ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གིས་ན་གཞོན་ལས་བྱེད་པའི་གླེང་སྟེགས་གཉེར་བ།
ཁྲོམ་གཞུང་གི་ན་གཞོན་ལས་བྱེད་པའི་དབར་གྱི་སྤེལ་རེས་དང་སློབ་སྦྱོང་ལ་སྔར་བས་སྐུལ་འདེད་བཏང་ནས་ལས་བྱེད་པའི་དཔུང་ཁག་གི་ཕྱོགས་བསྡུས་བྱང་ཚད་དང་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གིས་ན་གཞོན་ལས་བྱེད་པའི་གླེང་སྟེགས་གཉེར་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ན་གཞོན་ལས་བྱེད་པའི་འཐུས་མི་8ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཁྲེང་ཀོན་ཆུས་ཀྱི“ཁུལ་ལྔ་འཛུགས་སྐྲུན”ལ་རམ་འདེགས། “འཇོན་པོ་ལྔ་ལྡན་གྱི་ལས་བྱེད་པ”གསོ་སྐྱོང་། གཞི་རིམ་བཅོས་སྐྱོང་གི“འདུ་འགོད་ལྔ”དོན་འཁྱོལ་བྱེད་པ་སོགས་མིག་སྔའི་གཙོ་གནད་ལས་དོན་ལ་དམིགས་ནས། རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ཉམས་མྱོང་དང་བྱ་ཐབས་སྤེལ་རེས་དང་། ལས་ཀའི་གྲུབ་འབྲས་བསྡུར་བ། རང་ཉིད་ཀྱི་མྱོང་ཚོར་གླེང་བ། ཐུན་མོང་ཡར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པ་རེད། ཁོང་ཚོས་གསོན་ཉམས་ལྡན་པའི་ལས་ཀའི་དཔེ་མཚོན་རེ་རེ་ནས་འགོ་བཙུགས་ཏེ་དཀའ་ངལ་ལ་ཁ་གཏད་གཅོག་པའི་སྙིང་སྟོབས་དང་། གནད་དོན་ཐག་གཅོད་བྱེད་པའི་ཐམས་ལམ། ལས་དོན་གསར་གཏོད་བྱེད་པའི་བསམ་ཕྱོགས་བཅས་དོན་སྙིང་ཟབ་ལ་གོ་བདེ་པོས་འགྲེལ་བཤད་བརྒྱབ་པ་རེད།
ད་ཐེངས་ཀྱི་གླེང་སྟེགས་བྱེད་སྒོས་ན་གཞོན་ལས་བྱེད་པར་རང་ཉིད་ངོས་འཛིན་དང་། ནུས་པ་ཆེར་གཏོང་། བཀག་རྒྱ་སྒྲོལ་བ་བཅས་ཀྱི་གོ་སྐབས་མཁོ་འདོན་བྱས་ཡོད། ཁྲོམ་གཞུང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་མུ་མཐུད་དོན་དངོས་དང་ཟུང་འབྲེལ་གྱིས“ལྟེ་བ་གཅིག་དང་། གཞི་འཛིན་ས་གཉིས། སྐུལ་སྤེལ་གསུམ”བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་གཏིང་ཟབ་ཏུ་གཏོང་བ་དང་། “འཇོན་པོ་ལྔ་ལྡན་གྱི་ལས་བྱེད་པ”གསོ་སྐྱོང་བྱ་རྒྱུ་དེ་དམིགས་ཚད་ལ་འཛིན་པ། ཁྲོམ་གཞུང་གི་ན་གཞོན་ལས་བྱེད་པར་སློབ་སྦྱོང་མཉམ་སྤྱོད་དང་། སྤེལ་རེས་མཐོར་གཏོང་། ལག་ལེན་འགྲན་བསྡུར་བཅས་ཀྱི་ལས་སྟེགས་རྒྱུན་མཐུད་ཡག་པོ་སྐྲུན་པ་བཅས་བྱས་ནས། སྤེལ་རེས་ཀྱི་གྲུབ་འབྲས་དེ་ཁྲེང་ཀོན་འཛུགས་སྐྲུན་ལ་སྐུལ་འདེད་དེ་བས་ཡག་པོ་གཏོང་བའི་འཕེལ་རྒྱས་ཀྱི་ཕན་འབྲས་སུ་ཏན་ཏིག་འགྱུར་བ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།