དབུ་ཤོག>ཆེད་སྒྲིག>སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད།>གསར་འགྱུར་ནང་དོན།
  • ཏང་འཛུགས་སྐྱོང་ལ་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུ་བ།

    ལྷ་ས་གྲོང་ཁྱེར་རིག་གནས་བསམ་བཀོད་གླིང་མནའ་མཐུན་བདེ་སྡོད་གླིང་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ངག་དབང་ཚེ་རིང་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-05-16

    ལྷ་ས་གྲོང་ཁྱེར་རིག་གནས་བསམ་བཀོད་གླིང་གནའ་མཐུན་བདེ་སྡོད་གླིང་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ངག་དབང་ཚེ་རིང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་དུ་གཞི་ཚུགས་ཏེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུས་པ་དང་། བློ་སྟོབས་ཆེན་པོས་འགན་འཁྲི་ལྗིད་པོ་ཁུར་ནས་གསར་གཏོད་ཀྱི་བསམ་བློ་དང་དངོས་སྒྲུབ་བྱ་སྤྱོད་ལ་བརྟེན་ནས་སྡེ་ཁུལ་འཕེལ་རྒྱས་ཡག་པོ་ཡོང་བར་ནུས་ཤུགས་ཡོད་རྒུ་བཏོན་པ་དང་། མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཚོགས་པོ་ཡོང་བར་སྐུལ་འདེད་བཏང་ཡོད། 2021ལོར་ངག་དབང་ཚེ་རིང་ལ་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར་གྱི་བྱ་དགའ་ཐོབ་པ་དང་2024ལོར་ལྷ་ས་གྲོང་ཁྱེར་གྱི“ཕུལ་བྱུང་ཏང་དོན་ལས་དོན་པའི”གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    ཏང་ཡོན་གྱི་ཆ་འཕྲིན་དོ་དམ་ལ་ཤུགས་སྣོན་རྒྱག་པའི་ཐད་ངག་དབང་ཚེ་རིང་གིས་ཏང་ཡོན་ལ་དོ་དམ་དང་བསམ་བློ་ཆབ་སྲིད་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་གཟབ་ནན་དང་ཞིབ་ཚགས་ཀྱི་ཐོག་ནས་སྡེ་ཁུལ་གྱི་ལས་དོན་པའི་སྣེ་ཁྲིད་དེ“ལེབ་བཤེར་རྣམ་པའི”བཅར་འདྲི་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ཏང་ཡོན་50ཡི་ཆ་འཕྲིན་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་པ་མ་ཟད། ཏང་ཡོན་གྱི་ཆ་འཕྲིན་གྱི“གཞི་གྲངས་མཛོད”བཙུགས་པ་དང་། ཏང་ཡོན་ལ་སློབ་གསོ་རྒྱག་པ་དང་རིགས་པའི་གཞུང་ལུཌ་ཀྱི་དྲག་ཆས་སྤྲོས་པར་མཐོང་ཆེན་བྱས་ཏེ། སློབ་སྦྱོང་དང་སློབ་གསོའི་ས་ཚིགས་བསྐྲུན་ནས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་དང་། རིགས་པའི་གཞུང་ལུཌ་སློབ་སྦྱོང་། “ཚོཌ་འདུ་གསུམ་དང་སློབ་ཚན་གཅིག”སོགས་ཏང་གི་རྩ་འཛུགས་འཚོ་བ་དུས་ལྟར་འཚོགས་པ་དང་། སྡེ་ཁུལ་གྱི་ཏང་ཡོན་ཚང་མ་སྒྲིག་འཛུགས་བྱས་ནས་རྩ་ཁྲིམས་དང“བཅའ་ཁྲིམས་ལྔའི”དྲ་ཐོག་གི་དྲི་བ་དྲིས་ལན་གྱི་བྱེད་སྒོར་ཞུཌ་པ། རྣམ་པ་འདྲ་མིན་སྣ་ཚོགས་དང་བརྗོད་དོན་མངོན་གསལ་དོད་པའི་ཏང་ནང་ཁུལ་གྱི་བྱེད་སྒོ་སྤེལ་ནས་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་བསྐྲུན་ཡོད།

    མནའ་མཐུན་བདེ་སྡོད་གླིང་སྡེ་ཁུལ་བཙུགས་པ་ནས་བཟུང་། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་མཉམ་འགོག་མཉམ་བཅོས་ཀྱི་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་གིས་སྤེལ་བ་དང་། སྡེ་ཁུལ་གྱི“ཨུ་ལྷན་གཉིས”དང་། གྲོང་སྡོད་ལས་དོན་རུ་ཁག དྲ་མིག་པ། དང་བླངས་པ་སོགས་ལས་གྲུབ་པའི་སྐོར་གཡེང་རུ་ཁག་བཙུགས་པ་དང་། མི་ཐེངས་200ལྷག་ཙམ་གྱི་སྐོར་གཡེང་བྱེད་སྒོ་སྤེལ་ནས་འགལ་ཟླ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་ཞིབ་བཤེར་བྱས་ཡོད།

    དེ་དང་ཆབས་ཅིག་གྲོང་མིའི་གློག་སྤྱོད་བདེ་འཇགས་འགན་ལེན་བྱ་ཆེད། མནའ་མཐུན་བདེ་སྡོད་གླིང་སྡེ་ཁུལ་གྱིས་སྡོམ་ཐག་ལྟ་བུའི་གློག་སྐུད་བཅོས་སྒྲིག་གི་བྱ་སྤྱོད་ཧུར་ཐག་སྤེལ་ནས་གློག་གསོག་ས་7དང་གློག་སྡོང་320སྒྱུར་བཀོད་འཛུགས་སྐྲུན་བྱས་ཡོད། 2023ལོར་མནའ་མཐུན་བདེ་སྡོད་གླིང་སྡེ་ཁུལ་དེ་ཉིད་ལྷ་སའི་མེ་ཟོན་སྔོན་ཐོན་མཉམ་སྡེབ་ལ་བདམས་པ་རེད།

    ངག་དབང་ཚེ་རིང་གིས་སྤོས་སྦྱོར་རྩལ་ནུས་གསོ་སྦྱོང་སྒྲིག་འཛུགས་བྱས་ཤིང་། སྡེ་ཁུལ་གྱི་མི་50ལྷག་ཙམ་སྐུལ་སློང་བྱས་ནས་ཧུར་ཐག་ཞུགས་པ་དང་མང་ཚོགས་ལ་ཕྱུག་འགྱུར་གྱི་ཐབས་ལམ་གསར་པ་བཏོད་ཡོད། སྡེ་ཁུལ་གྱི“ཨུ་ལྷན་གཉིས”སྣེ་ཁྲིད་དེ་མང་ཚོགས་ཁྲོད་དུ་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། རིགས་ཕྱེ་ནས་རོགས་སྐྱོར་ཐབས་ཇུས་ལག་བསྟར་བྱས་པ། མང་ཚོགས་ལ་ལས་ཀ་འཚོལ་རོགས་བྱས་པ། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ཐད་ཁོང་གིས་རང་འགུལ་ངང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ནས་ཁེ་ལས་མང་པོ་དང་མཉམ་ལས་གཏིང་ཟབ་བྱས་པ་བརྒྱུད། རིག་གནས་དང་ཡུལ་སྐོར་ཐོན་ལས་རྣམ་གྲངས་གསར་སྤེལ་དང་། རིག་གནས་དང་ཡུལ་སྐོར་གྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཛུགས་པ། མ་རྐང་ནང་མ་དངུལ་གཏོང་བ་སོགས་ཀྱི་བྱ་ཐབས་ཐོག་ནས་འབབ་འཕར་ཕྱུག་འགྱུར་གྱི“འབྲེལ་ཟམ་གསར་པ”བསྐྲུན་པ་དང་། ལོ་ལྟར་མང་ཚོགས་ལ་བགོ་འགྲེམས་བརྒྱབ་སྟེ་འཕེལ་རྒྱས་ཀྱི་གྲུབ་འབྲས་གྲོང་མི་ཡོངས་ནས་ལོངས་སུ་སྤྱོད་ཐུབ་པ་བྱས་ཤིང་། 2024ལོར་སྒོར་ཁྲི་412.76བགོ་འགྲེམས་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།