགྱུར་བྱུང་ཡོད་ཅེས་གསུངས་པ་རེད།
གནོད་འཚེ་ཕོག་ཁུལ་གྱི་ཐོན་ལས་སླར་གསོ་དང་ཐོན་ལས་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད། ཝང་ཧྥང་ཧུང་གིས་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གེགས་ཁུལ་གྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་དང་། ཐོན་ལས་འཕེལ་རྒྱས། མང་ཚོགས་ཀྱི་འབབ་འཕར་སོགས་གཙོ་གནད་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པས། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ལ་གནོད་འཚེ་ཕོག་ནའང་ཐོན་འབབ་ཉུང་དུ་མི་འགྲོ་བར་ལོ་ལེགས་བྱུང་བ་དང་། ཞིང་འབྲོག་པའི་ཡོང་འབབ་གནོད་འཚེ་ཕོག་པའི་དབང་གིས་ཉུང་དུ་མི་འགྲོ་བར་བརྟན་ཐོག་མྱུར་འཕར་བྱུང་ཡོད།
ཝང་ཧྥང་ཧུང་གིས། གཞིས་རྩེ་གྲོང་ཁྱེར་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་དཔེ་སྟོན་དཔེ་མཚོན་གཏོད་པའི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། གེགས་རྗེས་བསྐྱར་སྐྲུན་དང་ཡུན་རིང་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་སྟེ། གནོད་འཚེ་ཕོག་པའི་མང་ཚོགས་ལ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་སྐྱེལ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།