ཁོང་རྣམ་གཉིས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་འདུག
ཚེས་2ཉིན་གྱི་སྔ་དྲོར། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པས་འདེམས་བསྐོའི་ཚོགས་ཆེན་འཚོགས་པ་རེད། ཚོགས་འདུར་ལང་ཧྥུའུ་ཁོན་དང་ཟླ་བ་དངོས་གྲུབ་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་གསབ་འདེམས་གནང་བ་དང་། རྗེ་དྲུང་བསྟན་པའི་རྒྱལ་མཚན་དང་བསོད་ནམས་གྲགས་པ་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལ་གསབ་འདེམས་གནང་བ་རེད།

བློ་མཐུན་ལང་ཧྥུའུ་ཁོན་གྱི་ལོ་རྒྱུས་མདོར་བསྡུས།
ལང་ཧྥུའུ་ཁོན། སྐྱེས་པ། རྒྱ་རིགས། 1966ལོའི་ཟླ་2པར་སྐྱེས། ལས་གནས་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། དཔལ་འབྱོར་རིག་པའི་འབུམ་རམས་པ། ཀྲུང་གུང་ཏང་ཡོན། ད་ལྟ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་ཁོངས་མི་དང་། ཀྲུའུ་ཞི་གཞོན་པ། རང་སྐྱོང་སྲིད་གྲོས་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས་བཞིན་ཡོད།

བློ་མཐུན་ཟླ་བ་དངོས་གྲུབ་ཀྱི་ལོ་རྒྱུས་མདོར་བསྡུས།
ཟླ་བ་དངོས་གྲུབ། སྐྱེས་པ། བོད་རིགས། 1966ལོའི་ཟླ་4པར་སྐྱེས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། ཀྲུང་གུང་ཏང་ཡོན། ད་ལྟ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཁོངས་མི་དང་། ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།