བོད་ཀྱི་ཚོཊ་འདུ་གཉིས་དུས་ཚོད་འདིར་འཚོག་རྒྱུའི་གྲོས་འགོ་བཏོན་འདུག
ཟླ་1ཚེས་16ཉིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་ཚོགས་འདུ་འཚོགས་ནས། 2026ལོའི་ཟླ་1ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་ལྷ་སར་འཚོག་རྒྱུའི་གྲོས་འགོ་བཏོན་པ་རེད།
ཉེ་ཆར། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞིའི་ཚོགས་འདུ་འཚོགས་ནས།2026ལོའི་ཟླ་1ཚེས་30ཉིན་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་ལྷ་སར་འཚོག་རྒྱུའི་གྲོས་འགོ་བཏོན་པ་རེད།
འབྲེལ་ཡོད་གསར་འགྱུར།