དབུ་ཤོག>ཆེད་སྒྲིག>2026ལོའི་བོད་ཀྱི་ཚོགས་འདུ་གཉིས།>ཚོགས་འདུ་གཉིས་ཀྱི་བརྙན་པར།
  • སེམས་ནུས་གཅིག་སྒྲིལ་རྒྱང་ལམ་གསར་པར་སྐྱོད། འབད་འཐབ་དངོས་སྒྲུབ་ལེའུ་གསར་མཉམ་དུ་རྩོམ།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་འགོ་ཚུགས་པར་རིས་བདམས་བཀོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-01

    འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་འགོ་ཚུགས་ཚོགས་ར་ཡིན་པ།

    འདི་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་ཚོགས་རར་སྐད་གསང་མཐོན་པོས་རྒྱལ་གླུ་ལེན་བཞིན་པ།

    འདི་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནན་ཏན་ངང་གསན་བཞིན་པ།

    འདི་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནན་ཏན་ངང་གསན་བཞིན་པ།

    འདི་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནན་ཏན་ངང་གསན་བཞིན་པ།

    འདི་ནི་གཞིས་རྩེ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པས་ཚོགས་ཆུང་ཁག་བགོས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་གནང་བཞིན་པ།

    འདི་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོ་ཚོགས་རར་ཕེབས་བཞིན་པ།

    འདི་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནན་ཏན་ངང་གསན་བཞིན་པ།

    འདི་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནན་ཏན་ངང་གསན་བཞིན་པ།

    ཟླ་1ཚེས་31ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་ལྷ་སར་འཚོགས་པ་རེད། སྔ་དྲོའི་ཆུ་ཚོད་བརྒྱད་པ་ཙམ་ལ། ལྗོངས་ཡོངས་ཀྱི་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་ནས་ཕེབས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ནས་སྤྲོ་སེམས་འཁོལ་པོས་ཚོགས་རར་སྐྱོད།

    ཆུ་ཚོད་དགུ་པ་ཏག་ཏག་ལ་འཐུས་མི་ཚོས་རིམ་བཞིན་གོ་རིམ་ལྡན་པའི་ངང་ཚོགས་རར་བཞུགས་པ་རེད། ཚོགས་རའི་རྣམ་པ་བརྗིད་ཉམས་ལྡན་ལ་སྤྲོ་སེམས་འཁོལ་བ་དང་། ཀྲུའུ་ཞི་སྡིངས་ཆའི་དབུས་སུ་རྒྱལ་རྟགས་འོད་ཆེམ་ཆེམ་དུ་འཕྲོས་ནས་གཟི་བརྗིད་དང་ལྡན། གཞོགས་གཉིས་སུ་དར་དམར་བསྒྲིགས་པ་ལས་འབད་འབུངས་མདུན་སྐྱོད་ཀྱི་རྣམ་པ་ཞིག་མངོན།

    “འདས་ཟིན་པའི་ལོ་ལྔར་ཕྱིར་མིག་ལྟ་སྐབས། ང་ཚོས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་དང་འབད་འབུངས་མདུན་སྐྱོད་ཀྱི་མཉམ་ཤུགས་ཆེན་པོ་ཞིག་གཅིག་ཏུ་བསྒྲིལ་བས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུཌ་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད”

    ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་འཛུགས་ལོ་ཞིག་ཡིན་པས། འབྱུང་འགྱུར་ལོ་ལྔའི་དམིགས་ཚད་ཇི་ལྟར་གཏན་འཁེལ་བྱེད་པ་དང་ཞིབ་ཕྲའི་ལས་དོན་ཇི་ལྟར་སྤེལ་དགོས་པའི་སྐོར་ལ་མི་དམངས་ཀྱིས་རེ་སྒུག་དང་ཕྱོགས་ཁག་གིས་དོ་ཁུར་བྱེད་བཞིན་མཆིས།

    “‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་ནི་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་གཏོང་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་ཤིག་རེད” “‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པར་ངེས་པར་དུ་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་བཅས་ཀྱིས་ཁ་གསལ་བཟོས་པའི་རྩ་དོན་དང་བླང་བྱ་གལ་ཆེན་ལ་བརྩི་སྲུང་ནན་པོ་ཞུས་ནས་གཙོ་གནད་ཐོག་ཕྱོགས་ཁག་ལྔར་སྟངས་འཛིན་ཡག་པོ་བྱེད་དགོས”

    2026ལོར“ཕྱོགས་ཁག་བརྒྱད་ཀྱི་ལས་དོན་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་དགོས”

    འཐུས་མི་ཚོས་རབ་ཏུ་འཕེལ་བའི་ཆབ་སྲིད་ཀྱི་སྤྲོ་སེམས་དང་། དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར། དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་བཅས་ལ་བརྟེན་ནས་འགན་འཁྲི་ནན་ཏན་བསྒྲུབས་ཏེ་ཚོགས་ཆེན་གྱི་དགོངས་དོན་གཞི་རིམ་དུ་ཁྱབ་གདལ་དང་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་བོད་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་རྒྱང་ལམ་གསར་པ་འགོ་ཡག་པོ་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།