ད་ལོ་བོད་ཀྱིས་དམངས་འཚོའི་བྱ་བ་34ལ་སྒོར་དུང་ཕྱུར་136གཏོང་རྩིས་འདུག
དམངས་འཚོ་ནི་དོན་ཆུང་མིན་པས། དོ་ཁུར་བྱེད་དགོས་ངེས་རེད།
2026ལོར་རང་སྐྱོང་ལྗོངས་ཀྱིས་ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་བཅོལ། སྡོད་ཁང་། རིག་སློབ་སོགས་ཀྱི་ཁྱབ་ཁོངས་ལ་མ་དངུལ་སྒོར་དུང་ཕྱུར་136བཏང་ནས་དམངས་འཚོའི་དོན་དངོས་34ཞིབ་ཚགས་པོས་སྒྲུབ་རྩིས་འདུག་ལ། དངོས་དངོས་རྗེན་རྗེན་གྱི་བྱ་ཐབས་སྤྱད་དེ“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་དམངས་འཚོ་གལ་ཆེ་ཤོས་ཡིན་པའི”འདུ་ཤེས་ལག་ལེན་བསྟར་ནས་མི་རིགས་ཁག་གི་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པ་བྱ་རྒྱུ་རེད།
ད་ལོའི་ཚོགས་འདུ་གཉིས་ལ་དམངས་འཚོ་དང་འབྲེལ་བའི་ནང་དོན་གང་དག་ཡོད་དམ་ཞེ་ན།
ལས་ཞུགས་ཁྱབ་ཁོངས་ཀྱི་རྣམ་གྲངས་ཁག་5ལ་མ་དངུལ་སྒོར་དུང་ཕྱུར་18.54གཏོང་རྒྱུ།
1.མ་དངུལ་སྒོར་དུང་ཕྱུར་16.73བཏང་ནས་སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར་3500ནས་སྒོར་4000བར་སྤར་རྒྱུ།
2.མ་དངུལ་སྒོར་དུང་ཕྱུར་0.9བཏང་ནས་ཞིང་འབྲོག་པར་རྩལ་ནུས་གསོ་སྦྱོང་རིགས་32སྤེལ་རྒྱུ།
3.མ་དངུལ་སྒོར་དུང་ཕྱུར་0.36བཏང་ནས་ཞིང་འབྲོག་ལས་མིའི་ཐེངས་གཅིག་མའི་ལས་གཏོད་ཁ་གསབ་ཚད་གཞི་སྒོར་2000ནས་སྒོར་5000བར་སྤར་རྒྱུ།
4.མ་དངུལ་སྒོར་དུང་ཕྱུར་0.46བཏང་ནས་ཞིང་ཆེན་རིམ་པའི་གཞུང་ལམ་རྒྱུད་དུ“ཁ་ལོ་བའི་ཁྱིམ”37བསྐྲུན་ཏེ་ཁ་ལོ་བར་ངལ་གསོ་རྒྱག་ས་དང་། ཟ་འཐུང་བྱེད་ས། ཆུ་ཚ་པོ་ལེན་ས། གཟུགས་པོ་འཁྲུད་ས་སོགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུ།
5.མ་དངུལ་སྒོར་དུང་ཕྱུར་0.06བཏང་ནས་བཟོ་ཚོགས་ས་ཚིགས་ཡག་ཤོས་150བསྐྲུན་ནས་ལས་བཟོར་བཅའ་ཁྲིམས་ཀྱི་ཞབས་ཞུ་དང་གཟིགས་སྐྱོང་ཞོགས་ཟས་སོགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུ། མ་དངུལ་སྒོར་དུང་ཕྱུར་0.03བཏང་ནས་དམངས་ཕན་ས་ཚིགས་བཙུགས་ཏེ་ལས་ཞུགས་རྣམ་པ་གསར་པའི་མི་སྣ་སོགས་མང་ཚོགས་ལ་ཆུ་ཚ་པོ་ལེན་ས་དང་། ཁ་ལག་ཚ་པོ་བཟོ་ས། མྱུར་སྐྱོབ་སྨན་རྫས་ལེན་ས་སོགས་ཡོད་པ་བྱ་རྒྱུ།
སློབ་གསོའི་ཁྱབ་ཁོངས་ཀྱི་རྣམ་གྲངས་ཁག་3ལ་མ་དངུལ་སྒོར་དུང་ཕྱུར་46.05གཏོང་རྒྱུ།
6.མ་དངུལ་སྒོར་དུང་ཕྱུར་40.25བཏང་ནས་སློབ་གསོའི“འགན་ལེན་གསུམ”གྱི་འགྲོ་གྲོན་ལོ་རེར་སློབ་མ་རེར་སྒོར་240སྤར་ཏེ་སྒོར་5940ཟིན་པ་བྱ་རྒྱུ།
7.མ་དངུལ་སྒོར་དུང་ཕྱུར་5བཏང་ནས་འགན་བབས་སློབ་གསོའི་དུས་མཚམས་ཀྱི་སློབ་གནས་5000ཁ་སྣོན་རྒྱག་རྒྱུ།
8.མ་དངུལ་སྒོར་དུང་ཕྱུར་0.8བཏང་ནས་ཞིང་འབྲོག་ཁུལ་གྱི་བུ་བཅོལ་ཁང་གི་སློབ་ཡོན་སྤྲོད་མི་དགོས་པའི་སློབ་གསོའི་ཁ་གསབ་ཚད་གཞི་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་380ཡིན་པ་ནས་སྒོར་1000ལ་སྤར་རྒྱུ།
སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་རྣམ་གྲངས་ཁག་10ལ་མ་དངུལ་སྒོར་དུང་ཕྱུར་7.77གཏོང་རྒྱུ།
9.མ་དངུལ་སྒོར་དུང་ཕྱུར་4.56བཏང་ནས་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ཁ་གསབ་ཀྱི་ཚད་གཞི་སྒོར་125ལ་སྤར་རྒྱུ།
10.མ་དངུལ་སྒོར་དུང་ཕྱུར་1.32བཏང་ནས་གློ་གཅོང་གི་ནད་དང་། ནད་དུག་རང་བཞིན་གྱི་མཆིན་ཚད། རེག་དུག ཨེ་ཙི་ནད་སོགས་ཀྱི་ནད་རིན་མེད་དབྱེ་བཤེར་བྱ་རྒྱུ།
11.མ་དངུལ་སྒོར་དུང་ཕྱུར་0.57བཏང་ནས་ཞིང་འབྲོག་ཁུལ་གྱི་སྦྲུམ་མ་སྨན་ཁང་དུ་ཕྲུ་གུ་སྐྱེ་བའི་ཐེངས་གཅིག་མའི་ཁ་གསབ་མི་རེར་སྒོར་1000སྤྲོད་རྒྱུ་དང་། སྨན་ཁང་དུ་ཕྲུ་གུ་སྐྱེ་མཁན་སྦྲུམ་མ་དང་ནད་སྐྱོང་མི་སྣར་བྱ་དགའ་སྒོར་50སྤྲོད་རྒྱུ། སྔ་སྣུར་དུ་སྨན་ཁང་དུ་ཕྲུ་གུ་སྐྱེ་རྒྱུར་སྒུག་པའི་སྦྲུམ་མར་འཚོ་བའི་ཁ་གསབ་ཉིན་རེར་སྒོར་30སྤྲོད་རྒྱུ།
12.མ་དངུལ་སྒོར་དུང་ཕྱུར་0.49བཏང་ནས་མི་མང་འདུས་ཁུལ་དུ་སྙིང་ལྡིང་སྙོམས་ཆས་1643སྒྲིག་སྦྱོར་བྱ་རྒྱུ།
13.མ་དངུལ་སྒོར་དུང་ཕྱུར་0.39བཏང་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་། ལོ་60ཡན་གྱི་རྒན་རྒོན་དང་སྨན་དོན་མི་སྣ་སོགས་གཙོ་གནད་མི་ཚོགས་ལ་རིན་མེད་ཐོག་ཆམ་རིམས་དང་གློ་ཚད་ཀྱི་རིམས་འགོག་སྨན་ཁབ་རྒྱག་རྒྱུ།
14.མ་དངུལ་སྒོར་དུང་ཕྱུར་0.24བཏང་ནས་ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་གྱི་ནད་སོགས་ཡུལ་ནད་རིན་མེད་དབྱེ་བཤེར་དང་སྨན་བཅོས་བྱ་རྒྱུ།
15.མ་དངུལ་སྒོར་དུང་ཕྱུར་0.07བཏང་ནས་བྱིས་པའི་ལྷན་སྐྱེས་སྙིང་ནད་དང་ཞིང་འབྲོག་མང་ཚོགས་ཀྱི་སྐྱ་འགྲིབ་ནད་གཞིར་རིན་མེད་སྨན་བཅོས་བྱ་རྒྱུ།
16.མ་དངུལ་སྒོར་དུང་ཕྱུར་0.07བཏང་ནས་གསར་སྐྱེས་བྱིས་པའི་ལྷན་སྐྱེས་རང་བཞིན་གྱི་ཨོལ་གོང་གཤེར་རྨེན་གྱི་ནུས་པ་ཉམས་པའི་ནད་དང་། པུན་བིང་ཐུང་གཅིན་ནད། ལྷན་སྐྱེས་རང་བཞིན་གྱི་མཁལ་སྟེང་གཤེར་རྨེན་གྱི་པགས་རྫས་འཕར་ནད། ཐོས་ཚོར་ཉམས་པ་དང་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་སོགས་ཀྱི་རིམས་ནད་རིན་མེད་དབྱེ་བཤེར་བྱ་རྒྱུ།
17.མ་དངུལ་སྒོར་དུང་ཕྱུར་0.05བཏང་ནས་སྦྲུམ་མར་སྦྲུམ་བརྟེན་འདར་ནད་རིན་མེད་བརྟག་དཔྱད་བྱ་རྒྱུ།
18.མ་དངུལ་སྒོར་དུང་ཕྱུར་0.01བཏང་ནས་བྱིས་པར་ཁེར་ལུས་ནད་རིན་མེད་དབྱེ་བཤེར་བྱ་རྒྱུ་དང་། ནད་གཞི་གཏན་འཁེལ་བྱུང་བའི་བྱིས་པར་བདེ་ཐང་སླར་གསོའི་སྦྱོང་བརྡར་གྱི་འཚོ་བའི་ཁ་གསབ་སྤྲོད་རྒྱུ།
སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ཀྱི་རྣམ་གྲངས་ཁག་7ལ་མ་དངུལ་སྒོར་དུང་ཕྱུར་35.72གཏོང་རྒྱུ།
19.མ་དངུལ་སྒོར་དུང་ཕྱུར་21.83བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ལོ་རེའི་ཁ་གསབ་ཚད་གཞི་སྒོར་765བར་སྤར་རྒྱུ།
20.མ་དངུལ་སྒོར་དུང་ཕྱུར་1.35བཏང་ནས་ཡོང་འབབ་དམའ་ཞིང་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ལ་དྲོད་ལེན་ཁ་གསབ་སྤྲོད་རྒྱུ།
21.མ་དངུལ་སྒོར་དུང་ཕྱུར་11.71བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་མ་དངུལ་དེ་མི་རེར་ལོ་རེར་སྒོར་3660བར་སྤར་རྒྱུ།
22.མ་དངུལ་སྒོར་དུང་ཕྱུར་0.35བཏང་ནས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གོང་། དཀའ་ངལ་ཡོད་པའི་མང་ཚོགས་མི་རེར་སྤྲོད་ཐེངས་གཅིག་མའི་འཚོ་བའི་ཁ་གསབ་སྒོར་1000སྤྲོད་རྒྱུ།
23.མ་དངུལ་སྒོར་དུང་ཕྱུར་0.34བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་གསོ་ཉར་ལས་ཚན་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་ལས་ཚན་གྱི་འཁོར་སྐྱོད་གྲོན་དངུལ་འགན་སྲུང་ཚད་གཞི་མི་རེར་ལོ་རེར་སྒོར་1800ནས་སྒོར་3600བར་སྤར་རྒྱུ།
24.མ་དངུལ་སྒོར་དུང་ཕྱུར་0.06བཏང་ནས་དབང་པོ་སྐྱོན་ཅན་གྱི་བྱིས་པའི་བདེ་ཐང་སླར་གསོའི་རོགས་སྐྱོབ་ཁྱབ་ཁོངས་ལོ་0ནས་8བར་ནས་ལོ་0ནས་14བར་བཟོ་རྒྱུ་མ་ཟད། རིགས་ཁག་གི་བདེ་ཐང་སླར་གསོའི་སྦྱོང་བརྡར་གྱི་ཁ་གསབ་ཚད་གཞི་མཐོ་རུ་འོས་འཚམ་གཏོང་རྒྱུ།
25.མ་དངུལ་སྒོར་དུང་ཕྱུར་0.08བཏང་ནས་དབང་པོར་སྐྱོན་ཚབས་ཆེན་ཡོད་པའི་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་ལ་གེགས་མེད་སྒྲིག་བཀོད་སྒྲིག་སྦྱོར་བྱ་རྒྱུ།
སྡོད་ཁང་འགན་སྲུང་ཁྱབ་ཁོངས་ཀྱི་རྣམ་གྲངས་ཁག་3ལ་མ་དངུལ་སྒོར་དུང་ཕྱུར་6.01གཏོང་རྒྱུ།
26.མ་དངུལ་སྒོར་དུང་ཕྱུར་3.59བཏང་ནས་གྲོང་གསེབ་ཀྱི་ཉེན་ཆེའི་སྡོད་ཁང་8006སྒྱུར་བཀོད་དང་ཡོམ་འགོག་བརྟན་གཏོང་བྱ་རྒྱུ།
27.མ་དངུལ་སྒོར་དུང་ཕྱུར་1.86བཏང་ནས་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་གནས་སྡོད་ཆ་རྐྱེན་ལེགས་སུ་གཏོང་རྒྱུ།
28.མ་དངུལ་སྒོར་དུང་ཕྱུར་0.56བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་ལ་གནོད་འཚེ་ཚབས་ཆེན་གྱི་འགན་བཅོལ་ལམ་སྲོལ་བཟོས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་འགན་བཅོལ་གྲོན་དངུལ་གྱི་ཚད་གཞི་དམའ་རུ་གཏོང་རྒྱུ་མ་ཟད་སྡོད་ཁང་གི་འགན་བཅོལ་དངུལ་གྲངས་མཐོ་རུ་གཏོང་རྒྱུ།
རིག་གནས་ལུས་རྩལ་ཁྱབ་ཁོངས་ཀྱི་རྣམ་གྲངས་ཁག་3ལ་མ་དངུལ་སྒོར་དུང་ཕྱུར་0.38གཏོང་རྒྱུ།
29.མ་དངུལ་སྒོར་དུང་ཕྱུར་0.26བཏང་ནས་དཔེ་དེབ་ཕྱིར་ཚོང་དང་འབྲེལ་ཡོད་ལས་རྣམ་གྱི་འཛད་སྤྱོད་འཛིན་ཤོག་སྤྲོད་རྒྱུ།
30.མ་དངུལ་སྒོར་དུང་ཕྱུར་0.09བཏང་ནས་ལྗོངས་ཡོངས་ཀྱི་སྤྱི་གླིང་དང་ཁང་པའི་ཕྱི་ནང་གི་ལུས་སྦྱོང་ས་ཁོངས་སོགས་ཁུལ་100ལ་ལུས་སྦྱོང་ཡོ་བྱད་སྒྲིག་སྦྱོར་བྱ་རྒྱུ།
31.མ་དངུལ་སྒོར་དུང་ཕྱུར་0.03བཏང་ནས“གཞོན་ནུའི་ཁྱིམ”ལ་སྒྱུར་བཀོད་བཏང་སྟེ་རྒྱ་ཆེའི་གཞོན་ནུ་ཚོ་སློབ་སྦྱོང་དང་གྲོགས་པོ་སྒྲིག་རྒྱུར་སྟབས་བདེ་བསྐྲུན་རྒྱུ།
ཁྱབ་ཁོངས་གཞན་དག་གི་རྣམ་གྲངས་ཁག་3ལ་མ་དངུལ་སྒོར་དུང་ཕྱུར་21.53གཏོང་རྒྱུ།
32.མ་དངུལ་སྒོར་དུང་ཕྱུར་14.78བཏང་ནས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་འགན་གཙོ་བོ་འཁུར་མཁན་འགོ་ཁྲིད་དང་ཁོངས་མི་གཞན་དག དེ་བཞིན་གྲོང་དོན་ལྟ་སྐུལ་ཨུ་ལྷན་གྱི་ཁོངས་མི་བཅས་ཀྱི་གཞི་རྩའི་ཐོབ་ཆའི་ཚད་གཞི་ཁག་སོ་སོར་སྒོར་47472དང་། སྒོར་37978 སྒོར་18989བཅས་བར་སྤར་རྒྱུ་མ་ཟད། མཐའ་མཚམས་ས་ཁུལ་དུ་10%འཐོལ་པ་སྤྲོད་རྒྱུ།
33.མ་དངུལ་སྒོར་དུང་ཕྱུར་5.5བཏང་ནས་ས་གནས(གྲོང་ཁྱེར)དང་། རྫོང་(ཆུས་དང་གྲོང་ཁྱེར)གི་གཅིག་སྡུད་དྲོད་གཏོང་ལ་ལས་གཉེར་ཁ་གསབ་སྤྲད་དེ་གཞི་རིམ་གྱི་དྲོད་གཏོང་འཁོར་སྐྱོད་བརྟན་པོ་ཐུབ་པ་བྱ་རྒྱུ།
34.མ་དངུལ་སྒོར་དུང་ཕྱུར་1.25བཏང་ནས་ཞིང་ལས་ཐོན་རྫས་དང་ཡུལ་ཟོག་མྱུར་སྐྱེལ་གྱི་དྲ་ཐོག་དང་དྲ་མིན་ལས་རིགས་དང་། གྲོང་གསེབ་ཀྱི་མྱུར་སྐྱེལ་ཟོག་འགྲུལ་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས། གློག་རྡུལ་ཚོང་དོན་ལས་སྟེགས་ཁེ་ལས་བཅས་ལ་ཁ་གསབ་སྤྲོད་རྒྱུ་བཅས་རེད།
འབྲེལ་ཡོད་གསར་འགྱུར།