ཏང་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་ནས་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ།
རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱིས“གསར་གཉིས”རྩ་འཛུགས་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།
འདི་ནི་2024ལོའི་ཟླ་8པར། རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱིས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་རང་སྐྱོང་ལྗོངས་བུད་མེད་དང་བྱིས་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི“ཀྲུང་ཧྭའི་ཁྱིམ་སྲོལ་བཟང་པོའི”བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་ལྟ་སྐོར་བྱེད་པ།
2024ལོའི་ཟླ་6པར། རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ལས་ཁུངས་ཏང་ཨུད་ཀྱིས་ཀྲུང་གུང་བོད་རང་སྐྱོང་ལྗོངས་སི་ཁྲོན་ཚོང་ཚོགས་ཨུ་ཡོན་ལྷན་ཁང་དང་། ལྷ་ས་ཡོན་ཏཱ་ཨར་ལས་རྒྱུ་ཆ་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའུ། བོད་ལྗོངས་སྨན་ལས་ཏང་གི་སྤྱི་ཁྱབ་ཀྲི་པུའུ་བཅས་དང་མཉམ་དུ་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ“ཏང་དང་སྡེ་ཚོགས་མཉམ་སྐྲུན་གྱིས་བྱས་རྗེས་གསར་པ་འཇོག་པ་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱིས་འཕེལ་རྒྱས་མཉམ་དུ་དོན་གཉེར་བྱེད་པ—ཏང་དབུ་བརྙེས་ནས་ལོ་103འཁོར་བར་མཉམ་དུ་བསུ་བ་ཞུ་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། འདི་ནི་བྱེད་སྒོར་ཞུགས་མཁན་ཏང་ཡོན་ལས་བྱེད་པས་དྲན་རྟེན་པར་རྒྱག་བཞིན་པ།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱིས“ཆབ་སྲིད་ཀྱིས་སྣེ་ཁྲིད་བྱས་ནས་བློ་སྒྲིལ་སེམས་སྐྱེད་ལ་སྐུལ་འདེད་གཏོང་བ་དང་། ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱེད་པ། མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་ལས་བྱེད་པ་དང་མང་ཚོགས་བློ་ཡིད་ཚིམ་པར་བྱེད་པ”བཅས་ཀྱི་ལས་ཀའི་བསམ་ཕྱོགས་ཁ་གསལ་བཟོས་ནས།“མཉམ་འཛུགས་མཉམ་སྐྲུན་གྱིས་སེམས་པ་ཏང་ལ་ཕྱོགས་པ་དང་སེམས་ནུས་གཅིག་སྒྲིལ་གྱིས་འོད་སྟོང་གཏོད་པའི”ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་རྒྱུ་ཤུགས་རྒྱག་སར་བྱས་ཏེ“ཏང་འཛུགས་སྐྱོང+”གི་ལས་ཀའི་བྱ་ཐབས་གཏོད་པ་དང་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་དང་ཚོང(མཐུན་ཚོགས)ཚོགས་ཀྱི་ཏང་འཛུགས་སྐྱོང་གཞི་གཅིག་ཏུ་བཀོད་སྒྲིག་དང་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ། དཀའ་གནད་དང“ཞན་ཆ”སེལ་བ། ཏང་འཛུགས་སྐྱོང་ལས་དོན་ལ་རྒྱུན་མཐུད་བཀྲག་མདངས་འཚེར་བ་བཅས་བྱས་ནས་ཞབས་ཞུའི“བདེ་ཐང་གཉིས”ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད་པ་རེད།
“ཏང་འཛུགས་སྐྱོང་དང་སྣེ་ཁྲིད་ཟུང་འབྲེལ”བྱས་ཏེ་བློ་སྒྲིལ་སེམས་སྐྱེད་ཀྱིས་མཉམ་ཤུགས་ཆགས་པར་བྱས་པ།
2024ལོ་ཚུན། རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་བྱེད་པ་དེ་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོའི་ཆབ་སྲིད་སློབ་གསོའི“གྲོས་གཞི་དང་པོ”དང་ཁེ་ལས་པ་གསོ་སྦྱོང་གི“སློབ་ཚན་དང་པོར”བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སློབ་གསོ་དང་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་སྒོ་གཏིང་ཟབ་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད་པ་རེད།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ་དང་། ཕུགས་བསམ་དང་དད་སེམས་སློབ་གསོའི་བྱེད་སྒོ་རྒྱུན་དུ་སྤེལ་ཏེ། ཁོངས་གཏོགས་ཚོང(མཐུན་ཚོགས)ཚོགས་དང་ཚོགས་མིའི་ཁེ་ལས་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པ་17འཛུགས་གཏོད་བྱེད་པའི་སྙན་ཞུ་ཕུལ་ཡོད། དམངས་གཉེར་དཔལ་འབྱོར་མི་སྣ་སྒྲིག་འཛུགས་བྱས་ནས་ལྗོངས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བགྲོ་གླེང་འཛིན་གྲྭ་དང་། ལྗོངས་ཡོངས་ཀྱི་ཚོང(མཐུན་ཚོགས)ཚོགས་ཀྱི་འགན་འཁུར་བའི་གསོ་སྦྱོང་འཛིན་གྲྭ། བོད་རང་སྐྱོང་ལྗོངས་ཀྱི་ན་གཞོན་མི་རབས་ཀྱི་དམངས་གཉེར་ཁེ་ལས་པའི་ཕུགས་བསམ་དད་སེམས་སློབ་གསོའི་ཞ་མོན་སློབ་ཆེན་གྱི་གསོ་སྦྱོང་འཛིན་གྲྭ། བོད་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཚོགས་གཙོ་གཞོན་པའི་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བའི་ཆིང་ཧྭ་སློབ་ཆེན་གྱི་གསོ་སྦྱོང་འཛིན་གྲྭ། བོད་ཀྱི་དམངས་གཉེར་ཁེ་ལས་ཀྱི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་བའི་ཀྲུང་ཧྲན་སློབ་ཆེན་གྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་སོགས་གཉེར་ཡོད་པ་རེད།
དེ་དང་ཆབས་ཅིག་དམངས་གཉེར་ཁེ་ལས་པ་དང་ཚོང(མཐུན་ཚོགས)ཚོགས་ཀྱི་འགན་འཁུར་བ་རྒྱལ་ཡོངས་བཟོ་ཚོང་ལྷན་ཚོགས་ཀྱིས་གཉེར་བའི“བསམ་བློ་སློབ་སྦྱོང་དང་སྒྱུར་བཅོས་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱེད་པ”བརྗོད་དོན་གཙོ་བོར་བྱས་པ་དང་། རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ”བརྗོད་དོན་གཙོ་བོར་བྱས་པའི་དམངས་གཉེར་དཔལ་འབྱོར་མི་སྣའི་ཕུགས་བསམ་དད་སེམས་ཀྱི་སྙན་ཞུའི་ཚོགས་འདུར་ཞུགས་རྒྱུ་སྒྲིག་འཛུགས་བྱས་ཡོད། དམངས་གཉེར་དཔལ་འབྱོར་ཁྱབ་ཁོངས་ཀྱི་རིག་རྩལ་དགོང་ཚོགས་དང་། དེ་བཞིན“དམངས་གཉེར་ཁེ་ལས་ཀྱི་སློབ་ཁང་ཆེན་པོ”དང“དམངས་གཉེར་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་གི་སློབ་ཁང་ཆེན་པོའི”བྱེད་སྒོ་གཉེར་ཞིང་། རིམ་རྩིས་བརྒྱབ་ན་ཞུགས་མཁན་མི་ཐེངས་3000ལྷག་ཙམ་ཟིན་པ་དང་། སྲིད་གཙང་སློབ་གསོའི་རྟེན་གཞིར་ལྟ་སྐོར་དང་ཉེན་བརྡའི་སློབ་གསོའི་གློག་བརྙན་ལྟ་མཁན་མི་ཐེངས་3750ཟིན་ཡོད་པ་རེད།
“ཏང་འཛུགས་སྐྱོང་དང་ཞབས་ཞུ་ཟུང་འབྲེལ”བྱས་ཏེ་དམངས་གཉེར་ཁེ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ནུས་པ་བཏོན་པ།
ཐོག་མཐའ་བར་གསུམ་དུ་སྤུས་ཚད་མཐོ་བའི་ཞབས་ཞུའི“བདེ་ཐང་གཉིས”ཀྱི་གྲུབ་འབྲས་ལ་བརྟེན་ནས་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་བྱེད་པའི་ཕན་འབྲས་ལ་ཞིབ་དཔྱད་བྱས་ཡོད། “ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་དང་། བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་གལ་ཆེན”བརྗོད་དོན་གཙོ་བོར་བྱས་པའི་དྲིལ་བསྒྲགས་བྱེད་སྒོ་གཉེར་བ་དང་། “སྲིད་གཞུང་དང་ཁེ་ལས་ངོ་ཐུག་གདོང་འཕྲད་ཀྱིས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་སྐུལ་འདེད་གཏོང་བའི”བྱེད་སྒོ་གཉེར་བ། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་པ། 《དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་ཕྱོགས་བསྒྲིགས》བཀྲམ་པ་བཅས་བྱས་ཡོད། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མཉམ་དུ“དཔལ་འབྱོར་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ནས་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ”དང“དམངས་གཉེར་ཁེ་ལས་ཀྱིས་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་སྒྲིག་བསྐུར་ཁྲིམས་སྲུང་གི་དམངས་གཉེར་ཁེ་ལས་པ་བྱེད་པ”སོགས་ཀྱི་ཆེད་དོན་གསོ་སྦྱོང་བྱས་ཡོད། ཐོན་སྐྱེད་ནུས་ཤུགས་གསར་མའི་ཆེད་དོན་ཟུར་ཁྲིད་ཚོགས་འདུ་འཚོགས་ནས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་བྱ་ཐབས་བརྒྱུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ཐེངས་636བྱས་ཡོད་པ་རེད།
“ཏང་འཛུགས་སྐྱོང་དང་མཉམ་སྐྲུན་ཟུང་འབྲེལ”བྱས་ཏེ་ཏང་དམངས་མཉམ་འདྲེས་ངང་ཡར་རྒྱས་འགྲོ་བར་སྐུལ་འདེད་བཏང་བ།
གནད་དོན་དངོས་ཐག་གཅོད་བྱེད་པ་དང་། གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བ། ལས་བྱེད་པ་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བ་བཅས་ལ་དམིགས་ཤིང་། 2024ལོ་ཚུན། སྔ་རྗེས་སུ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་སྡེ་ཁུལ་དུ“འབྱོར་ཐོ་ཉིས་འགོད”ཐེངས་183བྱས་པ་དང་། རིམ་རྩིས་བརྒྱབ་ན་སྡེ་ཁུལ་གྱི་དང་བླངས་བྱེད་སྒོར་ཞུགས་མཁན་མི་ཐེངས་480ཟིན་པ། མེ་ཟོན་བདེ་འཇགས་ནང་སྦྱོང་དང་། འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས། “ཁྱིམ་དུ་བདེ་ཐང་དྲིལ་བསྒྲགས་བྱས་ནས་དམངས་སེམས་དྲོ་བ” སྤྲོ་འཕེལ་ལུས་རྩལ་འགྲན་བསྡུར། དྭངས་གསལ་དུས་ཚིགས་སུ་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོར་སྔོན་གཤེགས་དཔའ་བོར་རྗེས་དྲན། ཤིང་འཛུགས་ནགས་བཟོ་སོགས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྒྲིག་འཛུགས་བྱས་ཡོད་པ་རེད།
2024ལོར། རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་སྣེ་ཁྲིད་འོག ཚོང(མཐུན་ཚོགས)ཚོགས་ཀྱི་ཏང་ཀྲི་པུའུ་4གསར་དུ་བཙུགས་པ་དང་། ཏང་ཡོན་151གསར་དུ་འཕེལ་རྒྱས་བཏང་བ། མི་74ཏང་ཡོན་ངོ་མར་འགྱུར་བ། “གསར་གཉིས”རྩ་འཛུགས་ཀྱི་ཏང་རྩ་འཛུགས་19ཡི་སྐབས་བརྗེའི་ལས་དོན་ལེགས་གྲུབ་ཡོང་བར་སྐུལ་འདེད་བཏང་ཞིང་། རིམ་རྩིས་བརྒྱབ་ན་ཏང་ཞུགས་ཧུར་བརྩོན་ཅན་268གསོ་སྐྱོང་བྱས་པ་དང་། ཁོངས་གཏོགས་ཏང་རྩ་འཛུགས་3ལྗོངས་ཡོངས་ཀྱི“སྟོབས་ཆེ་གཉིས་དང་ལེགས་པོ་དྲུག”གི་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་ལ་བདམས་པ། ཚོང(མཐུན་ཚོགས)ཚོགས་ཀྱི་ཏང་འཛུགས་སྐྱོང་ཁྱབ་ཚད་98.59%ཟིན་ཡོད། དེ་དང་ཆབས་ཅིག་དམངས་གཉེར་ཁེ་ལས་ཀྱིས་འགན་འཁྲི་གཙང་སྒྲུབ་བྱེད་པར་ཁྲིད་སྟོན་བྱས་ཏེ“འཛུགས་གཏོད་བཞིར”རམ་འདེགས་བྱས་ནས“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་བའི”བྱ་སྤྱོད་སྐུལ་སྤེལ་ཚོགས་འདུ་འཚོགས་ཏེ། ཁེ་ལས་858གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་ཞུགས་རྒྱུར་སྐུལ་སློང་བྱས་ཤིང་། རིམ་རྩིས་བརྒྱབ་ན་སྲིད་འཛིན་གྲོང་ཚོ་984ཡི་མི་ཁྲི་2.7ལ་རོགས་སྐྱོར་བྱས་ཡོད་པ་རེད།