ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཕྱོགས་བསྡུས་ལས་སྒོ་ཁོའོ།
ལྗང་མདོག་ཚོང་དོན་གྱི་གདོང་ལེན་རུ་ཁག་དང་ཁེ་ལས་ལ་ཞབས་འདེགས་ཞུ་བའི་གདོང་དམག་ཅིག
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཕྱོགས་བསྡུས་ལས་སྒོ་ཁོའོ་ཡིས་རང་འགན་ཐེག་པ་ཁུར་ལེན་ཧུར་ཐག་དང་། སྒྱུར་བཅོས་གསར་གཏོད་བྱེད་ཕོད་པ། ཁྲོམ་རར་བརྟག་ཞིབ་ཐེངས་མང་བྱས་ནས་ཚོང་དོན་གྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ། འགྲན་བསྡུར་དང་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པ། ཚད་བཀག་བཅད་གྲངས་ཡན་གྱི་ཚོང་དོན་ཚན་པ་སྐྱེད་སྲིང་ཧུར་ཐག་བྱས་ནས་ཁྲོམ་རའི་བྱེད་པོ་རྒྱ་སྟོབས་ཆེ་རུ་གཏོང་བ། “སྙིགས་མེད་ཚོང་ར”དང“ལྗང་མདོག་ཚོང་ར”བཏོད་ནས་ལས་རིགས་ཀྱི་དར་སྲོལ་ལ་ཁྲིད་སྟོན་བྱས་ཡོད། ལས་དོན་པས་ཁྲོམ་ར་ཁག་ཏུ་བསྐྱོད་དེ་ལྷག་བསམ་ཟོལ་མེད་ངང་ཁེ་ལས་ལ་ཞབས་འདེགས་ཞུས་ནས་དངོས་སྒྲུབ་ནུས་ཆེའི་ལས་དོན་སྒྲུབ་སྟངས་ལ་བརྟེན་ཏེ་ལྷ་ས་གྲོང་ཁྱེར་ཚོང་དོན་འཁོར་རྒྱུག་ཁྱབ་ཁོངས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
ཚད་བཀག་བཅད་གྲངས་མཐོ་རུ་གཏོང་བ་དང་མིང་ཐོའི་མཛོད་དུ་འཇུག་པའི་ལས་དོན་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་བབ་གནད་འཁེལ་ངང་འཚོལ་བ་དང་ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ལས་དོན་དེ་ཡག་པོ་སྒྲུབ་ཆེད་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཕྱོགས་བསྡུས་ལས་སྒོ་ཁོའོ་ཡིས་ཟླ་བ་མི་རེ་ངོ་རེ་ནས་ཉིན་7གྱི་དུས་ཚོད་སྤྱད་དེ་མི་སྣ་སྒྲིག་འཛུགས་བྱས་ཏེ་ཁྲོམ་ར་དང་ཁེ་ལས་སུ་བརྟག་ཞིབ་བྱེད་པར་བསྐྱོད་ཡོད། ལོ་འཁོར་མོར་ཁེ་ལས་300ལྷག་ཙམ་ལ་བསྐྱོད་ནས་དཀའ་ངལ་དངོས་སེལ་རོགས་བྱས་ཡོད། 2024ལོ་འཁོར་གྱི་གྲོང་ཁྱེར་ཡོངས་ཀྱི་ཚད་བཀག་བཅད་གྲངས་ཡན་གྱི་ཚོང་དོན་ཚན་པ་90མང་དུ་བཏང་ནས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུཌ་གསར་པ་སྦྱིན་ཡོད། 2024ལོར་གྲོང་ཁྱེར་ཡོངས་ཀྱི་ཚད་བཀག་བཅད་གྲངས་ཡན་གྱི་ཚོང་དོན་ཚན་པ་384ཡི་ཚད་བཀག་བཅད་གྲངས་ཡན་གྱི་འཛད་རྫས་སིལ་འཚོང་དངུལ་འབོར་སྒོར་དུང་ཕྱུར་168.94ཟིན་ཏེ་དུས་མཚུངས་ལས་8.7%འཕར་ཡོད། དེ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་དངུལ་འབོར་འཕར་ཚད་དེ་ཟླ་རེ་བཞིན་བརྟན་ཐོག་ཡར་འཕེལ་བྱུང་བ་མ་ཟད། དུས་ཡུན་རིང་པོར་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
ཚང་མའི་འབད་བརྩོན་འོག ལྷ་ས་གྲོང་ཁྱེར་གྱིས“སྙིཌ་མེད་ཚོང་ར”4དང“ལྗང་མདོག་ཚོང་ར”2 བོད་ལྗོངས་འགྱིག་ཤོག་བཀག་འགོག་དང་ཚོད་འཛིན་གྱི་ཚད་ལྡན་ཞིང་ཞོར་ཁྲོམ་ར་2དང་། ཁག་དང་པོའི“བོད་རང་སྐྱོང་ལྗོངས་ཀྱི་ལྗང་མདོག་བཟའ་བཏུང་གི་ཁེ་ལས”ལ་དཔྱད་འདེམས་བྱས་པའི་ཁེ་ལས་27བཅས་འཛུཌ་གཏོད་བྱེད་པར་རམ་འདེམས་བྱས་ཡོད། གཞན་ཡང་ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྔར་བར་འཕེལ་བར་བྱ་ཆེད། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཕྱོགས་བསྡུས་ལས་སྒོ་ཁོའོ་ཡིས་ད་དུང་ཚོང་དོན་ཚན་པའི་འགྲན་བསྡུར་དང་བྱེད་སྒོ་ཐེངས་9ཇུས་འགོད་ཞིབ་ཚགས་བྱས་ཏེ་ཕུལ་བྱུང་ཁེ་ལས་180ལྷག་ཙམ་ལ་བྱ་དགའ་སྒོར་ཁྲི་1164སྤྲད་ཡོད།