དབུ་ཤོག>ཆེད་སྒྲིག>2026ལོའི་བོད་ཀྱི་ཚོགས་འདུ་གཉིས།>གཞི་རིམ་འཐུས་མི་དང་ཨུ་ཡོན་གྱི་གསུང་སྒྲ།
  • རང་སྐྱོང་ལྗོངས་སྲིད་གྲོས་ཨུ་ཡོན་བཀྲ་ཤིས་ཆོས་སྒྲོན་གྱིས་གསུངས་དོན།

    མི་རིགས་ཁག་དབར་འབྲེལ་གཏུག་ཟབ་ཏུ་གཏོང་བའི“སྐད་ཡིག་འབྲེལ་ཟམ”འཛུགས་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-03

    “སྡེ་ཁུལ་དུ་ལས་དོན་སྒྲུབ་སྐབས་ང་ཚོའི་སེམས་ཁྲལ་ཆེ་ཤོས་ནི་སྲིད་ཇུས་དྲིལ་བསྒྲགས་བྱེད་སྐབས་འཕྲད་པའི་དཀའ་གནད་དེ་ཡིན”ཞེས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ལྷོ་ཁ་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་སྙན་སྒྲོན་པ། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གཞོན་པ་བཅས་ཡིན་པའི་བཀྲ་ཤིས་ཆོས་སྒྲོན་གྱིས་གསར་འགོད་པར་དེ་ལྟར་བརྗོད། ད་བར་གྲོང་སྡོད་བྱས་ནས་ཟླ་བ་9སོང་བའི་ཁོང་ལ་སྐད་བརྡ་འཕྲོད་པ་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པའི་ངོས་འཛིན་ཐུབ་ཡོད།

    “མ་གཞི་སྡེ་ཁུལ‘ཨུ་ལྷན་གཉིས’ཀྱི་ཚན་ཁག་གིས་གཙོ་བོ་བོད་སྐད་རྒྱག་པ་དང་། ཞབས་འདེགས་ཞུ་ཡུལ་ཡང་གཙོ་བོ་བོད་རིགས་མང་ཚོགས་རེད། འོན་ཀྱང་མིག་སྔར་གཞུང་ལས་སྒྲུབ་སྐབས་གཙོ་བོ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་ཀྱི་ཡོད་པས་རེ་ཞིག་གོ་བརྡ་འཕྲོད་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་ཐབས་བྲལ” དེར་བརྟེན་བཀྲ་ཤིས་ཆོས་སྒྲོན་གྱིས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་གནད་དོན་ཐག་གཅོད་གནང་ཞིང་། བརྟག་ཞིབ་གནང་རིང་། ཁོང་གིས་ལྷོ་ཁ་གྲོང་ཁྱེར་གྱིས《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》ཡི་རྒྱ་བོད་ཤན་སྦྱར་སོགས་སློབ་སྦྱོང་གི་དཔྱད་ཡིག་ཁྱབ་གདལ་ཧུར་ཐག་བཏང་བའི་ནང་རྒྱུན་གཏན་གྱི་སྤེལ་རེས་དང་། ཞིང་ལས་ཐོན་སྐྱེད། ཡུལ་སྐོར་ཞབས་ཞུ་སོགས་ཀྱི་ནང་དོན་ཚུད་ཡོད་པ་དོ་སྣང་བྱུང་ཡོད། གྲོང་སྡོད་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་བཀྲ་ཤིས་ཆོས་སྒྲོན་གྱིས་ད་ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཐོག་གྲོས་གཞི་ཕུལ་ནས་གཞི་རིམ་ལས་བྱེད་པར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་སྤྱོད་ཀྱི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་ཡོད།

    བཀྲ་ཤིས་ཆོས་སྒྲོན་གྱིས། སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངས་སྐད་ཡིག་ལ་བརྟེན་ནས་མི་རིགས་ཁག་དབར་གཅིག་སེམས་གཅིག་འབྲེལ་ཡོང་བར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།